དེ་རིང་ནི2025ལོའི་ཟླ05པའི་ཚེས24ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཚོགས་ཡུན་ཉིན6རེད། གྲོས་རིམ་ཐོན་འདུག

2025-03-03 16:31:18   |   727

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


 རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཟླ3པའི་ཚེས3ཉིན་གྱི་ཕྱི་དྲོར་འཚོགས། ཚོགས་ཆེན་གྱི་གསར་འགྱུར་མགྲིན་ཚབ་པ་ལིའུ་ཅེ་དབྱི་ཡིས་ཀྲུང་གོ་དང་ཕྱི་རྒྱལ་གྱི་སྨྱན་སྦྱོར་ལ་ད་ཐེངས་ཀྱི་ཚོགས་ཆེན་གྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་དང་འབྲེལ་གསར་འགོད་པའི་དྲི་བར་ལན་བཏབ།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་ཚོགས་ཡུན་ཉིན6རེད།

ལིའུ་ཅེ་དབྱིས་ངོ་སྤྲོད་བྱས་པར་གཞིགས་ན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པ་ཟླ3པའི་ཚེས4ཉིན་གྱི་ཕྱི་དྲོའི་ཆུ་ཚོད3པར་མི་དམངས་ཚོགས་ཁང་ཆེན་མོར་མགོ་རྩོམ་རྒྱུ་ཡིན་པ་དང་ཟླ3པའི་ཚེས10ཉིན་གྱི་སྔ་དྲོར་མཇུག་སྒྲིལ་རྒྱུ་རེད། ཚོགས་ཡུན་ཉིན་དྲུག་རེད།

ད་ཐེངས་ཀྱི་སྲིད་གྲོས་ཚོགས་ཆེན་གྱི་གྲོས་རིམ་གཙོ་བོ།

ལིའུ་ཅེ་དབྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཚོགས་ཆེན་གྱི་གྲོས་རིམ་གཙོ་བོ་ནི། རྒྱལ་ཡོངས་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུ་དང་གྲོས་གཞིའི་གནས་ཚུལ་སྙན་ཞུར་ཉན་པ་དང་གྲོས་ཞིབ་བྱེད་པ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པར་ཟུར་ཞུགས་བྱས་ནས་སྲིད་གཞུང་གི་ལས་དོན་སྙན་ཞུ་དང་དེ་བཞིན་འབྲེལ་ཡོད་སྙན་ཞུ་གཞན་དག་ལ་ཉན་པ་དང་གྲོས་བསྡུར་བྱེད་པ། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་ཆབ་སྲིད་གྲོས་ཆོད་དང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུའི་སྐོར་གྱི་གྲོས་ཆོད། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པ་ཚུན་གྱི་གྲོས་གཞིའི་ལས་དོན་གནས་ཚུལ་སྙན་ཞུའི་སྐོར་གྱི་གྲོས་ཆོད། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་གྲོས་གཞིར་ཞིབ་བཤེར་བྱས་ཚུལ་སྐོར་གྱི་སྙན་ཞུ་བཅས་ལ་གྲོས་ཞིབ་དང་བརྡས་ཐག་གཅོད་པ་བཅས་ཡིན།

ད་ཐེངས་ཀྱི་སྲིད་གྲོས་ཚོགས་ཆེན་ལ་མགོ་རྩོམ་ཚོགས་འདུ་དང་། མཇུག་སྒྲིལ་ཚོགས་འདུ། ཚོགས་ཆེན་གྱི་གཏམ་བཤད་ཐེངས་གཉིས་བཅས་བཀོད་སྒྲིག་བྱས་ཡོད།

ལིའུ་ཅེ་དབྱིས་ཚོགས་ཆེན་ལ་མགོ་རྩོམ་ཚོགས་འདུ་དང་། མཇུག་སྒྲིལ་ཚོགས་འདུ། ཚོགས་ཆེན་གྱི་གཏམ་བཤད་ཐེངས་གཉིས་བཀོད་སྒྲིག་བྱས་ཡོད་ཅིང་། ཨུ་ཡོན་བཅའ་སྡོད་བྱ་ཡུལ་དུ་ལས་རིགས་ཁག་གི་ཚོགས་ཆུང་ཚོགས་འདུ་ཐེངས་མང་དང་། ད་དུང་ལས་རིགས་ཁག་གི་གྲོས་མོལ་ཚོགས་འདུ་བཀོད་སྒྲིག་བྱས་ཡོད་ལ། མགོ་རྩོམ་ཚོགས་འདུ་དང་། མཇུག་སྒྲིལ་ཚོགས་འདུར་ཀྲུང་གོར་བཅའ་སྡོད་བྱས་པའི་ཕྱི་རྒྱལ་གྱི་གཞུང་ཚབ་པ་ཟུར་ཉན་བྱེད་པར་གདན་འདྲེན་ཞུས་ཡོད་ཟེར།

སྲིད་གྲོས་ཚོགས་ཆེན་གྱིས“ཨུ་ཡོན་བགྲོད་ལམ”ཞེས་པའི་བཅར་འདྲིའི་བྱེད་སྒོ་ཐེངས་3བཀོད་སྒྲིག་བྱས་ཡོད།

ལིའུ་ཅེ་དབྱིས་ངོ་སྤྲོད་བྱས་པར་གཞིགས་ན། དེ་རིང་གི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཕུད།“ཨུ་ཡོན་བགྲོད་ལམ”ཞེས་པའི་བཅར་འདྲིའི་བྱེད་སྒོ་ཐེངས3བཀོད་སྒྲིག་བྱས་ཡོད་ལ། ཨུ་ཡོན་རྣམས་བཅའ་སྡོད་བྱ་ཡུལ་ཚང་མར་བཅར་འདྲི་ཁང་བཙུགས་ཡོད། ཚོགས་ཆེན་དྲུང་ཡིག་ཁྲུའུ་ཡི་གསར་འགྱུར་ཚོགས་ཆུང་དང་བཅའ་སྡོད་བྱ་ཡུལ་གྱི་གསར་འགྱུར་འབྲེལ་གཏུག་མི་སྣས་ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པར་བཅར་འདྲིའི་ཞབས་ཞུ་ཧུར་ཐག་མཁོ་འདོན་བྱ་རྒྱུ་རེད། ཁོང་གིས་རྒྱལ་ཡོངས་སྲིད་གྲོས་གཞུང་དོན་དྲ་བའི་གསར་འགྱུར་ལྟེ་གནས་ཀྱིས་ཚོགས་ཆེན་གྱི་འབྲེལ་ཡོད་བཀོད་སྒྲིག་དང་། ཡིག་ཆ་གཙོ་བོ། དཔྱད་གཞིའི་ཆ་འཕྲིན་བཅས་ཁྱབ་བསྒྲགས་བྱ་རྒྱུ་ཡིན་པས་ཚང་མས་དུས་ཐོག་ཏུ་དོ་ཁུར་གནང་རོགས། ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པས་ཡུལ་དངོས་དང་དྲ་རྒྱ། བརྙན་ལམ། ཁ་པར་བཅར་འདྲི་སོགས་བྱེད་ཐབས་སྣ་ཚོགས་བརྒྱུད་དེ་སྲིད་གྲོས་ཚོགས་ཆེན་གྱི་གནས་ཚུལ་སྤེལ་བར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བཤད།


མཉམ་སྤྱོད།