དེ་རིང་ནི2025ལོའི་ཟླ04པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཤ་བོ་སྐྱབས་ཞིང་ཆེན་གྱི་འབྲེལ་ཡོད་ཐིན་དང་ཅུ་ལ་མཇལ་འཕྲད་དུ་སོང་།

2025-03-12 11:14:00   |   1864

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་། 


   ཟླ3པའི་ཚེས10ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་དང་། གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན། འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་བཅས་སུ་སོང་སྟེ་མཇལ་འཕྲད་གནང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ཏེ་ཞིང་ཆེན་ཐིན་གྱིས་དུས་ཡུན་རིང་བོར་མཚོ་བྱང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པར་མ་ཟད་ཉེ་དུས་ཀྱི་གཙོ་གནད་བྱ་བར་དམིགས་ཏེ་བཞུགས་མོལ་བརྗེ་རེས་གནང་།  

640.png

    ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་དུ་ཤ་བོ་སྐྱབས་དང་ཐིན་ཏང་ཙུའི་ཧྲུའུ་ཅིའམ་ཐིན་ཀྲང་ཐང་ཝན་ཧྥིན་དང་། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་གྱི་བློ་མཐུན་ཧི་ཧུང་པོ། ཐིན་ཀྲང་གཞོན་པ་ལིག་ཅན་ཡུས་བཅས་ཀྱིས་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གི་བྱ་བར་དམིགས་ནས་བཞུགས་མོལ་བརྗེ་རེས་གནང་། ཤ་བོ་སྐྱབས་ཀྱིས་ཞིང་ཆེན་ཐིན་གྱི་རྒྱབ་སྐྱོར་འོག་མཚོ་སྔོན་པོའི་བྱང་ངོགས་དང་མདོ་ལ་རི་བོའི་ལྷོ་འདབས་ཀྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་དང་རྩྭ་ཐང་སྐྱེ་ཁམས་ཉམས་གསོ། བྱེ་འགྱུར་ས་ཆ་བཅོས་སྐྱོང་། རྒྱལ་ཁོངས་ལྗང་སྒྱུར། དེ་བཞིན་སྐྱེ་ཁམས་ཉམས་ལེན་ས་ཚིགས་འཛུགས་སྐྲུན་སོགས་ཐད་སྒྲུབ་པའི་བྱ་བའི་གནས་ཚུལ་དང་ཐོབ་པའི་ཕན་འབྲས་ངོ་སྤྲོད་གནང་བ་དང་། དེ་དང་ཆབས་ཅིག ཞིང་ཆེན་ཐིན་གྱིས་ལྗོངས་ཁུལ་ལྗོངས་གནས་དང་འགྲིམ་འགྲུལ་བགྲོད་ལམ་གཙོ་བོ། མཁར་གྲོང་སྲང་ལམ་བཅས་སུ་སྡོང་འཛུགས་ལྗང་སྒྱུར་བྱེད་པའི་ཐད་རྒྱབ་སྐྱོར་བྱེད་པ་དང་། མཚོ་སྔོན་པོ་སྨོན་ལམ་མཐོན་པོ་དང་ལྷ་ཆབ་ཁུག དམག་སྒར་བཅུ་གཉིས་པའི་གནའ་ཤུལ། མདོ་ལ་རི་བོའི་མེ་ལྷ་གངས་དཀར། ཨ་མྱེས་སྟོང་སོའི་ནགས་ཀློང་སོགས་ལྗོངས་ཁུལ་དང་ཉམས་ཞིབ་ས་ཚིགས་འཛུགས་སྐྲུན་ཐད་ལས་གཞི་བཀོད་སྒྲིག་དང་མ་དངུལ་གྱི་རྒྱབ་སྐྱོར་བྱས་ཏེ་མཚོ་བྱང་གི་མཛེས་ཤིང་སྡུག་པའི་སྐྱེ་ཁམས་དང་སྐྱེ་ཁམས་ཁོར་ཡུག་ཆུ་ཚད་མཐོ་བའི་སྲུང་སྐྱོབ་ལ་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཟེར། ཐང་ཝན་ཧྥིན་གྱིས་བཤད་རྒྱུར། མཚོ་བྱང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཚད་མཐོའི་མཐོང་ཆེན་བྱས་པས་བྱ་བ་སོ་སོར་མངོན་གསལ་དོད་པའི་ཕན་འབྲས་ཐོན་ཡོད། འབྲེལ་གཏུག་ལམ་སྲོལ་དོན་འཁྱོལ་ཡག་པོ་བྱེད་པ་དང་མཉམ་ལས་གཞོགས་འདེགས་སྔར་ལས་དམ་ཟབ་བྱས་ཏེ་ཐུན་མོང་ཐོག་མདོ་ལ་རི་བོ་དང་མཚོ་སྔོན་པོ“རྒྱལ་ཁབ་སྤྱི་གླིང་གཉིས”འཛུགས་སྐྲུན་ལེགས་པོ་བྱེད་པའི་རེ་བ་ཡོད་ཅིང་། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་གྱིས་ཐོག་མཐའ་བར་གསུམ་དུ་མཚོ་བྱང་གི་བྱ་བ་སོ་སོར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཟེར།   

640 (1).png

   ཞིང་ཆེན་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་དུ་ཤ་བོ་སྐྱབས་དང་ཞིང་ཆེན་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཀྲུའུ་རིན་ཞའོ་ཧྥེ་ཧུའུ། ཀྲུའུ་རིན་གཞོན་པ་ལོན་ཧྥེང་ཅང་། ཆིན་ཡུན་སྡེ་ཚོགས་ཀྱི་ཏང་ཨུའི་ཧྲུའི་ཅིའམ་ལས་འཛིན་པ་མ་ཡུང་པིན་སོགས་ཀྱིས་མིག་སྔའི་ནུབ་མཚོའི་རྡོ་སོལ་སྤྱི་གཉེར་ཁང་གི་གཏེར་ཁུལ་གྱི་ཁོར་ཡུག་བཅོས་སྐྱོང་དང་ཁུལ་དང་རྫོང་གི་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་དང་རྒྱལ་གཉེར་ཁེ་ལས་བཅོས་བསྒྱུར། བཟོ་ལས་གླིང་ཁུལ་བཞིའི་སྤུས་ཚད་དང་ཕན་འབྲས་འདོན་སྤེལ་བྱེད་པར་སྐུལ་འདེད་གཏོང་བ་སོགས་ཀྱི་གནད་དོན་ལ་དམིགས་ནས་བཞུགས་མོལ་བརྗེ་རེས་གནང་། མཚོ་བྱང་ལ་རོགས་སྐྲུན་བྱེད་པའི་ཀྲུང་དབྱང་ཁེ་ལས་དང་ཧྲན་ཏུང་། དེ་བཞིན་ཤར་རྒྱུད་ཀྱི་དར་རྒྱས་ཆེ་བའི་ཞིང་ཆེན་གྱི་རྒྱལ་གཉེར་ཁེ་ལས་ཀྱིས་མཚོ་བྱང་དུ་མ་འཇོག་མཉམ་ལས་བྱེད་པ་དང་། མཚོ་བྱང་གི་རྒྱལ་གཉེར་ཁེ་ལས་ཇེ་རྒྱས་ཇེ་ལེགས་དང་སྟོབས་ཆེར་གཏོང་བའི་ཐད་གཙོ་གནད་ཐོག་སྦྲེལ་མཐུད་བྱེད་པ། མཚོ་བྱང་གིས་འབྲེལ་ཡོད་སྲིད་ཇུས་འདོན་རྒྱུར་མཛུབ་ཁྲིད་བྱས་ནས་ཕུལ་བྱུང་ཤེས་ལྡན་མི་སྣ་རྒྱལ་གཉེར་ཁེ་ལས་སུ་ཡོང་ནས་ལས་འགན་འཁུར་བའི་བགྲོད་ལམ་བསྐྲུན་པ་དང་། ཆིན་ཡུན་སྡེ་ཚོགས་ཀྱིས་རང་འགུལ་ངང་འགུལ་སྐྱོད་སྤེལ་ཏེ་ནུབ་མཚོའི་རྡོ་སོལ་སྤྱི་གཉེར་ཁང་གི་གཏེར་ཁུལ་གྱི་ཁོར་ཡུག་སྲུང་སྐྱོབ་བཅོས་སྐྱོང་དང་ཞིབ་བཤེར་རྩིས་ལེན་བྱ་བ་ལེགས་གྲུབ་བྱེད་པ་དང་། ལྗང་མདོག་དང་བདེ་འཇགས་གཏེར་རི་འཛུགས་སྐྲུན་བྱས་ནས་ཐབས་བརྒྱ་ཇུས་སྟོང་གིས་ཁེ་ལས་ལ་འཕྲད་པའི་དཀའ་ངལ་ཐག་གཅོད་ཡག་པོ་བྱེད་དགོས། ཞའོ་ཧྥེ་ཧུའུ་ཡིས་བཤད་རྒྱུར། ཞིང་ཆེན་གཞུང་ཁོངས་རྒྱུ་ནོར་དོ་དམ་ཨུ་ལྷན་གྱིས་ཆེད་དོན་འཛིན་གྲྭ་བཙུགས་ཏེ་མཚོ་བྱང་ཁུལ་ཚོད་ལྟའི་ས་ཁུལ་དུ་བྱས་ནས་རྒྱལ་གཉེར་ཁེ་ལས་ལ་ལྟ་སྐུལ་དོ་དམ་བྱེད་པའི་བརྟག་ཞིབ་བྱས་ཏེ་ཁུལ་དང་རྫོང་གི་རྒྱལ་གཉེར་ཁེ་ལས་ཀྱི་ཐོན་ལས་བཀོད་སྒྲིག་དང་འཕེལ་རྒྱས་ཀྱི་དགོས་མཁོ་སོགས་ལ་གནས་པའི་དཀའ་ངལ་དང་གནད་དོན་རྒྱུས་ལོན་གསལ་བོ་བྱས་ནས་དམིགས་སའི་རང་བཞིན་གྱི་ཇུས་གཞི་བཏོན་ཏེ་མཚོ་བྱང་གི་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་དང་རྒྱལ་གཉེར་ཁེ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་རམ་བྱ་རྒྱུ་ཡིན་ཟེར།  

640 (2).png

 ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་དུ་ཤ་བོ་སྐྱབས་དང་ཐིན་ཏང་ཙུའི་ཧྲུའུ་ཅིའམ་ཐིན་ཀྲང་ཧི་ཚན། ཐིན་ཀྲང་གཞོན་པ་ལིག་ཧྥང་ཐའོ་བཅས་ཀྱིས་འགྲིམ་འགྲུལ་དང་གནས་སྐོར་མཉམ་འདྲེས་འཕེལ་རྒྱས་བྱ་བར་དམིགས་ནས་བརྗེ་རེས་གཏིང་ཟབ་བྱས་ཏེ། མཚོ་སྔོན་པོ་དང་མདོ་ལ་རི་བོ། ཚྭ་འདམ་ལམ་ཐིག་སོགས་མཚོ་བྱང་ཁུལ་གྱི་མངའ་ཁོངས་བརྒྱུད་པའི“ཨང་རྟགས1པོའི”གཞུང་ལམ་གསུམ་འཛུགས་སྐྲུན་དང་། མཚོ་སྐོར་ཤར་ལམ་དང་མཚོ་སྐོར་ནུབ་ལམ། རྒྱལ་ལམ315དང338། 227བཅས་ཀྱི་ལམ་ཐིག་ཚད་གཞི་མཐོ་རུ་བཏང་ནས་སྟོང་སྐོར་ནས་ནུབ་མཚོའི་བར་གྱི་མྱུར་བགྲོད་གཞུང་ལམ་དང་སྨོན་ལམ་མཐོན་པོ་གནས་སྐོར་གཞུང་ལམ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ། ཆུ་ཁོལ་ནས་སྤྱང་ཚང་བར་གྱི་གཞུང་ལམ་སོགས་གཙོ་གནད་འགྲིམ་འགྲུལ་བཟོ་སྐྲུན་ལ་ཞིབ་ཕྲའི་སྐུལ་འདེད་བྱ་རྒྱུའི་གྲོས་ཐག་བཅད། དེ་དང་ཆབས་ཅིག འགྲིམ་འགྲུལ་བགྲོད་ལམ་གཙོ་བོ་དང་གནས་སྐོར་གཞུང་ལམ་རྒྱུད་ཀྱི་རིས་ཁྲ་བཅོས་སྐྱོང་། ལྗང་སྒྱུར་ཁུལ་དང་རླངས་འཁོར་འཇོག་སའི་ས་ཚིགས་འཛུགས་སྐྲུན་སོགས་ཐད་ལག་བསྟར་བསམ་འཆར་ཞིབ་ཕྲ་དང་ཁ་གསལ་བཟོས། ཕྱོགས་གཉིས་ཀྱིས་མཉམ་ལས་བརྗེ་རེས་གཏིང་ཟབ་བྱས་པ་བརྒྱུད་མཚོ་བྱང་ཁུལ་གྱི་འགྲིམ་འགྲུལ་དང་གནས་སྐོར་མཉམ་འདྲེས་བྱ་བར་ཡང་བསྐྱར་གྲུབ་འབྲས་གསར་པ་ལེན་རྒྱུར་སྐུལ་འདེད་གཏོང་བ་དང་། ཆུ་ཚད་མཐོ་བའི་ལམ་དྲའི་འགན་ལེན་ཐོག་ནས་མཚོ་བྱང་གི་ལྗོངས་ཁུལ་གྱི་ལམ་ཐིག་སྦྲེལ་ནས་མཚོ་བྱང་གིས་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་བྱ་ཡུལ་བསྐྲུན་རྒྱུར་རམ་འདེགས་དང་སྐུལ་འདེད་གཏོང་བའི་འཆར་གཞི་བཟོ་ཡོད་པ་རེད།

   ཁུལ་གྱི་མགོ་ཁྲིད་ཚོ་ཅི་ཆང་དང་ཧན་ཧྲི། ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་གྱིས་འགྲོ་རོགས་བྱས།    


མཉམ་སྤྱོད།