དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་སྔོན་ཞིང་ཆེན་གྱིས་རིམས་ནད་འགོག་སྡོམ་བྱ་བའི་གྲོས་ཚོགས་བསྡུས།

2023-01-06 09:22:13   |   124

རྩོམ་སྒྲིག  སངས་དོན།   ཡོང་ཁུངས།  མཚོ་སྔོན་ཞིན་རེའི་ཚགས་པར།   ལོ་ཙཱ།  རིན་ཆེན་མཚོ། 


ཟླ1ཚེས4ཉིན་གྱི་སྔ་དྲོར། རྒྱལ་ཡོངས་རིམས་ནད་འགོག་སྡོམ་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་གྲོལ་རྗེས། རང་ཞིང་གིས་མྱུར་དུ་ཞིང་ཆེན་ཡོངས་ཀྱི་རིམས་ནད་འགོག་སྡོམ་བྱ་བའི་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིམས་ནད་འགོག་སྡོམ་བྱ་བའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་པ་དང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དོན་འཁྱོལ་ནན་མོ་བྱས་ལ། རང་ཞིང་གི་རིམས་ནད་འགོག་སྡོམ་སྤྱི་ཁོག་གི་གནས་བབ་ལ་དབྱེ་ཞིབ་བརྡར་གཅོད་བྱས་པ་དང་། གོ་རིམ་རྗེས་མའི་བྱ་བར་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གིས་གཏམ་བཤད་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱས། གྲོས་ཚོགས་ཀྱི་སྔོན་དུ།  ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གཉིས་ཀྱིས་ཉེ་དུས་ཀྱི་ཞིང་ཆེན་ཡོངས་ཀྱི་རིམས་ནད་འགོག་སྡོམ་བྱ་བའི་གནས་ཚུལ་ལ་ཉན།

ཁྲིན་ཀང་གིས་གཏམ་བཤད་སྐབས་བསྟན་དོན། ལོ་གསུམ་རིང་གི་འགོག་སྡོམ་ཐད་ནས་བླངས་པའི་གྲུབ་འབྲས་ཆེན་པོར་ངོས་འཛིན་གཏིང་ཟབ་བྱེད་པ་དང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱེད་པ། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་རིམས་འགོག་འགུལ་སྐྱོད་སྤེལ་བ། ཚད་ཆེས་ཆེ་བའི་སྒོ་ནས་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ལ་སྲུང་སྐྱོང་བྱེད་པ། ཚད་ཆེས་ཆེ་བའི་སྒོ་ནས་རིམས་ནད་ཀྱིས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་བཟོས་པའི་གནོད་པ་ཇེ་ཆུང་དུ་གཏོང་བ་བཅས་བྱས་ནས། རིམས་ནད་འགོག་སྡོམ་སྲིད་ཇུས་ལེགས་སྒྱུར་བྱེད་ཆེད་དུས་ཚོད་རྩ་ཆེན་བརྩོན་ལེན་བྱས་པ་དང་ཆ་རྐྱེན་བཟང་བོ་བསྐྲུན། ལག་ལེན་ལས་ར་སྤྲོད་བྱས་པ་ལྟར་ན། རང་རྒྱལ་གྱི་རིམས་ནད་འགོག་སྡོམ་གྱི་སྲིད་ཇུས་བྱེད་ཕྱོགས་ནི་ཧ་ཅང་ཡང་དག་ཡིན་པ་དང་། འགོག་སྡོམ་བྱེད་ཐབས་ནི་ཚན་རིག་དང་མཐུན་པ་དང་ཕན་པ་ལྡན་ལ། འགོག་སྡོམ་ཕན་འབྲས་ནི་འཛམ་གླིང་སྟེང་ཆེས་བཟང་བ་མཐོང་ཐུབ། ཞིང་ཆེན་གོང་འོག་ཡོངས་ཀྱིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་བྱས་པ་དང་། ཁག་ཁུར་འབད་འཐབ་དང་དཀའ་ཁག་ཁྱད་སེལ་བྱས་ཏེ། གྲུབ་འབྲས་ལྡན་པའི་བྱ་བ་མང་པོ་བསྒྲུབས་པ་དང་། གྲུབ་འབྲས་བཟང་བོ་བླངས་ལ། དེར་ཁས་ལེན་གང་ལེགས་བྱེད་འོས།

ཁྲིན་ཀང་གིས་ནན་གྱིས་བསྟན་དོན། བསམ་བློ་དང་བྱ་སྤྱོད་གཉིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིམས་ནད་འགོག་སྡོམ་བྱ་བའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སྟེང་གཅི་གྱུར་བྱེད་པ་དང་། ཏང་ཀྲུང་དབྱང་གི་མིག་སྔར་གྱི་རིམས་ནད་སྐོར་གྱི་གནས་བབ་བརྡར་གཅོད་དང་བཀོད་སྒྲིག་རེ་བར་ཕྱོགས་ཡོངས་ནས་རྒྱུས་ལོན་དང་ལག་བསྟར་ཡང་དག་དང་ཆ་ཚང་བྱེད་པ། བདེ་ཐང་ལ་འགན་སྲུང་དང་ནད་ལྕི་མོ་འགོག་བཅོས་བྱེད་རྒྱུ་དེ་སྔར་ལས་འབུར་ཐོན་གྱི་གོ་གནས་སུ་འཇོག་པ། གནད་དོན་གྱི་ཁྲིད་ཕྱོགས་དང་དམིགས་འབེན་གྱི་ཁྲིད་ཕྱོགས། གྲུབ་འབྲས་ཀྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ། འགོས་མཆེད་བྱེད་ཚད་ཆེ་བ་དང་ནད་ལྕི་མོ་བྱུང་ཚད་ཆེ་བའི་དུས་སྐབས་ལ་དམ་དུ་དམིགས་པ། སྨན་བཅོས་སྲོག་སྐྱོབ་དང་གཙོ་གནད་མི་ཚོགས། རོང་འབྲོག་ཁུལ་གྱི་འགན་སྲུང་ལ་དམ་དུ་དམིགས་ནས། ཚན་རིག་དང་མཐུན་པ་དང་གནད་ལ་འཁེལ་བ། ཕན་འབྲས་ལྡན་པའི་སྒོ་ནས་དུས་རིམ་གསར་བའི་འགོག་སྡོམ་བྱ་བ་བཟང་བོར་བསྒྲུབ་དགོས། སྨན་བཅོས་སྲོག་སྐྱོབ་བྱ་བ་མུ་མཐུད་དུ་བཟང་བོར་བསྒྲུབ་པ་དང་། ཚ་རྒྱས་སྒོ་བསྟེན་རྒྱ་སྐྱེད་པ། ནད་པ་དང་ལེན་བྱེད་པའི་ནུས་པ་མཐོར་འདེགས་གཏོང་བ། ཉལ་ཁྲི་མང་པོ་གྲ་སྒྲིག་བྱེད་། སྨན་བཅོས་མི་སྣ་མོད་པོ་ཆ་སྡེབས་བྱས་ཏེ། གཞི་རིམ་སྨན་བཅོས་ཞབས་ཞུའི་འདོན་སྤྲོད་ལ་ཤུགས་སྣོན་དགོས། སྨན་བཅོས་དངོས་ཟོག་ཉོ་སྒྲུབ་དང་སྐྱེལ་འདྲེན། ལྟ་ཞིབ་བྱེད་ཤུགས་ཇེ་ཆེར་བཏང་ནས། གནད་ཕིགས་གཏོང་སྤྲོད་ལ་ཤུགས་སྣོན་དགོས། ལོ་ལོན་དང་ཉམས་ཞན། ནད་པ། དབང་བོ་སྐྱོན་ཅན། བྱིས་པ་དང་སྦྲུམ་མ། རྨང་གཞིའི་ནད་བྱུང་བའི་གཙོ་གནད་མི་ཚོགས་ཀྱི་འགོག་སྲུང་དང་མྱུར་སྐྱོབ་ལ་ཤུགས་སྣོན་པ་དང་། དམིགས་བསལ་མི་ཚོགས་ཀྱི་མྱུར་སྐྱོབ་བགྲོད་ལམ་འཛུགས་དགོས། རོང་འབྲོག་ཁུལ་གྱི་རིམས་ནད་འགོག་སྡོམ་དང་སྨན་བཅོས་འགན་སྲུང་བྱ་བ་བཟང་བོར་བསྒྲུབ་པ་དང་། གཞི་རིམ་རིམས་ནད་འགོག་སྡོམ་མ་ལག་འཐུས་ཚང་དུ་བཏང་སྟེ། སྨན་བཅོས་མྱུར་སྐྱོབ་དང་སྨན་རྫས་མཁོ་འདོན་ལ་འགན་སྲུང་བྱེད་དགོས། སྨན་བཅོས་མི་སྣར་དོ་སྣང་དང་སེམས་ཁུར་བྱས་ནས། གཟིགས་སྐྱོང་སྲིད་ཇུས་སྣ་ཚོགས་ལག་བསྟར་བཟང་བོ་བྱེད་དགོས།

ཁྲིན་ཀང་གིས་ནན་གྱིས་བསྟན་དོན། འགོ་ཁྲིད་ཀྱི་མཉམ་ཤུགས་གྲུབ་པར་ཤུགས་སྣོན་པ་དང་། བྱ་བ་དམ་འཛིན་བྱེད་པ་དང་རྒྱུར་རིམ་དང་གྲུབ་འབྲས་ལ་དོ་སྣང་བྱེད་པ། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་འགན་ཁུར་མི་སྣ་གཙོ་བོས་འགན་འཁྲི་ཕྲག་ཏུ་ལེན་པ། རང་ས་ཆའི་རིམས་ནད་གནས་བབ་དང་སྨན་བཅོས་མྱུར་སྐྱོབ་ནུས་པ། དམིགས་བསལ་མི་ཚོགས་ཀྱི་ཞུ་གཏུག་སོགས་ཐད་ནས་གྲངས་ཀ་གསལ་བོ་དང་གནས་ཚུལ་གསལ་བོ་བྱེད་པ། ཕན་འབྲས་མཐོ་བའི་སྒོ་ནས་བཀོད་གཏོང་གཅིག་འདོམས་བྱས་ཏེ། སྔོན་དུ་བཀོད་འདོམས་བྱེད་དགོས། འབྲེལ་ཡོད་སྡེ་ཁག་གིས་སྲིད་ཇུས་ཀྱི་འགྲེལ་ཀློག་ལ་ཤུགས་སྣོན་པ་དང་། མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་གནད་དོན་ལ་ཕྱིར་ལན་འདེབས་པ། ཉེན་ཁ་འགོག་སྲུང་དང་ཁ་གཏད་བཟང་བོར་འཇལ་བ། སྟོབས་ཤུགས་ཡོད་རྒུས་ཆུ་གློག་སྣུམ་རླངས་སོགས་གཙོ་གནད་ལས་རིགས་རྒྱུན་ལྡན་སྒོས་འཁོར་རྒྱུག་བྱེད་པར་འགན་སྲུང་བྱེད་པ། གཙོ་གནད་ཁེ་ལས་དང་ལས་གཞི་ཆེན་པོ་འཛུགས་སྐྲུན་ལ་འགན་སྲུང་བྱེད་པ། ཚོང་རའི་གཙོ་གཞིའི་དཀའ་ཁག་སེལ་བར་རོགས་བྱས་ནས། འཛད་སྤྱོད་སླར་གསོ་དང་དཔལ་འབྱོར་མགྱོགས་མྱུར་སྒོས་སླར་གསོ་ཇེ་བཟང་དུ་འགྲོ་བར་སྐུལ་འདེད་གཏོང་དགོས།

ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱས་ནས་གཏམ་བཤད་སྐབས་བསྟན་དོན། བསམ་བློ་དང་བྱ་སྤྱོད་གཉིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་བྱེད་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་རེ་བ་ལྟར། གཙོ་གནད་ལས་འགན་ལག་བསྟར་ནན་མོ་བྱེད་དགོས། ངོས་འཛིན་མཐོར་འདེགས་བཏང་སྟེ་ལག་བསྟར་དམ་འཛིན་བྱེད་པ་དང་། ལོ་གསུམ་རིང་གི་རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་འདོམས་བྱེད་པའི་ཐད་ནས་བླངས་པའི་གྲུབ་འབྲས་ཆེན་པོ་ལ་ཁས་ལེན་གང་ལེགས་བྱེད་པའི་ཁྲོད་ཡིད་ཆེས་དང་ཆོད་སེམས་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། པྲོག་གསར་གློ་ཚད་རིམས་ནད་ཐད་ནས་ཁ་རིགས་འགོས་ནད་ལ་ཁ་རིམ་པའི་དོ་དམ་བྱེད་ཐབས་སྤྱོད་པའི་བྱ་བའི་གཙོ་གནད་བསྒྱུར་བ་དང་འགོག་སྡོམ་བྱེད་ཐབས་ལེགས་བསྒྱུར་བྱེད་པའི་ཁྲོད་འགན་འཁྲི་འདུ་ཤེས་དང་བྲེལ་མྱུར་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་གཏོང་བ། བདེ་ཐང་ལ་འགན་སྲུང་བྱེད་པ་དང་ནད་ལྕི་མོ་འགོག་བཅོས་བྱེད་པའི་བྱ་བའི་དམིགས་འབེན་ཁྲོད་ཚད་མཐའི་བསམ་བློ་སྔར་ལས་བརྟན་པོ་འཛུགས་པར་རྒྱུས་ལོན་གང་ལེགས་བྱེད་པ། རིམས་ནད་འགོག་སྡོམ་གནས་བབ་ལ་དཔྱད་འཇོག་དང་དབྱེ་ཞིབ་བརྡར་གཅོད་བྱེད་པའི་ཁྲོད་བྱ་བའི་ཚན་རིག་རང་བཞིན་དང་གནད་ཕིགས་རང་བཞིན་སྔར་ལས་ཇེ་དྲག་ཏུ་བཏང་སྟེ། རྒྱུས་ལོན་གསལ་བོ་བྱེད་པ་དང་བྱེད་ཐབས་བཟང་བོ་སྤྱོད་པ། འགུལ་སྐྱོད་ཐད་ནས་ཤུགས་ལྡན་པར་བྱེད་དགོས། གཙོ་གནད་འབུར་དུ་ཐོན་པར་བྱས་ནས་ལག་བསྟར་དམ་འཛིན་བྱེད་པ་དང་། ནད་ལྕི་མོ་བྱུང་བའི་ནད་པ་མྱུར་སྐྱོབ་བྱེད་རྒྱུ་དེ་སྔར་ལས་གལ་ཆེ་བའི་གོ་གནས་སུ་འཇོག་པ། འགག་སྒོ་སྔོན་བསྣུར་གྱི་མྱུར་སྐྱོབ་རྒྱུན་འཁྱོངས་བྱེད་པ། ནད་ལྕི་མོའི་ཐོན་ཁུངས་འགན་སྲུང་ལ་ཤུགས་སྣོན་པ། འཕྲལ་བསྟུན་སྨན་བཅོས་ཀྱི་མྱུར་སྐྱོབ་བགྲོད་ལམ་གེགས་མེད་བྱས་ནས། སྨན་བཅོས་དངོས་ཟོག་གཙོ་བོའི་གྲབས་གསོག་མཁོ་འདོན་ཇེ་དྲག་ཏུ་གཏོང་དགོས། ལོ་ལོན་དང་ནད་པ། དབང་བོ་སྐྱོན་ཅན། བྱིས་པ། སྦྲུམ་མ་སོགས་གཙོ་གནད་མི་ཚོགས་ཀྱི་འགོག་སྲུང་དང་མྱུར་སྐྱོབ་འགན་སྲུང་བྱ་བ་བཟང་བོར་བསྒྲུབ་པ་དང་། རྒན་གསོ་ལས་ཁུངས་དང་སྤྱི་ཚོགས་ཕན་བདེ་ལས་ཁུངས། སློབ་གྲྭ་དང་སློབ་སྔོན་སློབ་གསོ། ཁེ་ལས་ཆེན་པོ་སོགས་ཀྱི་མི་སྣ་འདུ་རུབ་བྱེད་སའི་ལས་ཁུངས་གཙོ་བོའི་འགོག་སྡོམ་བྱ་བ་བཟང་བོར་བསྒྲུབ་དགོས། ཞིང་སྡེ་འབྲོག་ཁུལ་གྱི་རིམས་ནད་འགོག་སྡོམ་ལ་ཧ་ཅང་མཐོང་ཆེན་བྱེད་པ་དང་། སྨན་བཅོས་ཐོན་ཁུངས་ཞིང་སྡེ་འབྲོག་ཁུལ་དུ་སྤྱོད་པར་སྐུལ་འདེད་གཏོང་བ། ཁུལ་བགོས་མུ་འབྲེལ་ས་ཆའི་རོགས་སྐྱོར་དང་འགན་ལེན་འགན་སྲུང་འབྲེལ་འདྲིས་ཞབས་ཞུ་རྐྱེན་སྲོལ་འཛུགས་པ། བདེ་ཐང་ཤེས་བྱའི་ཚན་རྩལ་ཁྱབ་གདལ་དྲིལ་སྒྲོག་ལ་ཤུགས་བསྣན་ནས། མང་ཚོགས་ཀྱིས་རང་ཉིད་བདེ་ཐང་གི་འགན་འཁྲི་མི་སྣ་དང་པོ་བྱེད་པར་སྣེ་ཁྲིད་བྱེད་དགོས། འགན་འཁྲི་གཏན་ཁེལ་བྱས་ནས་ལག་བསྟར་དམ་འཛིན་བྱེད་པ་དང་། ཁོངས་གཏོགས་ས་ཆའི་འགན་འཁྲི་དང་གཙོ་གཞི་འགན་འཁྲི་ཕྲག་ཏུ་ལེན་པ། ལས་བགོས་འགན་ཁུར་དང་མཐུན་སྦྱོར་གཞོགས་འདེགས་བྱེད་པ། བྱ་བ་སྣ་ཚོགས་སྔར་ལས་བཟང་བོ་དང་མགྱོགས་པོར་བསྒྲུབས་ནས། རིམས་ནད་འགོག་སྡོམ་བྱེད་ཐབས་ལེགས་སྒྲིག་ཐད་ནས་བརྟན་བརླིང་གོ་རིམ་ལྡན་པ་དང་སྤྱི་ཚོགས་ཡོངས་ཀྱི་འཆམ་མཐུན་གཏན་འཇགས་ལ་ཁག་ཐེག་བྱེད་པ་དང་། བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་བྱེད་དགོས།

ཞིང་ཆེན་གྱི་འགོ་ཁྲིད་ཁྲིན་རུའེ་ཧྥིན་དང་ཚེ་རིང་ཐར། ཝུའུ་ལ་ཙི་པེ་ཁི.རིག་སུའུ་ལིས་ཧྭན། ཀྲུའུ་ཞང་ཧྥིན། ཁོང་ཡུང་། ལིས་ཧོང་ཡ་བཅས་གྲོས་ཚོགས་ལ་ཞུགས།


མཉམ་སྤྱོད།