དེ་རིང་ནི2025ལོའི་ཟླ05པའི་ཚེས24ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་གྱིས2025ལོའི་བོད་རབ་རྒྱན་ཤིང་མོ་སྦྲུལ་ལོའི་ལོ་གསར་ཇ་སྟོན་ཚོགས་འདུ་འཚོགས།

2025-02-27 15:42:00   |   1475

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ2པའི་ཚེས27ཉིན། མཚོ་བྱང་ཁུལ་གྱིས2025ལོའི་བོད་རབ་རྒྱན་ཤིང་མོ་སྦྲུལ་ལོའི་ལོ་གསར་ཇ་སྟོན་ཚོགས་འདུ་འཚོགས། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཆན་གོ་ཆིན། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཀྲུང་ཀྲི་ཅུན། ཁུལ་གྱི་ཚན་ཁག་ཆེན་མོ་བཞིའི་ཁྱིམ་དུ་སྡོད་པའི་ཁུལ་རིམ་པའི་མགོ་ཁྲིད་དང་དེ་བཞིན་ཁུལ་རིམ་པའི་ལས་བྲལ་ལས་འཁྱུར་ངལ་གསོ་བྱས་པའི་མགོ་ཁྲིད་ཁག་ཅིག་བཅས་ཇ་སྟོན་ལ་ཞུགས། ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ནམ་དྲིལ་སྒྲོག་པུའི་པུ་ཀྲང་སུན་ཞུས་ཙུང་གིས་ཤིས་ཚིག་ཕུལ། ཁུལ་དཔོན་གཞོན་པ་ཧན་ཧྲིས་གཙོ་སྐྱོང་གནང་།

སུན་ཞིའུ་ཙུང་གིས་ཁུལ་ཡོངས་ཀྱི་བོད་རིགས་སྤུན་ཟླ་དང་དེ་བཞིན་བོད་ཀྱི་ལོ་གསར་ལ་མཉམ་རོལ་བྱེད་མཁན་གྱི་མི་རིགས་ཁག་གི་སྤུན་ཟླ་ཚོར་དུས་ཆེན་གྱི་འཚམས་འདྲི་དང་མཛེས་སྡུག་ལྡན་པའི་སྨོན་འདུན་ཞུས། ཁོང་གིས་སྨྲས་པ། 2024ལོར་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་བྱས་པ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་གཉིས་པ་དང་གསུམ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ། ཞིང་ཆེན་ཨུ་ལྷན་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་རབ་དང་རིམ་པ་དོན་འཁྱོལ་ནན་ཏན་བྱས་ཏེ།“243”འཕེལ་རྒྱས་བཀོད་པ་དང“ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་གསུམ”གྱི་ལས་འགན་ལ་དམིགས་ནས། ནུས་ཤུགས་ཡོད་རྒྱུས་དཀའ་གནད་ཁྱད་བསད་དང་། འཕེལ་རྒྱས་ཇུས་འགོད། དོན་འཁྱོལ་སྐུལ་འདེད་བཅས་བྱས་པས།“མཚོ་བྱང་ལྔ་”ཡི་འཛུགས་སྐྲུན་ལ་ཉེ་བའི་ལོ་ཤས་རིང་གྲུབ་འབྲས་ལེགས་པོ་ཐོབ་ཡོད། འདི་ནི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཚན་རིག་དང་མཐུན་པ་ཡིས་ཁྲིད་སྟོན་བྱས་པའི་འབྲས་བུ་ཡིན་ལ། ཞིང་ཆེན་དང་ཁུལ་ཨུའི་མགོ་ཁྲིད་བརྟན་པོ་དང་། ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་འབད་བརྩོན་ཧུར་ཐག་བྱས་པའི་འབྲས་བུ་ཡིན། ཁུལ་ཨུ་ལྷན་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་ཐོག་རང་སྐྱོང་ཁུལ་འཕེལ་རྒྱས་གཏོང་བའི་འཆར་འགོད་ལེགས་པོ་བཟོས་ཡོད་ཅིང་། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་དུས་དང་རྣམ་པ་ཀུན་ཏུ་བློ་ལ་བརྟན་པོར་བཅངས་ནས་འབད་བརྩོན་ལྷོད་མེད་དང་། ཡིད་ཆེས་བརྟན་པོ། དངོས་སྒྲུབ་ཡར་བརྩོན་བཅས་ཀྱིས་ཀྲུང་གོ་རྣམ་པའི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་གྱི་མཚོ་བྱང་ལེའུ་ཧུར་ཐག་གིས་རྩོམ་དགོས།  

ཁུལ་ཐད་གཏོགས་ཀྱི་འབྲེལ་ཡོད་སྡེ་ཚན་དང་མདའ་བཞི་རྫོང་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་ཞུགས་ཡོད། ཁུལ་ཡོངས་ཀྱི་བཟོ་ཚོང་ལས་རིགས་དང་ཆོས་ལུགས་ལས་རིགས་ཀྱི་འཐུས་མི། རྒྱལ་ཡོངས་ངལ་རྩོལ་དཔེ་བཟང་དང་ཀུན་སྤྱོད་དཔེ་བཟང་། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་ཐོན་ཐུན་མོང་གི་འཐུས་མི་དང་མི་སྒེར། ཨོ་རྩལ་འགྲན་ཚོགས་ཀྱི་ཨང་དང་པོ་ཐོབ་མཁན་ནམ་མཚོ་བྱང་ཁུལ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་དྲིལ་སྒྲོག་ཕོ་ཉ་ཆོས་དབྱིངས་སྐྱིད་སོགས་ཞུགས་ཡོད། རིག་རྩལ་ལས་དོན་པས་ངོ་མཚར་ཆེ་བའི་ལེ་ཚན་འཁྲབ་སྟོན་བྱས།   


མཉམ་སྤྱོད།