དེ་རིང་ནི2024ལོའི་ཟླ09པའི་ཚེས17ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཁྲིན་ཀང་གིས་མགོ་ཁྲིད་རྒན་པ་དང་བློ་མཐུན་རྒན་པར་འཚམས་འདྲི་ཞུས།

2023-01-08 11:10:07   |   129

རྩོམ་སྒྲིག   སངས་དོན།       ཡོང་ཁུངས།  མཚོ་སྔོན་གསར་འགྱུར་དྲ་བ།      ལོ་ཙཱ།  བཀྲ་ཤིས་འབུམ།


ཟླ1པོའི་ཚེས7ཉིན་གྱི་སྔ་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གིས་ཞིང་ཆེན་རིམ་པའི་མགོ་ཁྲིད་པ་རྒན་པ་དང་བློ་མཐུན་རྒན་པ་སངས་རྒྱས་སྐྱབས་དང་པད་མ། ཝང་ཅན་ཅུན་བཅས་ལ་ཁ་པར་བཏང་ནས་ཁོ་ཚོར་བླ་ན་མེད་པའི་གུས་འདུད་ཞུས་པ་དང་ལོ་སར་ལ་འཚམས་འདྲི་ཞུས་པར་མ་ཟད་ཁོ་ཚོས་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ལ་བྱས་རྗེས་གལ་ཆེན་བཞག་པར་བཀའ་དྲིན་ཆེ་ཞུས།
      ཁྲིན་ཀང་གིས་མགོ་ཁྲིད་རྒན་པ་དང་བློ་མཐུན་རྒན་པར་བསམ་བློ་བརྗེ་རེས་བྱས་པ་དང་ཁོ་ཚོའི་ལུས་ཕུང་བདེ་ཐང་དང་འཚོ་བའི་གནས་ཚུལ་སོགས་ཞིབ་འདྲི་བྱས་པར་མ་ཟད། སྔར་ལས་བཟང་བའི་སྒོ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་བཏོན་པའི་བླང་བྱ་གལ་ཆེན་ཇི་ལྟར་དངོས་འབེབས་བྱས་ཏེ། མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མྱུར་དུ་སྐུལ་འདེད་གཏོང་བའི་ཐད་ནས་ཁེངས་སྐྱུང་སྒོས་བསམ་འཆར་དང་གྲོས་གཞི་བསྡུ་ལེན་བྱས། ཁྲིན་ཀང་གིས་བཤད་དོན། ཏང་ཀྲུང་དབྱང་གིས་ང་རང་མཚོ་སྔོན་ལ་བྱ་བ་སྒྲུབ་ཏུ་མངགས་པས་འགན་འཁྲི་དང་ལས་འགན་ཧ་ཅང་ལྗིད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ནས་མུ་མཐུད་དུ་གྲུབ་འབྲས་གསར་བ་ལེན་དགོས་པའི་རེ་བ་གལ་ཆེན་བཏོན་པས། ང་ཚོས་བློ་རྩ་བརྟན་པོས་གཏན་ཕབ་གཉིས་ལ་གོང་བཀུར་བྱེད་པ་དང་བློ་ཐག་རྦད་ཆོད་སྒོས་སྲུང་སྐྱོང་གཉིས་ལེགས་པོར་སྒྲུབ་དགོས་ལ། ཏན་ཏན་ཏིག་ཏིག་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་བཏོན་པའི་རླབས་ཆེན་འཆར་འགོད་དེ་ལེགས་འགྲུབ་ཡོང་བར་བྱེད་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྟེང་བཏོན་པའི་བཀོད་སྒྲིག་ལྟར། མགོ་ཁྲིད་རྒན་པ་དང་བློ་མཐུན་རྒན་པའི་སྲོལ་རྒྱུན་བཟང་བོ་དང་སྤྱོད་ཚུལ་བཟང་བོ་རྒྱུན་འཛིན་བྱས་ཏེ། ཕྱོགས་སོ་སོའི་བློ་གྲོས་དང་སྟོབས་ཤུགས་གཅིག་སྡུད་བྱེད་པ་དང་། ཁྱེད་ཚོས་བཏིངས་པའི་རྨང་གཞི་བརྟན་པོའི་སྟེང་མཚོ་སྔོན་ལ་རྐང་འཛུགས་པ་དང་མཚོ་སྔོན་འཛུགས་སྐྲུན་བྱེད་པ། མཚོ་སྔོན་ལ་བྱས་རྗེས་འཇོག་པར་མ་ཟད་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་དང་མཉམ་དུ་ཏང་ཀྲུང་དབྱང་གིས་སྤྲད་པའི་ལས་འགན་ཡོངས་འགྲུབ་བཟང་བོ་བྱེད་ངེས་ཡིན་ཟེར།
        ཁྲིན་ཀང་གིས་བཤད་དོན། མགོ་ཁྲིད་རྒན་པ་དང་བློ་མཐུན་རྒན་པ་ནི་ཏང་དང་རྒྱལ་ཁབ་ཀྱི་གཅེས་ནོར་ཡིན་པ་དང་། མཚོ་སྔོན་ལ་བྱས་རྗེས་གལ་ཆེན་འཇོག་མཁན་ཡིན། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལས་བྱེད་པ་རྒན་པའི་བྱ་བའི་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་མོ་བྱེད་པ་དང་། ནུས་ཤུགས་གང་ཡོད་བཏོན་ནས་མགོ་ཁྲིད་རྒན་པ་དང་བློ་མཐུན་རྒན་པས་བདེ་ཞིང་སྐྱིད་པའི་འཚོ་བ་རོལ་བ་དང་ནུས་པ་གལ་ཆེན་འདོན་པར་ཆ་རྐྱེན་བཟང་བོ་བསྐྲུན་ངེས་ཡིན། མགོ་ཁྲིད་རྒན་པ་དང་བློ་མཐུན་རྒན་པས་སྔོན་ཆད་དང་འདྲ་བར་མཚོ་སྔོན་གྱི་འཕེལ་རྒྱས་ལ་ཡིད་འཇོག་དང་སེམས་ཁུར་བྱེད་དགོས་པ་དང་མུ་མཐུད་དུ་རང་སྟེང་གི་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱས་ནས་ཞིང་ཆེན་ཏང་ཨུའི་བྱ་བར་རྒྱབ་སྐྱོར་བྱས་ཏེ། ང་ཚོས་བྱ་བ་སྔར་ལས་བཟང་བོ་སྒྲུབ་པར་རོགས་རམ་བྱེད་དགོས།
       མགོ་ཁྲིད་རྒན་པ་དང་བློ་མཐུན་རྒན་པས་གཅིག་གྱུར་སྒོས་བཤད་དོན། ལྷག་བསམ་རྣམ་དག་སྒོས་ཏང་ཀྲུང་དབྱང་གི་ཆོད་དོན་ལ་གོང་བཀུར་བྱེད་པ་དང་། བློ་མཐུན་ཁྲིན་ཀང་མཚོ་སྔོན་ལ་བྱ་བ་སྒྲུབ་ཏུ་ཡོང་བར་དགའ་བསུ་ཞུ་བར་མ་ཟད་སྟོབས་ཤུགས་ཡོད་རྒུ་བཏོན་ནས་ཞིང་ཆེན་ཏང་ཨུའི་བྱ་བར་རྒྱབ་སྐྱོར་བྱེད་ངེས་ཡིན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་སྟོབས་ལྡན་མགོ་ཁྲིད་འོག་དང་།  ཞིང་ཆེན་ཏང་ཨུའི་མགོ་ཁྲིད་ཚན་ཁག་གིས་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ལ་མགོ་ཁྲིད་དེ་མཐུན་སྒྲིལ་འབད་འཐབ་བྱས་འོག མཚོ་སྔོན་གྱི་མ་འོངས་པ་སྔར་ལས་མཛེས་པར་ཡིད་ཆེས་ཡོད།
                                                                                                   


མཉམ་སྤྱོད།