དེ་རིང་ནི2024ལོའི་ཟླ09པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་སྲིད་གཞུང་གི་ཏང་ཙུའུ་ཡི་ཚོགས་འདུ་དང་རྒྱུན་ལས་ཚོགས་འདུ་སྔ་རྗེས་སུ་འཚོགས། ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་།

2023-01-07 19:18:26   |   143

རྩོམ་སྒྲིག   སངས་དོན།      ཡོང་ཁུངས། གངས་ལྗོངས་འཕྲིན་གསར།


ཟླ1པོའི་ཚེས5ཉིན། མཚོ་བྱང་ཁུལ་སྲིད་གཞུང་གི་ཏང་ཙུའུ་ཡི་ཧྲུའུ་ཅིའམ་ཁུལ་དཔོན་ཚབ་མ་ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་ནས་ཁུལ་སྲིད་གཞུང་གི་ཏང་ཙུའུ་ཡི་ཚོགས་འདུ་ཐེངས30བ་དང་རྒྱུན་ལས་ཚོགས་འདུ་ཐེངས28པ་འཚོགས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི2023ལོའི་ལུགས་གསར་ལོ་སར་གྱི་ཤིས་ཚིག་དང་། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་དམངས་གཙོ་འཚོ་བའི་ཚོགས་འདུའི་དགོངས་དོན་སློབ་སྦྱོང་བྱས་ཤིང་། ཁུལ་ཨུའི་བྱ་བའི་བླང་བྱ་དོན་འཁྱོལ་དང་འབྲེལ་ཡོད་བྱ་བར་ཞིབ་འཇུག་བྱས།

1673090505201418.jpg

ཚོགས་འདུའི་ཐོག ཁུལ་སྲིད་གཞུང་གི་ཏང་ཙུའུ་ཡི་ཚོགས་འདུ་ཐེངས28པ་དང29བ། དེ་བཞིན་རྒྱུན་ལས་ཚོགས་འདུ་ཐེངས27པ་བཅས་ཀྱི་ཐོག་བཀོད་སྒྲིག་གནང་བའི་བྱ་བ་སྒྲུབ་པའི་གནས་ཚུལ་ཁྱབ་བརྡ་བཏང་། ཚོགས་འདུའི་ཐོག བསམ་བློའི་ངོས་འཛིན་སྔར་ལས་མཐོ་རུ་གཏོང་བ་དང་། བྱ་བའི་བཀོད་སྒྲིག་ལ་ཤུགས་སྣོན་པ། སྒྲུབ་འགན་འཁུར་བའི་འགན་ཁུར་དང་སྒྲུབ་གཉེར་ཚད་གཞི། སྙན་ཞུའི་དུས་ཚད་བཅས་ཁ་གསལ་བཟོས་ནས་སྒྲུབ་གཉེར་དོན་འཁྱོལ་ལ་སྐུལ་འདེད་གཏོང་དགོས་ཤིང་། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་གནད་དོན་ཐག་གཅོད་བྱ་རྒྱུ་དེ་བྱ་བར་དམ་འཛིན་ཡག་པོ་བྱེད་པའི་ལྟེ་བར་བརྩིས་ནས་མཐུན་སྦྱོར་འབྲེལ་གཏུག་ལ་ཤུགས་སྣོན་པ་དང་གནད་དོན་ཐག་གཅོད་བྱ་རྒྱུར་ཤུགས་སྣོན་པ།  དོན་དག་སྒྲུབ་སྐུལ་བྱ་བའི་རྩིས་ཁྲ་འཐུས་ཚང་དུ་གཏོང་བ་དང་ཐོ་འགོད་དོ་དམ། ནན་ཏན་ངང་སྒྲུབ་གཉེར་བཅས་བྱས་ནས་འབྲེལ་ཡོད་ཡིག་ཆ་ཞུ་འབུལ་བྱེད་དགོས་པའི་བླང་བྱ་བཏོན།   

1673090526749982.jpg

ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི2023ལོའི་ལུགས་གསར་ལོ་སར་གྱི་ཤིས་ཚིག་ལ་སློབ་སྦྱོང་བྱས། ཚོགས་འདུའི་ཐོག བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་ཏན་ཏིག་ཡོང་བར་བྱེད་པ་དང་། དེའི་ཁྲོད་ཀྱི་གཏིང་ཟབ་པའི་བསམ་གཞིག་དང་དོན་སྙིང་ཤེས་རྟོགས་ཐུབ་པ། འདས་ཟིན་པའི་ལོ་གཅིག་རིང་གི་གྲུབ་འབྲས་གལ་ཆེན་དང་རྩ་ཆེའི་ཉམས་མྱོང་སྟངས་འཛིན་ནན་མོ་བྱེད་པ། འཕེལ་རྒྱས་ཀྱི་ཡིད་ཆེས་སྔར་ལས་བརྟན་དུ་གཏོང་བ། ཞུམ་མེད་མདུན་སྐྱོད་དང་འབད་འབུངས་ཡར་བརྩོན་གྱི་མི་དམངས་ཀྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་བ། “གནས་བཞི”འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་སུ་གཏོང་བ་བཅས་བྱས་ནས“དེང་རབས་ཅན་གྱི་མཚོ་སྔོན་གསར་བ་དྲུག”འཛུགས་སྐྲུན་བྱེད་པའི་མཚོ་བྱང་གི་ལེའུ་ནུས་ཤུགས་ཡོད་རྒུས་རྩོམ་དགོས་ལ། ན་གཞོན་རྣམས་ལ་ཁྱིམ་ཚང་དང་རྒྱལ་ཁབ་ལ་བཅངས་པའི་བརྩེ་སེམས་ཟབ་ཏུ་གཏོང་བ་དང་ཡར་བརྩོན་གྱི་གཤིས་རྒྱུད་བཟང་བོ་སྐྱེད་སྲིང་བྱས་ནས་ལང་ཚོའི་འབད་འཐབ་དེ་ཏང་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་བྱ་གཞག་ནང་མཉམ་འདྲེས་ཐུབ་པར་བྱས་ཏེ། མི་རིགས་བསྐྱར་དར་གྱི་འགྲན་ལམ་ཐོག་དཔའ་ངར་ཆེན་པོས་སྔོན་སྐྱོད་པ་བརྩོན་ལེན་བྱེད་དགོས་པར་སྐུལ་ལྕག་གནང་དགོས་པའི་བླང་བྱ་བཏོན།    

1673090542107545.jpg

ཚོགས་འདུའི་ཐོག ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་དམངས་གཙོ་འཚོ་བའི་ཚོགས་འདུའི་དགོངས་དོན་སློབ་སྦྱོང་བྱས། ཚོགས་འདུའི་ཐོག ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་དམངས་གཙོ་འཚོ་བའི་ཚོགས་འདུ་ཡིས་ཏང་ཡོངས་ལ་མིག་དཔེ་དང་དཔེ་སྟོན་བྱས་ཡོད།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ནི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ལ་བཏོན་པའི་བླང་བྱ་གསལ་བོ་ཡིན་ལ།  རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པར་བཏོན་པའི་བླང་བྱ་གལ་ཆེན་ཡང་ཡིན་པས། ང་ཚོས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་།  མགོ་ཁྲིད་ཚན་ཁག་ལེགས་སྐྱོང་ལ་སྐུལ་འདེད་གཏོང་བར་བརྩི་སྲུང་བྱེད་ས་གལ་ཆེན་ཞིག་འདོན་སྤྲོད་བྱས་ཡོད་པར་བསྟན། ཚོགས་འདུའི་ཐོག ཁུལ་སྲིད་གཞུང་གི་ཚན་ཁག་གི་ཁོངས་མིས་བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་ཏན་ཏིག་ཡོང་བར་བྱེད་པ་དང་།  སྣེ་ཁྲིད་དེ་དར་ཆ་གསལ་སྒྲེང་གིས་ཆབ་སྲིད་ལ་དང་དོད་དང་། རང་འགུལ་གྱིས་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་མགོ་ཁྲིད་སྲུང་སྐྱོང་། “གཏན་ཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་ངོས་འཛིན་གཏིང་ཟབ། “འདུ་ཤེས་བཞི”ཆེ་རུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱས་ཏེ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན། ཞིང་ཆེན་ཏང་ཨུའི་ལག་བསྟར་བྱ་ཐབས་བཅས་ལག་བསྟར་ནན་ཏན་བྱེད་དགོས་ཤིང་།  ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བློ་སྟོབས་གཅིག་ཏུ་སྒྲིལ་རྒྱུ་རྒྱུན་འཁྱོངས་བྱས་ནས་ལྷག་བསམ་རྣམ་དག་ངང་ཏང་ལ་དགའ་ཞེན་དང་དུས་དང་རྣམ་པ་ཀུན་ཏུ་ཏང་ལ་སེམས་ཁྲལ། བློ་བརྟན་འགྱུར་མེད་ངང་ཏང་ལ་སྲུང་སྐྱོང་།  ནུས་ཤུགས་ཡོད་རྒུས་ཏང་དར་རྒྱས་གཏོང་བ། ཏང་ཀྲུང་དབྱང་གི་བྱེད་ཕྱོགས་སྲིད་ཇུས་དང་བྱ་བའི་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་བཏོན་པའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་མཚོ་བྱང་དུ་དོན་འཁྱོལ་བྱ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་ལ། ད་ལོའི་དམངས་གཙོ་འཚོ་བའི་ཚོགས་འདུའི་བརྗོད་དོན་ལྟར། “སྣེ་ཁྲིད་བརྒྱད”ཀྱི་བླང་བྱ་དང་ཞིབ་བསྡུར་བྱས་ཏེ། དུས་ཚིགས་དང་བླང་བྱ་ལྟར་ཚོགས་འདུ་འཚོག་སྟེ། ཚོགས་འདུ་དེ་ངོས་འཛིན་གཅིག་མཐུན་ཡོང་བ་དང་མཐུན་སྒྲིལ་འབད་འཐབ། ལས་སྒྲུབ་ལས་གཏོད། དོན་འཁྱོལ་དམ་འཛིན་བཅས་བྱེད་པའི་ཚོགས་འདུ་ཞིག་ཏུ་འགྱུར་བར་འགན་ལེན་ཏན་ཏིག་བྱ་དགོས་པའི་བླང་བྱ་བཏོན།

1673090558119716.jpg     

        ཚོགས་འདུའི་ཐོག《མཐོན་པོ་སྒང་གསར་བརྗེ་ཞིབ་འཇུག་སློབ་སྦྱོང་རྟེན་གཞིའི་ཕྱོགས་བསྡུས་ཞབས་ཞུ་དང་དེ་བཞིན་འབྲེལ་ཡོད་སྒྲིག་བཀོད་འཛུགས་སྐྲུན་སྐོར་གྱི་ཇུས་གཞི》དང 《མཚོ་བྱང་ཁུལ་གྱི་ཕྱོགས་བསྡུས་སྨན་བཅོས་བཅོས་སྒྱུར་གྱི་གཙོ་གནད་བྱ་བ་སྔར་ལས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》 《མཚོ་བྱང་ཁུལ་གྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་བཅོས་སྒྱུར་གྱི་ཆེད་སྤྱོད་མ་དངུལ་དོ་དམ་གྱི་གནས་སྐབས་ལག་བསྟར་བྱ་ཐབས》 《མཚོ་བྱང་ཁུལ་གྱི་ཀྲུང་བོད་ལུགས་གསོ་རིག་བྱ་གཞག་འཕེལ་རྒྱས་ལ་སྔར་ལས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》 《མཚོ་བྱང་ཁུལ་གཞུང་བཙུགས་སྨན་ཁང་གི་གཙོ་གནད(ཁྱད་ལྡན)ཆེད་ལས་ཚན་ཁག་ལ་བྱ་དགའ་སྤྲོད་ཐབས》 《མཚོ་བྱང་ཁུལ་གཞུང་བཙུགས་སྨན་ཁང་གི་རང་བརྟེན་ངང་ཆེད་ལས་ལག་རྩལ་མི་སྣ་བསྡུ་བའི་ལས་གནས་ཀྱི་གླ་ཕོགས་དོ་དམ་བྱ་བའི་ཇུས་གཞི》 《མཚོ་བྱང་ཁུལ་གྱི་སྨན་བཅོས་འཕྲོད་བསྟེན་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་བྱེད་པའི་ལག་བསྟར་བསམ་འཆར》 《འཇུ་ལག་རྫོང་གི་ཚགས་དམ་རྣམ་པའི་སྨན་བཅོས་གཞི་གཅིག་ཅན་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》སོགས་འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས་པ་དང་འབྲེལ་རྩ་དོན་ཐོག་གྲོས་འཆམ་བྱུང་ནས་ཁུལ་ཨུ་ལ་གྲོས་ཞིབ་གནང་བར་འབུལ་དགོས་པའི་བླང་བྱ་བཏོན།   

1673090584660159.jpg

        ཚོགས་འདུའི་ཐོག 《མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གི་གལ་ཆེའི་སྲིད་འཛིན་ཐབས་ཇུས་གོ་རིམ་གྱི་གནས་སྐབས་ལག་བསྟར་བྱ་ཐབས》དང《མཚོ་བྱང་ཁུལ་གྱི་འཆར་ལྡན་བུ་བཙའི་བྱ་དགའི་གཟིགས་སྐྱོང་སྲིད་ཇུས་ཀྱི་གཏན་འབེབས》སོགས་དོན་ཚན་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་སྟེ། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ལས་ཁུར་ལྟར་ལག་བསྟར་དོན་འཁྱོལ་བྱ་རྒྱུར་དམ་འཛིན་གང་ལེགས་བྱ་དགོས་པའི་བླང་བྱ་བཏོན།   

 ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་སློབ་སྦྱོང་དང་ཞིབ་འཇུག་བྱས།


མཉམ་སྤྱོད།