དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་དང་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུས་བར་མཉམ་ལས་གྲོས་མཐུན་བཞག

2023-01-06 08:49:49   |   138

རྩོམ་སྒྲིག  སངས་དོན།   ཡོང་ཁུངས།  གངས་ལྗོངས་འཕྲིན་གསར། 


ཟླ1པོའི་ཚེས5ཉིན། མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུས་དང་མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་སྨན་བཅོས་འགན་སྲུང་བྱ་བའི་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་ལ་གན་རྒྱ་འཇོག་པའི་མཛད་སྒོ་འཚོགས་ཤིང་། ཞིང་ཆེན་སྨན་བཅོས་འགན་བཅོལ་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅིའམ་ཅུས་ཀྲང་ལིས་ཡུང་ཕིན་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཚབ་མ་ཤ་བོ་སྐྱབས་གཉིས་ཀྱིས་སོ་སོར་ཤིས་ཚིག་ཕུལ། ཞིང་ཆེན་སྨན་བཅོས་འགན་སྲུང་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཝུའུ་ཧྲི་ཝུན་དང་ཁུལ་དཔོན་གཞོན་པ་དབྱིན་མོ་ཝུན་གཉིས་ཀྱིས་གན་རྒྱར་མིང་རྟགས་བཀོད། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་ཨ་ཁྱུང་གིས་གན་རྒྱ་འཇོག་པའི་མཛད་སྒོ་གཙོ་སྐྱོང་གནང་།    

1672966328126939.jpg

ཐེངས་འདིའི་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་གན་རྒྱ་འཇོག་པའི་དམིགས་ཡུལ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཁྱོན་ཡོངས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་ལྷག་པར་དུ་མཚོ་སྔོན་དང་མཚོ་བྱང་ལ་རྟོག་ཞིབ་གནང་སྐབས་ཀྱི་བླང་བྱ་གལ་ཆེན་དོན་འཁྱོལ་བྱེད་པ་དང་། སྨན་བཅོས་འགན་སྲུང་གིས་ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་བའི་ནུས་པ་གལ་ཆེན་དང་དམངས་འཚོ་འགན་སྲུང་གི“བདེ་འཇགས་དྲ་བ”དང“བརྟན་བརླིང་འཕྲུལ་ཆས”བཅས་ཀྱི་ནུས་པ་འདོན་སྤེལ་བྱེད་པར་གཞི་ཚུགས་ཏེ། སྨན་བཅོས་འགན་སྲུང་ཅུས་དང་ཁུལ་བར་མཉམ་སྐྲུན་གྱི་མཛའ་གྲོགས་མཉམ་ལས་འབྲེལ་བ་སྔར་ལས་གཏིང་ཟབ་ཏུ་བཏང་བ་བརྒྱུད་དེ་སྨན་བཅོས་འགན་སྲུང་བྱ་བ་དེ་ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་དེ་བས་མཉམ་འདྲེས་ཐུབ་པར་བྱས་ནས་ཞིང་ཆེན་དང་ཁུལ་གྱིས“དེང་རབས་ཅན་གྱི་མཚོ་སྔོན་གསར་བ་དྲུག”དང“མཚོ་བྱང་ལྔ”འཛུགས་སྐྲུན་བྱེད་པའི་ལེའུ་གསར་བ་ཞིག་གཏོད་ཆེད་སྨན་བཅོས་འགན་སྲུང་གི་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་དེ་རེད།    

1672966347158517.jpg

ལིས་ཡུང་ཕིན་གྱིས་གཅིག་ནས་མཉམ་ལས་ཀྱི་འབྲེལ་ཟམ་མཉམ་དུ་འཛུགས་དགོས་པ་སྟེ། སྨན་བཅོས་འགན་སྲུང་ཁོངས་གཏོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས། ཐོག་མཐའ་བར་གསུམ་དུ“མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ”རྒྱུན་འཁྱོངས་བྱས་ཏེ། བློ་བརྟན་འགྱུར་མེད་ངང་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་། མང་ཚོགས་ཀྱི་ཁུར་བོ་ཡང་དུ་གཏོང་བ། དམངས་འཚོའི་བདེ་སྐྱིད་ཆེ་རུ་གཏོང་བ་བཅས་ལ་འབད་བརྩོན་བྱེད་དགོས་ལ། དམིགས་ཡུལ་གཅིག་པའི་ང་ཚོའི་མཉམ་ལས་ལེགས་འགྲུབ་ཡོང་བར་ཡིད་ཆེས་ཡོད། གཉིས་ནས་ཞབས་ཞུའི་ལམ་བུ་མཉམ་དུ་འདིང་དགོས་པ་སྟེ། མ་འོངས་པའི་མཉམ་ལས་ཁྲོད་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུས་ཀྱིས་མདུན་སྐྱོད་ཞབས་ཞུ་དང་ཞིང་ཆེན་རིམ་པའི་ལས་སྟེགས་ལ་བརྟེན་ནས། ཞིང་ཆེན་དང་ཁུལ་མཉམ་འགུལ་ལེགས་སྒྲུབ་བྱས་ཏེ་ཐུན་མོང་ཐོག་ཕྱུག་འགྱུར་དང་དམངས་འཚོ་འགན་ལེན་ཁྲོད་ཀྱི་སྨན་བཅོས་འགན་སྲུང་གི་ནུས་པ་གལ་ཆེན་འདོན་སྤེལ་ཏན་ཏིག་བྱ་དགོས་པ་དང་། མཚོ་བྱང་ཁུལ་སྨན་བཅོས་འགན་སྲུང་བྱ་བའི་སྲིད་ཇུས་དང་ཤེས་ལྡན་མི་སྣ། མ་དངུལ། ལག་རྩལ་སོགས་ཐད་རྒྱབ་སྐྱོར་སྔར་བས་མང་པོ་བྱས་ཏེ། མཚོ་བྱང་ཁུལ་དང་མཉམ་དུ་ཕྱོགས་ཡོངས་དང་ཁྱབ་ཁོངས་མང་བ། རིམ་པ་ཟབ་པ་བཅས་ཀྱི་འཐབ་ཇུས་མཉམ་ལས་འབྲེལ་བ་རིམ་བཞིན་བཙུགས་ནས་མཚོ་བྱང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། གསུམ་ནས་འཕེལ་རྒྱས་ཀྱི་འཆར་གཞི་མཉམ་དུ་འགོད་དགོས་པ་སྟེ། རང་རྒྱལ་གྱི་དཔལ་འབྱོར་མགྱོགས་མྱུར་འཕར་བ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་མཚམས་སུ་བསྒྱུར་བ་དང་བསྟུན་ནས། མི་དམངས་མང་ཚོགས་ཀྱིས་སྣ་མང་ཅན་དང་རིམ་པ་མང་བ། སྤུས་ཚད་མཐོ་བ་བཅས་ཀྱི་སྨན་བཅོས་འགན་སྲུང་གི་དགོས་མཁོ་ཇེ་ཆེར་འགྲོ་བཞིན་ཡོད་ལ། དེས་ང་ཚོས་ཡང་འབད་བསྐྱར་འབད་དང་རང་འགུལ་ངང་བྱས་རྗེས་འཇོག་དགོས་པ་ཐག་གཅོད་བྱས་ཡོད། ཕྱོགས་གཉིས་ཀས་ཐེངས་འདིར་གན་རྒྱ་འཇོག་པ་གོ་སྐབས་སུ་བྱས་ཏེ། ཕྱོགས་གཉིས་ཀས་ཐུན་མོང་ཐོག་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ལ་དུས་བཀག་གི་འབྲེལ་བ་དང་རྒྱུན་རྣམ་གྱི་འབྲེལ་གཏུག་བྱེད་པའི་བྱ་བའི་རྐྱེན་སྲོལ་འཛུགས་རྒྱུའི་རེ་བ་ཡོད། ཕན་ཚུན་བར་གྱི་དོ་ཁུར་གནད་སྨིན་སྦྲེལ་མཐུད་བྱེད་པ་དང་འཐབ་ཇུས་མཉམ་ལས་ཀྱི་སྒྲོམ་གཞི་གཞི་འཛིན་སར་བྱས་ཏེ། མཉམ་ལས་དེ་ཞིབ་ཕྲའི་ལས་གཞིའི་ཐོག་དོན་འཁྱོལ་དང་ཞིབ་ཕྲའི་བྱ་བའི་ཁྲོད་དོན་འཁྱོལ་བྱས་ཏེ་སྨན་བཅོས་འགན་སྲུང་བྱ་བའི་མཉམ་ལས་བྱེད་སྟངས་གསར་བ་ཐུན་མོང་ཐོག་འཚོལ་ཞིབ་བྱེད་དགོས་པ་ནན་གྱིས་བསྟན།

1672966385159819.jpg

ཤ་བོ་སྐྱབས་ཀྱིས་གཅིག་ནས་ཆབ་སྲིད་ལ་མཐོང་ཆེན་དང་ཁྱོན་ཡོངས་ལ་ལྟ་རྟོག་བྱེད་དགོས་པ་སྟེ། ཐེངས་འདིར་གྲོས་མཐུན་བཞག་པ་དེས་སྨན་བཅོས་འགན་སྲུང་དོ་དམ་སྒྲིག་སྲོལ་བཅོས་བསྒྱུར་ཟབ་སྤེལ་བྱ་རྒྱུའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་དང་། བསམ་བློ་དང་བྱ་སྤྱོད་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱས་ནས་བཅོས་སྒྱུར་ལ་རྒྱབ་སྐྱོར་ཧུར་ཐག་དང་ཁྱོན་ཡོངས་ལ་བརྩི་འཇོག གྲོས་མཐུན་ནང་གི་ཕྱོགས་ལྔའི་བྱ་བར་ནུས་ཤུགས་ཡོད་རྒུས་གཞོགས་འདེགས་ཡག་པོ་བཅས་བྱས་ཏེ་བསམ་ཕྱོགས་མི་ནོར་བ་དང་བྱ་བ་ཟམ་མི་ཆད་པ། ངར་ཤུགས་མི་ཆག་པ་བཅས་ཀྱི་འགན་ལེན་བྱས་ནས་ཐེངས་འདིའི་བཅོས་སྒྱུར་ལས་འགན་སྤུས་ཚད་མཐོན་པོས་དོན་འཁྱོལ་ཐུབ་པའི་འགན་ལེན་བྱེད་དགོས། གཉིས་ནས་འགན་འཁྲི་འཁུར་བ་དང་ལེའུ་གསར་བ་རྩོམ་དགོས་པ་སྟེ། ཐེངས་འདིའི་གྲོས་མཐུན་གྱིས་མཚོ་བྱང་གི་སྨན་བཅོས་འགན་སྲུང་བྱ་བར་དཀྲིས་པའི་འགན་འཁྲི་གསར་བ་དང་ལས་འགན་གསར་བར་གོ་བ་གཏིང་ཟབ་བླངས་ནས་གྲོས་མཐུན་འཇོག་རྒྱུ་དེ་མགོ་འཛུགས་ས་གསར་བར་བརྩིས་ནས་འགན་འཁྲི་གསར་བ་འཁུར་བ་དང་བྱས་རྗེས་གསར་བ་འཇོག་པ། ལས་ཁུར་གསར་བ་ལག་བསྟར་ནན་ཏན་བྱེད་པ། མི་དམངས་མང་ཚོགས་ཀྱི“ན་དུས་སྨན་བཅོས་ཐུབ་པའི”ཐོག་མའི་བསམ་འདུན་སྲུང་སྐྱོབ་ཡག་པོ་བྱེད་པ། མི་དམངས་མང་ཚོགས་ཀྱིས་སྤུས་ཚད་དེ་བས་མཐོ་བའི་འཚོ་བ་དོན་གཉེར་བྱེད་པའི་འགན་ལེན་བཅས་བྱས་ནས་དུས་རབས་གསར་བའི་མཚོ་བྱང་གི་སྨན་བཅོས་འགན་སྲུང་བྱ་གཞག་འཕེལ་རྒྱས་ཀྱི་ལེའུ་གསར་བ་མུ་མཐུད་དུ་རྩོམ་དགོས། གསུམ་ནས་བཅོས་བསྒྱུར་ལ་སྐུལ་འདེད་དང་དམངས་འཚོར་ཕན་པ་སྐྲུན་དགོས་པ་སྟེ། སྨན་བཅོས་འགན་སྲུང་ལས་བྱེད་པ་ཡོངས་ཀྱིས་མགོ་རྩོམ་ས་གསར་བ་ནས་ལམ་ལ་ཆས་ཕོད་པའི་བློ་སྟོབས་དང་། གཞན་གྱི་སྔོན་ལ་སྐྱོད་ཕོད་པའི་ངར་ཤུགས། འབད་འབུངས་ཡར་བརྩོན་གྱི་རྣམ་པ་བཅས་ལ་བརྟེན་ནས་སྨན་བཅོས་འགན་སྲུང་ལམ་ལུགས་བཅོས་སྒྱུར་བྱ་རྒྱུ་སྒུལ་ཤུགས་སུ་འཛིན་རྒྱུ་རྒྱུན་འཁྱོངས་ཀྱིས་ལྷོད་གཡེང་དུ་མི་གཏོང་བར་སྤྱོད་ཚུལ་ལེགས་གཏོང་དང་བཅོས་སྒྱུར་ལ་སྐུལ་འདེད། ཞབས་ཞུ་ལེགས་གཏོང་བཅས་བྱས་ཏེ་རིམ་པ་མང་བ་དང་ཁྱབ་ཁོངས་ཆེ་བའི་སྨན་བཅོས་འགན་སྲུང་ཞབས་ཞུའི་མ་ལག་གང་མགྱོགས་སྒོས་བཙུགས་ནས་བྱ་སྤྱོད་དངོས་ཀྱི་ཐོག་ནས“སྨན་ལྔ་མཉམ་འགུལ”བྱེད་པའི་བཅོས་སྒྱུར་དང“བདེ་ཐང་མཚོ་བྱང”འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན།  

1672966417209556.jpg

གན་རྒྱ་འཇོག་པའི་མཛད་སྒོ་མཇུག་སྒྲིལ་རྗེས། ལིས་ཡུང་ཕིན་འཁོར་དང་བཅས་པ་རྐང་ཚ་རྫོང་དུ་རྟོག་ཞིབ་གནང་བར་ཕེབས་ཤིང་། དེའི་རྗེས་རྐང་ཚ་རྫོང་སྨན་བཅོས་འགན་སྲུང་སྡེ་ཁག་དང་མཉམ་དུ་སྨན་བཅོས་འགན་སྲུང་ཐེབས་རྩའི་ལྟ་སྐུལ་དོ་དམ་དང་ཀྲུང་བོད་ལུགས་གསོ་རིག་སྨན་རྫས་ཐོན་ལས། སྒྲུབ་གཉེར་ཞབས་ཞུའི་ལྟེ་གནས་ལམ་ལུགས་ཅན། ཚད་ལྡན་ཅན་འཛུགས་སྐྱོང་སོགས་ཀྱི་བྱ་བའི་ཐད་བརྗེ་རེས་གཏིང་ཟབ་གནང་།    


མཉམ་སྤྱོད།