དེ་རིང་ནི2024ལོའི་ཟླ09པའི་ཚེས17ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅོ་ལྔ་བའི་གྲོས་ཚོགས་ཐེངས་གསུམ་པའི་གྲ་སྒྲིག་གྲོས་ཚོགས་འཚོགས།

2023-01-08 18:25:07   |   155

རྩོམ་སྒྲིག   སངས་དོན།  


ཟླ1པོའི་ཚེས8ཉིན་གྱི་ཕྱི་དྲོ། མཚོ་བྱང་བོད་རིགས་སྐྱོང་ཁུལ་གྱི་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅོ་ལྔ་བའི་གྲོ་ཚོགས་ཐེངས་གསུམ་པའི་གྲ་སྒྲིག་གྲོས་ཚོགས་འཚོགས། གྲོས་ཚོགས་སུ་ཞུགས་དགོས་པའི་འཐུས་མི237ཡིན་ལ། དེ་རིང་གྲོས་ཚོགས་སུ་ཟུར་ཞུགས་བྱས་པའི་འཐུས་མི209ཡོད་པས་ཁྲིམས་ཁེལ་གྱི་མི་གྲངས་དང་འཚམ་པ་ཡིན།

       གྲ་སྒྲིག་གྲོས་ཚོགས་ལ་ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རིན་གཞོན་པ་ཞིས་ཡུང་ཀོན་གྱིས་གཙོ་སྐྱོང་བྱས།  

 1673173549111877.jpg

གྲོས་ཚོགས་སྟེང་ལག་པ་བཀྱགས་ནས་བརྡས་ཐག་གཅོད་པའི་བྱེད་ཐབས་ཀྱིས་གྲོས་ཚོགས་ཀྱི་གྲོས་རིམ་དང་ཀྲུའུ་ཞི་ཚོགས་པ།  དྲུང་ཡིག་ཆེན་མོ་བཅས་ཀྱི་མིང་ཐོ་ལ་གྲོས་འཆམ་བྱུང་བ་དང་།  འཐུས་མི་ཚོགས་པ་སོ་སོའི་ཚོགས་གཙོ་དང་ཚོགས་གཙོ་གཞོན་པའི་མིང་ཐོ་ཁྱབ་བསྒྲགས་བྱས། 

     1673173580124173.jpg

   གྲ་སྒྲིག་གྲོས་ཚོགས་གྲོལ་རྗེས། ཏང་ཡོན་འཐུས་མིའི་གྲོས་ཚོགས་དང་ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ཐེངས་དང་པོ་འཚོགས། 


མཉམ་སྤྱོད།