དེ་རིང་ནི2024ལོའི་ཟླ09པའི་ཚེས17ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུ་སྐོར་གྱི་ཤེས་བྱ་ཆིག་བརྒྱ་མ།(མུ་འགོད 9)

2023-01-08 18:41:36   |   135

རྩོམ་སྒྲིག   སངས་དོན།  


41.སློབ་གསོ་དང་ཚན་རྩལ། འཇོན་མི་བཅས་ནི་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི (                    ) གྱི་འདེགས་སྐྱོར་ཡིན།

དྲི་ལན།   རྨང་གཞི་རང་བཞིན་དང་འཐབ་ཇུས་རང་བཞིན

42.སློབ་གསོ་དམིགས་བསལ་གྱིས་སྔོན་ལ་འཕེལ་རྒྱས་གཏོང་བ་དང་། ཚན་རྩལ་རང་ཚུགས་རང་དར་བྱེད་པ། འཇོན་མིས་ཁྲིད་སྟོན་དང་སྐུལ་འདེད་གཏོང་བ་བཅས་རྒྱུན་འཁྱོངས་བྱས་ཏེ། (                    ) དང་། ཚན་རྩལ་གྱི་རྒྱལ་ཁབ་སྟོབས་ལྡན། འཇོན་མིའི་རྒྱལ་ཁབ་སྟོབས་ལྡན་བཅས་མགྱོགས་སུ་འཛུགས་སྐྲུན་བྱེད་པ་དང་། ཏང་ལ་འཇོན་མི་གསོ་སྐྱོང་དང་རྒྱལ་ཁབ་ལ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཕྱོགས་ཡོངས་ནས་འཇོན་མི་རང་བརྟེན་གྱིས་གསོ་སྐྱོང་བྱེད་པའི་སྤུས་ཚད་མཐོ་རུ་གཏོང་བ་དང་། གསར་གཏོད་ཀྱི་འཇོན་མི་རྩེར་སོན་སྐྱེད་སྲིང་བྱེད་པ་དང་། ཕྱོགས་ཀྱི་མཁས་པ་བཀུག་ནས་ལས་སུ་སྤྱོད་གང་ཐུབ་བྱེད་དགོས།

དྲི་ལན།  སློབ་གསོའི་རྒྱལ་ཁབ་སྟོབས་ལྡན

43. (                  ) དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་། དམངས་ཡོངས་ཀྱིས་མི་ཚེ་གང་བོར་སློབ་སྦྱོང་བྱེད་པའི་སློབ་སྦྱོང་ཅན་གྱི་སྤྱི་ཚོགས་དང་། སློབ་སྦྱོང་ཅན་གྱི་རྒྱལ་ཁབ་ཆེན་པོ་འཛུགས་སྐྲུན་བྱེད་དགོས།

དྲི་ལན།  སློབ་གསོ་གྲངས་འཛིན་ཅན

44. (                    ) ཀྱིས་རང་རྒྱལ་དེང་རབས་ཅན་འཛུགས་སྐྲུན་གྱི་ཁྱོན་ཡོངས་ཁྲོད་ཟིན་པའི་སྲོག་ཤིང་གོ་གནས་རྒྱུན་འཁྱོངས་བྱེད་དགོས།

དྲི་ལན།   གསར་གཏོད

45.ཏང་ཀྲུང་དབྱང་གིས་ཚན་རྩལ་བྱ་བར་གཅིག་གྱུར་གྱིས་མགོ་ཁྲིད་བྱེད་པའི་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ་དང་། རྒྱལ་ཡོངས་སྟོབས་ཤུགས་གཅིག་སྒྲིལ་གྱི་སྒྲིག་སྲོལ་དཔེ་གསར་ཆ་ཚང་དུ་གཏོང་བ། རྒྱལ་ཁབ་ཀྱི (འཐབ་ཇུས་ཚན་རྩལ་སྟོབས་ཤུགས) ཇེ་ཆེར་གཏོང་བ། གསར་གཏོད་ཐོན་ཁུངས་བགོ་སྒྲིག་བྱེད་ཐབས་ལེགས་བསྒྱུར་བཅས་བྱས་ནས། རྒྱལ་ཁབ་ཀྱི་གསར་གཏོད་མ་ལག་གི་སྤྱི་ཡོངས་ཀྱི་ཕན་ནུས་ཆེ་རུ་གཏོང་དགོས།

དྲི་ལན།     འཐབ་ཇུས་ཚན་རྩལ་སྟོབས་ཤུགས


མཉམ་སྤྱོད།