དེ་རིང་ནི2024ལོའི་ཟླ09པའི་ཚེས17ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་སྲིད་གཞུང་ཁོངས་གཏོགས་ཀྱིས2022ལོར་གསར་དུ་བསྐོ་གཞག་བྱས་པའི་རྫོང་རིམ་པ་གཞོན་པའི་མགོ་ཁྲིད་ལས་བྱེད་པའི་རྩ་ཁྲིམས་དམ་བཅའ་འཇོག་པའི་ཚོགས་ཆེན་དང་ཁྲིམས་ལུགས་ཤེས་བྱའི་རྟོག་འཇལ་བྱས།

2023-01-07 19:29:44   |   142

རྩོམ་སྒྲིག  སངས་དོན།      ཡོང་ཁུངས།  གངས་ལྗོངས་འཕྲིན་གསར།


ཟླ1པོའི་ཚེས5ཉིན། མཚོ་བྱང་ཁུལ་སྲིད་གཞུང་གིས་ཁུལ་སྲིད་གཞུང་གི་སྡེ་ཁག་སོ་སོ་དང་ལས་ཁུངས་སོ་སོ་སྒྲིག་འཛུགས་བྱས་ནས2022ལོར་གསར་དུ་བསྐོ་གཞག་བྱས་པའི་རྫོང་རིམ་པ་གཞོན་པའི་མགོ་ཁྲིད་ལས་བྱེད་པའི་རྩ་ཁྲིམས་དམ་བཅའ་འཇོག་པའི་ཚོགས་ཆེན་དང་ཁྲིམས་ལུགས་ཤེས་བྱའི་རྟོག་འཇལ་བྱས།    ཚོགས་འདུའི་ཐོག གསར་དུ་བསྐོ་གཞག་བྱས་པའི་ཁུལ་སྲིད་གཞུང་གི་ལས་བྱེད་མགོ་ཁྲིད34ཡིས་རྒྱལ་དར་དང་རྒྱལ་རྟགས་ལ་ཁ་ཕྱོགས་ནས་རྩ་ཁྲིམས་དམ་བཅའ་བཞག་པ་དང་བློ་མཐུན4ཡིས་གཏམ་བཤད་སྤེལ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཚབ་མ་ཤ་བོ་སྐྱབས་དམ་བཅའ་འཇོག་པའི་ཚོགས་ཆེན་ལ་ཕེབས་པ་དང་འབྲེལ་གསུང་བཤད་གནང་། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་དམ་བཅའ་འཇོག་པར་ལྟ་སྐུལ་གནང་ཞིང་། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་སོ་སོ་དང་དྲུང་ཡིག་ཆེན་མོ་ཚོགས་འདུར་ཞུགས། 

1673091087553752.jpg

ཤ་བོ་སྐྱབས་ཀྱིས་རྩ་ཁྲིམས་དམ་བཅའ་འཇོག་པའི་ཚོགས་ཆེན་དང་ཁྲིམས་ལུགས་ཤེས་བྱའི་རྟོག་འཇལ་བྱེད་པའི་དམིགས་ཡུལ་ནི་གསར་དུ་བསྐོ་གཞག་བྱས་པའི་མགོ་ཁྲིད་ལས་བྱེད་པས་ཁྲིམས་ལུགས་ཁྲིམས་སྲོལ་ཤེས་བྱར་ངེས་ཤེས་བྱེད་ཚད་དང་བཀོལ་སྤྱོད་ཆུ་ཚད་ལ་ཞིབ་བཤེར་བྱ་རྒྱུ་དེ་ཡིན་ལ། རང་ཁུལ་གྱི་སྤྱོད་ཚུལ་ལེགས་སྐྱོང་ལ་འགྱུར་ལྡོག་གཏོང་བའི་བྱེད་སྒོ་གལ་ཆེན་ཞིག་ཀྱང་ཡིན། རྩ་ཁྲིམས་དམ་བཅའ་འཇོག་པའི་མཛད་སྒོ་དང་ཁྲིམས་ལུགས་ཤེས་བྱའི་རྟོག་འཇལ་བྱ་བ་བརྗིད་ཉམས་ལྡན་པའི་ངང་སྤེལ་བ་དེས་ཁུལ་སྲིད་གཞུང་གིས་རྩ་ཁྲིམས་ཀྱི་དབང་གྲགས་ལ་སྲུང་སྐྱོང་དང་ཁྲིམས་སྐྱོང་སྙིང་སྟོབས་ལ་བརྩི་སྲུང་། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་བཅས་བྱེད་པའི་ཆོད་སེམས་བརྟན་པོ་མཚོན་ཡོད་པར་མ་ཟད། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་ཁྲིམས་ལྟར་སྲིད་སྐྱོང་བ། ཁྲིམས་ལྟར་སྲིད་འཛིན་པ་བཅས་མཉམ་དུ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཁྲིམས་སྐྱོང་རྒྱལ་ཁབ་དང་ཁྲིམས་སྐྱོང་སྲིད་གཞུང་། ཁྲིམས་སྐྱོང་སྤྱི་ཚོགས་བཅས་གཞི་གཅིག་ཏུ་འཛུགས་སྐྲུན་བྱེད་པའི་བྱེད་ཐབས་གལ་ཆེན་རྒྱུན་འཁྱོངས་བྱེད་པར་ང་ཚོས་ཡུན་རིང་རྒྱུན་འཁྱོངས་བྱེད་དགོས། སྲིད་གཞུང་ཁོངས་གཏོགས་ཀྱི་རྫོང་རིམ་པ་གཞོན་པ་ཡན་གྱི་མགོ་ཁྲིད་ལས་བྱེད་པས་མཉམ་དུ་རྟོག་འཇལ་བྱེད་པ་ནི་གཟི་བརྗིད་ཅིག་དང་འགན་ཁུར་ཞིག དམ་བཅའ་ཞིག ཞིབ་བཤེར་ཐེངས་ཤིག་བཅས་ཡིན་པས། ཐོག་མཐའ་བར་གསུམ་དུ་དམ་བཅའ་ཡིད་ལ་བརྟན་པོར་བཅངས་པ་དང་ཁས་ལེན་ལག་བསྟར། འབད་འབུངས་ཡར་བརྩོན། དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་པ་བཅས་བྱ་སྤྱོད་དངོས་ཀྱི་ཐོག་བཞག་ནས་བྱ་བའི་ལས་གནས་སྟེང་དྲང་སྲུང་གསར་གཏོད་དང་དམ་བཅའ་དོན་འཁྱོལ་བྱས་ཏེ། ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལག་ལེན་ཁྲོད་ཏང་དང་མི་དམངས་ཀྱི་བློ་ཡིད་ཚིམ་པའི་རྒྱུགས་ལན་ཞིག་འབུལ་དགོས་པར་བསྟན། 

1673091106164109.jpg

ཤ་བོ་སྐྱབས་ཀྱིས་གཅིག་ནས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱེད་པ། རྩ་ཁྲིམས་སློབ་སྦྱོང་དང་རྩ་ཁྲིམས་བེད་སྤྱོད་བྱེད་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་པ། སྲིད་གཞུང་གིས་ཁྲིམས་ལྟར་སྲིད་སྐྱོང་བ་དང་རྩ་ཁྲིམས་ལྟར་སྲིད་སྐྱོང་བའི་གཙོ་ཤུགས་དམག་འཛུགས་སྐྱོང་བྱེད་དགོས། གཉིས་ནས་དཔེ་སྟོན་སྣེ་ཁྲིད་ལ་ཤུགས་བསྣན་ནས་ཁྲིམས་ལུགས་སྦྱོང་བ་དང་ཁྲིམས་ལུགས་བརྩི་སྲུང་། ཁྲིམས་ལུགས་བེད་སྤྱོད་བྱེད་པ་བཅས་ཀྱི་མིག་དཔེ་བྱས་ཏེ་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་མི་སེམས་སུ་གཏིང་ཟབ་སྒོས་ཟུག་རྒྱུར་སྐུལ་འདེད་གཏོང་བ་དང་། གཙོ་ཆེའི་དྲ་ཚིགས་དང་སྨྱན་སྦྱོར་གསར་བའི་ལས་སྟེགས་གང་ལེགས་སྒོས་སྤྱད་དེ་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོར་ཤུགས་བསྣན་ནས་ཁྲིམས་ལུགས་བརྩི་བཀུར་དང་ཁྲིམས་ལུགས་སྦྱོང་བ། ཁྲིམས་ལུགས་བརྩི་སྲུང་། ཁྲིམས་ལུགས་བེད་སྤྱོད་བྱེད་པ་བཅས་སྲིད་གཞུང་ཁོངས་གཏོགས་སུ་སྲོལ་བཟང་ཞིག་ཆགས་པར་བྱེད་དགོས། གསུམ་ནས་ཤེས་སྤྱོད་ཟུང་འབྲེལ་རྒྱུན་འཁྱོངས་ཀྱིས་སློབ་སྦྱོང་སྟོབས་ལྡན་རྒྱལ་ཁབ་དང་། ལས་བྱེད་དྲ་བའི་སློབ་གླིང་། དྲ་ཐོག་ཁྲིམས་ལུགས་དྲིལ་སྒྲོག་སོགས་སློབ་སྦྱོང་ལས་སྟེགས་གང་ལེགས་སྒོས་སྤྱད་དེ། སྲིད་ཇུས་དང་རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས་ལ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་བྱ་བའི་བླང་བྱར་དམིགས་ཏེ་ཉམས་སད་ཐེག་ཐུབ་པའི་ཆབ་སྲིད་ཀྱི་མགོ་ཁྲིད་ནུས་པ་དང་། ཚན་རིག་དང་མཐུན་པའི་ཐབས་ཇུས་ནུས་པ། འགག་སྒྲོལ་དཀའ་སེལ་བྱེད་ནུས་བཅས་ཟམ་མི་ཆད་པར་གསོ་སྦྱོང་བྱེད་དགོས། བཞི་ནས་ལས་ཁུར་ནན་མོ་བྱས་ཏེ་སྒྲིག་ཁྲིམས་ལ་གུས་ཤིང་བཀུར་བ་དང་། ཆབ་སྲིད་ཀྱི་སྒྲིག་ལམ་དང་ཆབ་སྲིད་ཀྱི་འགྲིག་ལམ་ལ་བརྩི་སྲུང་ཞུ་རྒྱུ་དེ་འགན་ཁུར་ཞིག་ལ་བརྩིས་ནས་འགན་ཁུར་གསལ་རྟོགས་དང་འགན་ཁུར་འཁུར་བ། མཇུག་འབྲས་ཀྱི་ཁྲིད་སྟོན་རྒྱུན་འཁྱོངས་བྱེད་པ། མགོ་འཛུགས་ས་མཐོན་པོས་འཆར་འགོད་བྱེད་པ། ཚད་གཞི་མཐོན་པོས་སྐུལ་འདེད་གཏོང་བ། སྤུས་ཚད་མཐོན་པོས་དོན་འཁྱོལ་བཅས་བྱེད་དགོས། ལྔ་ནས་དད་སེམས་དང་ཡིད་ཆེས་བརྟན་དུ་གཏོང་བ་དང་། བསམ་ཕོད་པ་དང་སྒྲུབ་ཕོད་པ། སྒྲུབ་མཁས་པ་བཅས་བྱས་ནས“243”འཕེལ་རྒྱས་ཀྱི་རྣམ་པ་གསར་བ་གཏོད་རྒྱུ་མགྱོགས་སུ་གཏོང་བའི་ནང་ནུས་ལྡན་ངང་ཞུགས་པ། “མཚོ་བྱང་ལྔ”འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བའི་ཞིབ་ཕྲའི་ལག་ལེན་ཁྲོད་ཁྱོན་ཡོངས་ནས་གྲོང་གསེབ་དར་སྤེལ་དང་ཐོན་ལས་འཕེལ་རྒྱས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ། དམངས་འཚོ་འགན་ལེན། སྤྱི་ཚོགས་བརྟན་བརླིང་སོགས་ཁྱོན་ཡོངས་རང་བཞིན་དང་རྩ་བའི་རང་བཞིན་གྱི་བྱ་བ་ཡག་པོར་སྒྲུབ་པ་བཅས་བྱས་ཏེ་ལས་བྱེད་པའི“དཀའ་ཚེགས་སྟོན་གྲངས”དེ་མི་དམངས་མང་ཚོགས་ཀྱི“བདེ་སྐྱིད་སྟོན་གྲངས”ལ་བརྗེས་དགོས། དྲུག་ནས་ལག་བསྟར་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་ལག་བསྟར་བྱེད་ནུས་ཆེ་རུ་བཏང་ནས་ཁྲིམས་གཏན་འཁེལ་བའི་ལས་ཁུར་ངེས་པར་དུ་སྒྲུབ་དགོས་པ་དང་ཁྲིམས་ཀྱིས་དབང་ཆ་མ་སྤྲད་ན་སྒྲུབ་མི་ཆོག་པ། ཁྲིམས་སྐྱོང་གི་སྟོབས་ཤུགས་ལ་བརྟེན་ནས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས། བདུན་ནས་སྒྲིག་ལམ་དང་འགྲིག་ལམ་ནན་སྲུང་བྱས་ཏེ་ཏང་གི་སྒྲིག་ཁྲིམས་དང་རྒྱལ་ཁྲིམས་སེམས་ལ་ཟུག་པ་དང་བྱ་སྤྱོད་ཐོག་དོན་འཁྱོལ་བྱེད་དགོས་ལ། “གལ་ཆེན་གསུམ་དང་འབོར་ཆེན་གཅིག”གི་ཇུས་ཐག་གཅོད་པའི་འཁོར་སྐྱོད་དོ་དམ་ལ་ཤུགས་བསྣན་ནས། བཅའ་ཁྲིམས་དང་སྲིད་ཇུས། གོ་རིམ་ལྟར་བྱ་བ་ནན་མོར་སྒྲུབ་པ་དང་། དབང་ཆ་སྤྱི་ཆས་ཡིན་ལ་དབང་ཆར་མཐའ་མཚམས་ཡོད་པ། དབང་ཆར་ལྟ་སྐུལ་ཐེབས་པ། དབང་ཆ་ནི་འགན་ཁུར་ཡིན་པ་བཅས་ཀྱི་ཐོག་ནས་མཐའ་ཚད་བརྟན་པོར་སྲུང་དགོས་ལ། རང་རྟོགས་ངང་ལྟ་སྐུལ་དང་ལེན་བྱེད་པ་དང་། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་ཀྲུང་དབྱང་གི་དབང་གྲགས་སྲུང་སྐྱོང་བྱེད་པ། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་དབང་གྲགས་སྲུང་སྐྱོང་བྱེད་པ། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་བྱ་རྒྱུ་དེ་སྤུས་ཚད་སྔར་ལས་མཐོ་བའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏིང་ཟབ་གཏོང་དགོས་པ་བཅས་ཀྱི་བླང་བྱ་བཏོན།

1673091124189996.jpg

རྩ་ཁྲིམས་ལ་དམ་བཅའ་འཇོག་པའི་ཚོགས་ཆེན་མཇུག་སྒྲིལ་རྗེས། གསར་དུ་བསྐོ་གཞག་བྱས་པའི་རྫོང་རིམ་པ་གཞོན་པའི་མགོ་ཁྲིད་ལས་བྱེད་པ་དག་ཁྲིམས་ལུགས་ཤེས་བྱའི་རྟོག་འཇལ་ནང་ཞུགས།


མཉམ་སྤྱོད།