དེ་རིང་ནི2024ལོའི་ཟླ09པའི་ཚེས17ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅོ་ལྔ་བའི་གྲོས་ཚོགས་ཐེངས་གསུམ་པ་རྒྱལ་ཁའི་ངང་གྲོལ།

2023-01-09 22:28:50   |   253

   རྩོམ་སྒྲིག  སངས་དོན།     


ཟླ1པོའི་ཚེས9ཉིན་གྱི་ཕྱི་དྲོར། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅོ་ལྔ་བའི་གྲོས་ཚོགས་ཐེངས་གསུམ་པའི་གྲོས་རིམ་ཁག་ལེགས་འགྲུབ་བྱུང་སྟེ་རྒྱལ་ཁའི་ངང་གྲོལ།

mmexport1673274127750.jpg

ཚོགས་འདུར་ཕེབས་དགོས་པའི་འཐུས་མི237དང་དངོས་སུ་ཞུགས་མཁན་གྱི་འཐུས་མི212ཡོད་པས་ཁྲིམས་གཏན་མི་གྲངས་དང་མཐུན། 

mmexport1673274190491.jpg

mmexport1673274197872.jpg

ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ཞུ་ཡུང་ཀུང་དང་། མ་ཁྲེང་ཀོས། སུའུ་བདུན་ཅུ། ལི་ཞུ་ཀྲེན། བན་བཀྲ་ཤིས་དོན་འགྲུབ། ཝང་ཞིང་ཧོས། མ་ཨན་དབྱི་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བསྡད་ཡོད། 

ཀྲུའུ་ཞི་སྟེགས་བུའི་སྟེང་ད་དུང་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ཚོགས་པའི་ཁོངས་མི་ཡོངས་དང་། ཁུལ་ཨུ། ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས། ཁུལ་ལྟ་ཞིབ་ཨུ་ལྷན།  ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་། ཁུལ་མི་དམངས་ཞིབ་དཔྱོད་ཁང་། མཚོ་བྱང་ཡན་ལག་དམག་ཁུལ་བཅས་ཀྱི་མགོ་ཁྲིད་རྣམས་བསྡད་ཡོད།

 ཁུལ་ཨུའི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བ་དང་། ཁུལ་སྲིད་གཞུང་ཁོངས་གཏོགས་སྡེ་ཁག་གི་འགན་ཁུར་བ། དེ་བཞིན་མཚོ་བྱང་ཁུལ་གྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་དང་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་འཐུས་མི་བཅས་ཚོགས་འདུར་ཟུར་ཞུགས་བྱས།

ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པའམ་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ཞུ་ཡུང་ཀུང་གིས་ཚོགས་ཆེན་གྱི་མཇུག་སྒྲིལ་མཛད་སྒོ་གཙོ་སྐྱོང་གནང་།

mmexport1673274205817.jpg

ཚོགས་ཆེན་ཐོག མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་སྐབས་བཅོ་ལྔ་བའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པའི་འདེམས་བསྐོ་བྱ་ཐབས་དང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅོ་ལྔ་བའི་གྲོས་ཚོགས་ཐེངས་གསུམ་པའི་སྤྱི་ཁྱབ་འདེམས་ཤོག་ལྟ་ཞིབ་པ། འདེམས་ཤོག་ལྟ་ཞིབ་པའི་མིང་ཐོ་བཅས་ཐག་བཅད་ནས་གྲོས་འཆམ་བྱུང་རྗེས་འདེམས་བསྐོ་བྱས།

mmexport1673274215420.jpg

ཚོགས་ཆེན་ཐོག རང་མིང་མི་འགོད་པར་འདེམས་ཤོག་འཕེན་ཐབས་ལ་བརྟེན་ནས་ཁྲིན་ཀང་དང་། ཀྲའོ་ཡའོ་ཞ། ལིག་ཁྲའོ། ཀི་ཝུན་ཕིན། ཤ་བོ་སྐྱབས། དབྱང་ཧེ་ལུང་། ཝང་ཀྲུང་དབྱི། མ་ཁྲེང་ཧྥང་། མ་ཁྲེང་ཀོས། མཱ་ཞའོ་ཧྥིན་། ཏིན་གོ་ཧྲིན། ཧི་ཧྲིན་ཅེ། སྟག་ལྷ། ཚང་ཚུན་ཧྥུའུ། ཀྲང་ཧྲི་དབྱིན། ཐའོ་སྐལ་ཡུང་། རིན་དབྱིན། འཇིགས་མེད་ཚེ་རིང་། ཀྲིན་ལི་མིན་སོགས་བློ་མཐུན19མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་བར་ཞུགས་པའི་འཐུས་མིར་བདམས་ཐོན་བྱུང་ལ། བློ་མཐུན་མ་ཝུན་ཆོན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ལ་བདམས་ཐོན་བྱུང་།

mmexport1673274223204.jpg

ཚོགས་ཆེན་ཐོག གསར་དུ་བདམས་ཐོན་བྱུང་བའི་མི་སྣས་རྩ་ཁྲིམས་ལ་དམ་བཅའ་འཇོག་པའི་མཛད་སྒོ་འཚོགས་པ་དང་། གསར་དུ་བདམས་ཐོན་བྱུང་བའི་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་མ་ཝུན་ཆོན་གྱིས་ཚོགས་ཆེན་གྱི་འཐུས་མི་ཡོངས་ཀྱི་བདེན་དཔང་འོག་རྩ་ཁྲིམས་ལ་དམ་བཅའ་བཞག

mmexport1673274231251.jpg

ཚོགས་འདུའི་ཐོག འཐུས་མི་ཡོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཀྲུང་དབྱང་དམངས་ཆེན་གྱི་བྱ་བའི་གྲོས་ཚོགས། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས། ཞིང་ཆེན་དང་ཁུལ་ཨུའི་ཚང་འཛོམས་གྲོས་ཚོགས་བཅས་ཀྱི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཁུལ་ཨུའི་མགོ་ཁྲིད་བརྟན་པོའི་འོག ཐོག་མཐའ་བར་གསུམ་དུ་ཏང་གི་མགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་། མི་དམངས་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་དམ་ཚགས་བྱས་ནས། བྱ་བའི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱེད་པ། དཔེ་བཟང་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། ཁུལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་མཚོ་བྱང་གི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། སྤུས་ཚད་མཐོ་བའི་འཚོ་བ་གཏོད་པའི་ལག་ལེན་རླབས་པོ་ཆེའི་ཁྲོད་དྲང་ནུས་ཟམ་མི་ཆད་པར་གཅིག་སྒྲིལ་དང་། དྲང་ནུས་བརྒྱུད་སྤྲོད། དྲང་ནུས་འདོན་སྤེལ་བྱེད་པ་བཅས་བྱས་ཏེ་འཐུས་མི་ཡོངས་ཀྱི་ཐུན་མོང་ངོས་འཛིན་དེ་ཁུལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་ཐུན་མོང་བྱ་སྤྱོད་དུ་འགྱུར་བར་བྱས་ནས། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་འབད་འབུངས་ཡར་བརྩོན་གྱིས་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་མཚོ་བྱང་གི་ལེའུ་ཧུར་ཐག་གཏོད་ཆེད་དེ་ལས་ཆེ་བའི་ལེགས་སྐྱེས་གསར་བ་དབུལ་དགོས་པའི་འབོད་སྐུལ་བྱས།

ཚོགས་ཆེན་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་གྲོལ། 


མཉམ་སྤྱོད།