དེ་རིང་ནི2024ལོའི་ཟླ09པའི་ཚེས17ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅོ་ལྔ་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་མགོ་བརྩམས་པ།

2023-01-09 15:40:01   |   636

རྩོམ་སྒྲིག   སངས་དོན།       ལོ་ཙཱ།  ཀླུ་མོ་མཚོ།


ཟླ1ཚེས9ཉིན་གྱི་སྔ་དྲོའི་ཆུ་ཚོད9ཡི་སྟེང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅོ་ལྔ་པའི་ཚོགས་འདུ་ཐེངས་གསུམ་པ་ནུབ་མཚོ་གྲོང་རྡལ་དུ་གཟབ་རྒྱས་ངང་མགོ་བརྩམས།     

1673250404204978.jpg1673257580200008.jpg

ཚོགས་འདུར་ཞུགས་དགོས་པའི་འཐུས་མི237དང་ཚོགས་འདུར་ཞུགས་ཡོད་པའི་འཐུས་མི214ཡོད་པ་དེ་ཁྲིམས་བཅད་མི་གྲངས་དང་མཐུན་པ་ཡིན།     

1673257690423476.jpg

1673257780154246.png

ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ཞུས་ཡུང་ཀུང་དང་མ་ཁྲེང་ཀུའེ།    སུའུ་བདུན་ཅུ།    ལི་ཞུས་ཀྲེན།    ཝན་བཀྲ་ཤིས་དོན་གྲུབ། ཝང་ཞིང་ཧུའེ།    མ་ཨན་དབྱི་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས་ཡོད།  

6.jpg

1673257923460185.jpg

ཀྲུའུ་ཞི་སྟེགས་བུའི་ཐོག་བཞུགས་པའི་གྲས་སུ་ཀྲུའུ་ཞི་ཚོགས་པའི་ཁོངས་མི་ཡོངས་དང་།   ཁུལ་ཨུ་དང་ཁུལ་སྲིད་གཞུང་།    ཁུལ་སྲིད་གྲོས།    ཁུལ་ལྟ་ཞིབ་ཨུ་ལྷན།    ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་།    ཁུལ་མི་དམངས་ཞིབ་དཔྱོད་ཁང་།    མཚོ་བྱང་ཡན་ལག་དམག་ཁུལ་ཁང་བཅས་ཀྱི་མགོ་ཁྲིད་ཡོད།     

ཁུལ་ཨུའི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བ་དང་ཁུལ་སྲིད་གཞུང་གི་གྲུབ་ཆའི་སྡེ་ཁག་གི་འགན་འཁུར་བ། མཚོ་བྱང་ཁུལ་གྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ཀྱི་འཐུས་མི་དང་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་འཐུས་མི་ཚོགས་འདུར་ཟུར་ཞུགས་བྱས་ཡོད།     

1673258049102624.jpg

ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དང་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ཞུས་ཡུང་ཀུང་གིས་མགོ་རྩོམ་ཚོགས་ཆེན་ལ་གཙོ་སྐྱོང་གནང་།     

1673258214128955.jpg

ཚོགས་ཆེན་དེ་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་མགོ་བརྩམས་བྱུང་།     

ཚོགས་ཆེན་ཐོག་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པར་ཞུགས་པའི་འཐུས་མིའི་འདེམ་སྒུག་པ་བདམ་པ་དང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་གི་འདེམ་སྒུག་པ་གསབ་འདེམ་བྱས་པའི་གནས་ཚུལ་སྐོར་གྱི་གསལ་བཤད་ལ་ཉན་ཞིང་།     མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅོ་ལྔ་པའི་ཚོགས་འདུ་ཐེངས་གསུམ་པའི་ཀྲུའུ་ཞི་ཚོགས་པའི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པར་ཞུགས་པའི་འཐུས་མིའི་འདེམ་སྒུག་པའི་མིང་ཐོ(འཆར་ཟིན)དང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅོ་ལྔ་པའི་ཚོགས་འདུ་ཐེངས་གསུམ་པའི་ཀྲུའུ་ཞི་ཚོགས་པའི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་འདེམ་སྒུག་པའི་མིང་ཐོ(འཆར་ཟིན)ཁྱབ་སྒྲོག་བྱས།  


མཉམ་སྤྱོད།