དེ་རིང་ནི2024ལོའི་ཟླ09པའི་ཚེས17ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཤ་བོ་སྐྱབས་སོགས་མགོ་ཁྲིད་ཀྱིས་འཐུས་མི་ལ་འཚམ་འདྲི་བྱས་པ།

2023-01-08 20:35:21   |   161

སྒྲིག་སྒྱུར། སངས་དོན།


ཟླ1པོའི་ཚེས8ཉིན་གྱི་ཕྱི་དྲོ།  ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཚབ་མ་ཤ་བོ་སྐྱབས། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་སྲིད་ཁྲིམས་ཨུའི་ཧྲུའུ་ཅི་ཡང་ཧེ་ལུང་། ཁུལ་ཨུའི་རྒྱུན་ཨུ། དྲུང་ཡིག་ཆེན་མོ་ཝང་ཡོན་ཁྲང་། ཁུལ་ཨུའི་རྒྱུན་ཨུ། རྩ་འཛུགས་པུ་ཀྲང་ཝང་ཀྲུང་ཡུས། ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རིན་གཞོན་པ་ཞིས་ཡུང་ཀོན། ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཏང་ཙུ་ཧྲུའུ་ཅི། ཡོན་ཀྲང་ཚབ་མ་མཱ་བུན་ཆོན་སོགས་མགོ་ཁྲིད་གྱིས་ཁུལ་གྱི་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅོ་ལྔ་བའི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པའི་འཐུས་མི་ལ་འཚམ་འདྲི་བྱས་ཤིང་། ཚང་མས་སྟོབས་ཤུགས་གཅིག་སྒྲིལ་གྱིས་ཚོགས་འདུ་ལེགས་པོ་འཚོགས་པ་དང་མཉམ་གཅིག་ཏུ་མཚོ་བྱང་གི་འཕེལ་རྒྱུས་ལ་སྟོབས་ཤུགས་འབུལ་དགོས་པའི་སྐུལ་མ་བཏང་། 

1673181421207559.jpg      

 མཚོ་བྱང་ཁུལ་མི་རིགས་རིག་གནས་བྱ་འགུལ་ལྟེ་གནས་སུ། ཤ་བོ་སྐྱབས་འཁོར་དང་བཅས་བས་དམངས་ཆེན་འཐུས་མི་ལ་བླ་ན་མེད་པའི་གུས་འདུད་དང་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས། ཤ་བོ་སྐྱབས་ཀྱིས་བསྟན་དོན། མི་འགྱངས་བར་འཚོགས་པའི་ཁུལ་གྱི་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅོ་ལྔ་བའི་གྲོས་ཚོགས་ཐེངས་གསུམ་པ་ནི།  ཁྱོན་ཡོངས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་གལ་ཆེའི་གྲོས་ཚོགས་ཤིག་ཡིན་ལ། མཚོ་བྱང་གི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྐུལ་འདེད་ལ་ཡུན་རིང་གི་དོན་སྙིང་ལྡན་པ་ཡིན།  དུས་ཡུན་རིང་བོའི་རིང་། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་དམངས་ཆེན་འཐུས་མི་ཡིས་གཞི་རིམ་དང་ལས་རིགས། ལས་རྐང་སོ་སོ་ནས་བྱེད་ནུས་གལ་ཆེན་འདོན་གྱིན་ཡོད་ལ། མཚོ་བྱང་གི་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་ཐབས་འབུལ་ཇུས་འབུལ་དང་ཧུར་ཐག་གི་བྱས་རྗེས་སྐྲུན་ཡོད། འཐུས་མི་རྣམས་ཀྱིས་མང་ཚོགས་ཀྱི་རེ་བ་སེམས་སུ་བཅངས་ནས་ཚད་མཐོ་བའི་ཆབ་སྲིད་ཀྱི་འདུ་ཤེས་དང་འགན་འཁྲིའི་འདུ་ཤེས་ཀྱིས་བསམ་བློ་དང་ལྟ་བ་གཅིག་གྱུར་དང་། བསམ་བློ་དང་བྱ་སྤྱོད་དེ་ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་པ་སྟེང་གཅིག་གྱུར་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན། ཁུལ་ཨུའི་བྱ་བའི་བླང་བྱ་སྟེང་གཅིག་གྱུར་བྱས་ཏེ།  ཁྲིམས་ལྟར་འགན་ནུས་ལག་བསྟར་དང་། ཆབ་སྲིད་ཀྱི་དུང་ཞེན་ཟབ་མོ་དང་ཚད་མཐོ་བའི་འགན་འཁྲི་འཁུར་སེམས་ཀྱིས་ཐེངས་འདིའི་གྲོས་ཚོགས་རྒྱལ་ཁའི་འཚོགས་པར་འགན་ལེན་བྱེད་དགོས་ཟེར། 

1673181443842627.jpg

       བྱམས་བརྩེའི་འཚམ་འདྲི་དང་སེམས་རྩ་དྲོད་བའི་མངག་སྐུལ་གྱིས་འཐུས་མི་རྣམས་ལ་བློ་སྤོབས་དང་ཡིད་ཆེས་ཀྱིས་ཁེངས་བར་བྱས་ཡོད།  ཚང་མས་མགྲིན་གཅིག་ཏུ་བཤད་རྒྱུར། ངེས་པར་དུ་ཐེངས་འདིའི་གྲོས་ཚོགས་ལེགས་པོ་འཚོགས་པ་དང་རང་འགན་རང་འཁུར། ཁྲིམས་ལྟར་འགན་ནུས་ལག་བསྟར་བྱེད་པ། རྩ་འཛུགས་དང་མང་ཚོགས་ཀྱིས་བཅིངས་བའི་རེ་བ་སྟོང་ཟད་དུ་མི་གཏོང་བ། རྗེས་ཕྱོགས་ཀྱི་འཚོ་བའི་ཁྲོད། གཞི་རིམ་མང་ཚོགས་ཀྱི་འདོད་བློ་ལ་སྔར་བས་མཐོང་ཆེན་དང་། དམངས་ཆེན་འཐུས་མིའི་བྱེད་ནུས་འདོན་སྤེལ་གང་ལེགས་ཀྱིས་ཐབས་འདོན་ཇུས་འདོན་དང་། མུ་མཐུད་དུ་འགན་ནུས་ལག་བསྟར་གྱི་ནུས་པ་དང་ཆུ་ཚད་ཇེ་མཐོར་གཏོང་རྒྱུ་ཟེར། 

1673181494115304.jpg

1673181503184632.jpg1673181529108001.jpg


མཉམ་སྤྱོད།