དེ་རིང་ནི2024ལོའི་ཟླ09པའི་ཚེས17ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཚབ་མ་ཤ་བོ་སྐྱབས་སོགས་མགོ་ཁྲིད་ཀྱིས་སློབ་གསོའི་ལས་ཁག་གི་དགེ་རྒན་ལ་འཚམ་འདྲི་བྱས།

2023-01-09 15:14:12   |   168

སྒྲིག་སྒྱུར། སངས་དོན།


ཟླ1པོའི་ཚེས8ཉིན་གྱི་ཕྱི་དྲོ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཚབ་མ་ཤ་བོ་སྐྱབས།   ཁུལ་ཨུའི་རྒྱུན་ཨུའམ་རྩ་འཛུགས་པུ་ཀྲང་ཝང་ཀྲུང་ཡུས། མདའ་བཞི་རྫོང་ཨུའི་ཧྲུའུ་ཅི་སངས་འབུམ་གྱིས་འགྲོ་རོགས་བྱས་ཏེ།  མཚོ་བྱང་ལས་རིགས་སློབ་གྲྭའི་དགེ་རྒན། ཏང་ཡོན་བསོད་ནམས་དབང་རྒྱལ་གྱི་ཁྱིམ་དུ་སོང་ནས་ལོ་སར་གྱི་འཚམ་འདྲི་ཞུས་པ་དང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཁུལ་ཡོངས་ཀྱི་རྒྱ་ཆེ་བའི་དགེ་རྒན་དཔུང་སྡེའི་ཐུགས་ཁུར་དང་དྲོད་ཁོལ་ཁོ་ཚོའི་སེམས་སུ་བསྐྱལ། ཁུལ་སློབ་གསོ་ཅུ་དང་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་འགན་ཁུར་བློ་མཐུན་འཚམ་འདྲིའི་བྱེད་སྒོར་ཞུགས།

1673248545197258.jpg

བསོད་ནམས་དབང་རྒྱལ་གྱི་ཁྱིམ་དུ། ཤ་བོ་སྐྱབས་ཀྱིས་བྱམས་བརྩེའི་ཁ་བརྡ་བྱེད་པ་དང་། དགེ་རྒན་གྱི་བྱ་བ་དང་འཚོ་བ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས། ཁོ་ཚོའི་བསམ་འཆར་ལ་ཉན་ནས་རྒྱ་ཆེ་བའི་དགེ་རྒན་དཔུང་སྡེ་ཡིས་རང་སོ་སོའི་ལས་གནས་སུ་ལས་བཀུར་གཅེས་འབུལ་དང་དཔེ་ཁྲིད་མི་སྐྱོང་བྱས་པར་བཀའ་དྲིན་ཞུས་པ་དང་ཆབས་ཅིག  ཁོ་ཚོའི་མུ་མཐུད་དུ་སློབ་གྲྭའི་དཔེ་ཁྲིད་ཀྱི་ཆུ་ཚད་མཐོར་འདེགས་བྱེད་པར་སྔར་ལས་ཆེ་བའི་བྱས་རྗེས་སྐྲུན་དགོས་པའི་རེ་བ་བཏོན། 

1673248565337147.png

ཤ་བོ་སྐྱབས་ཀྱིས་ནན་གྱིས་བསྟན་དོན། གཅིག་ནས་ནད་གཡོག་ཆེད་ལས་ནི་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་གཙོ་གནད་ཆེད་ལས་ཡིན་ལ།  རྒྱལ་ཡོངས་ཀྱི་ནད་གཡོག་རྩལ་ནུས་འགྲན་བསྡུར་ཁྲོད་གཡུར་དུ་ཟ་བའི་གྲུབ་འབྲས་ཐེངས་མང་བླངས་ཡོད། དེས་རང་རེ་སློབ་གྲྭའི་ནད་གཡོག་རིག་པའི་སློབ་གསོའི་འཇོན་ནུས་མཚོན་གྱིན་ཡོད་པས། ནད་གཡོག་ཆེད་ལས་དེ་མུ་མཐུད་དུ་ཇེ་བཟང་དང་ཇེ་ལེགས་སུ་གཏོང་དགོས་པའི་རེ་བ་བཏོན། དུས་དང་མཉམ་དུ། བོད་སྨན་ཆེད་ལས་ནི་མི་རིགས་ས་ཁུལ་དུ་རྒྱ་ཆེའི་གྲངས་ཉུང་མི་རིགས་ཀྱིས་དགའ་བསུ་ཆེན་པོ་ཐོབ་བཞིན་ཡོད་པས། བོད་སྨན་ཆེད་ལས་དེ་ཁྱད་ལྡན་རྐང་འཛིན་ཆེད་ལས་ཞིག་ཏུ་བསྐྲུན་པར་བརྩོན་ལེན་བྱེད་དགོས། གཉིས་ནས་གོང་གི་ཆེད་ལས་དག་འཛུགས་སྐྲུན་ལེགས་པོ་བྱེད་པའི་རྨང་གཞིའི་སྟེང། ཁུལ་ལས་རིགས་ལག་རྩལ་སློབ་གྲྭས་མཚོ་བྱང་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོར་དམིགས་ནས་ཆེད་ལས་ཀྱི་ཁྱབ་ཚུལ་ལེགས་བསྒྱུར་དང་། ཁམས་གསོ་ལག་རྩལ། ཕྱུགས་རིགས་ཐོན་སྐྱེད་ལག་རྩལ་སོགས་སྤུས་ལེགས་ཆེད་ལས་དང་གཞན་པའི་ཁྱད་ལྡན་ཆེད་ལས་གསར་འཛུགས་བྱས་ཏེ། སྔར་ལས་མང་བའི་བྱང་ཚད་མཐོ་བའི་ལག་རྩལ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་དགོས། གསུམ་ནས་ཁུལ་ལས་རིགས་ལག་རྩལ་སློབ་གྲྭས་མཚོ་བྱང་གི་གནས་ཚུལ་གཞིར་བཟུང་ཐོག  ཞིང་ཆེན་ཡོངས་སུ་ཁ་གཏད་ནས་སློབ་མ་བསྡུ་བའི་དྲིལ་སྒྲོག་བྱ་བར་ཤུགས་སྣོན་དང་སློབ་སྒྲུབ་གྱི་གཞི་ཁྱོན་བརྟན་བརླིང་གིས་རྒྱ་སྐྱེད་གཏོང་དགོས། བཞི་ནས་ཁུལ་ལས་རིགས་ལག་རྩལ་སློབ་གྲྭས་སློབ་སྒྲུབ་ཀྱི་ཆ་རྐྱེན་ཇེ་ལེགས་དང་། སློབ་སྒྲུབ་གྱི་སྟོབས་ཤུགས་ཇེ་ཆེར།  སློབ་སྒྲུབ་གྱི་ལེགས་ཆ་སྔོག་སྤེལ་སྒོས་ཧུར་ཐག་གིས་མཐོ་རིམ་ལས་རིགས་སློབ་གླིང་དུ་རིམ་སྤོར་བྱེད་པར་བརྩོན་ལེན་དང་སློབ་སྒྲུབ་གྱི་རིམ་ཚད་མཐོར་འདེགས་བྱེད་དགོས། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་སྟོབས་ཤུགས་ཡོད་ཚད་ཀྱིས་སློབ་གསོའི་ལས་དོན་གྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ་དང་། དགེ་རྒན་ལ་སེམས་ཁུར་དང་དོ་སྣང་བྱེད་ཤུགས་ཆེ་རུ་བཏང་ནས།  རྒྱ་ཆེ་བའི་དགེ་རྒན་ལ་སྔར་ལས་བཟང་བའི་སློབ་གསོའི་ཁོར་ཡུག་བསྐྲུན་རྒྱུ་ཡིན་པས་རྒྱ་ཆེ་བའི་དགེ་རྒན་གྱིས་ཕུགས་བསམ་བརྟན་པོ་སྒོས་མུ་མཐུད་དུ་རང་སྟེང་གི་སློབ་སྦྱོང་ལ་ཤུགས་སྣོན་དང་བྱང་ཚད་ཆེ་རུ་བཏང་ནས་ཁུལ་ཡོངས་ཀྱི་སློབ་གསོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འབད་བརྩོན་ལྷོད་མེད་བྱེད་དགོས།

1673248588123381.jpg

དགེ་རྒན་བསོད་ནམས་དབང་རྒྱལ་གྱིས་བཤད་རྒྱུར། ཁོས་དགེ་རྒན་གྱི་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ནས་མུ་མཐུད་དུ་དུས་རབས་གསར་བའི་དགེ་རྒན་གྱི་ལས་རིགས་ཚད་གཞི་ལྟར། རང་ཉིད་ལ་རེ་བ་ནན་མོ་འདོན་པ་དང་། ཏང་ཡོན་དགེ་རྒན་གྱི་དཔེ་ལེགས་སྣེ་ཁྲིད་ཀྱི་ནུས་འདོན་སྤེལ་བྱེད་རྒྱུ་ཡིན་ཟེར། 


མཉམ་སྤྱོད།