དེ་རིང་ནི2025ལོའི་ཟླ04པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཤ་བོ་སྐྱབས་ཁུལ་ཨུའི་གཞུང་ལས་ཁང་གི་ཏང་ཀྲི་པུའི་རྩ་འཛུགས་འཚོ་བའི་ཚོགས་འདུར་ཞུགས།

2025-03-12 11:32:28   |   1678

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་། 


ཟླ3པའི་ཚེས11ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཏང་ཡོན་དཀྱུས་མའི་ཐོབ་ཐང་ཐོག་ནས་རང་གནས་སའི་ཁུལ་ཨུའི་གཞུང་ལས་ཁང་གི་ཏང་ཀྲི་པུའི་རྩ་འཛུགས་འཚོ་བའི་ཚོགས་འདུར་ཞུགས། ཁོས་ནན་གྱིས་བསྟན་དོན། ཆབ་སྲིད་ལས་ཁུངས་ཀྱི་ངོ་བོ་དང་པོ་ཁོང་དུ་བརྟན་པོ་ཆུད་པར་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང"ཞབས་ཞུ་གསུམ"གྱི་བྱ་བའི་ནུས་པ་དང་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་བཏང་སྟེ་ཁུལ་ཨུའི་ལས་ཕྱོད་ཆེ་བའི་འཁོར་སྐྱོད་དང་ཁུལ་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད"མདུན་ཕྱོགས་སོ་བ་དང་ར་སྐོར་ནང་མ"ཡག་པོ་ཞིག་བྱེད་དགོས་ཟེར། 

640.jpg

 ཚོགས་འདུའི་ཐོག ཁུལ་ཨུའི་གཞུང་ལས་ཁང་གི་ཏང་ཀྲི་པུའི2023ལོའི་ལོ་འཁོར་མོའི་རྩ་འཛུགས་འཚོ་བའི་ཚོགས་འདུའི་ཐོག་གནད་དོན་བཙལ་འཚོལ་དང་དག་ཐེར་དོན་འཁྱོལ་བྱས་པའི་གནས་ཚུལ་དང2024ལོའི་ལོ་འཁོར་མོའི་རྩ་འཛུགས་འཚོ་བའི་ཚོགས་འདུའི་གྲ་སྒྲིག་གནས་ཚུལ་ཁྱབ་བརྡ་བཏང་། ཏང་ཀྲི་པུའི་ཧྲུའུ་ཅིས་ཀྲི་པུ་ཚན་ཁག་གི་ཚབ་བྱས་ནས་ཞིབ་བསྡུར་སྐྱོན་བཤེར་བྱས་པ་དང་ཀྲི་པུ་ཏང་ཡོན་གྱིས་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱས།

640 (1).jpg

  ཤ་བོ་སྐྱབས་ཀྱིས་ཚང་མའི་བྱ་བའི་ཕན་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་རང་ངོས་ཀྱི་བྱ་བའི་མྱོང་བ་དང་སློབ་སྦྱོང་གི་མྱོང་ཚོར། དེ་བཞིན་མཚོ་བྱང་གི་བྱ་བའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཚང་མ་དང་བྱམས་བརྩེའི་ངང་བརྗེ་རེས་གནང་བ་དང་། ཡིག་ཆ་འབྲི་བ་དང་ཚོགས་འདུ་གཉེར་བ། བྱ་བ་སྒྲུབ་པ། ལྟ་སྐུལ། ཆ་འཕྲིན། གསང་སྲུང་སོགས་ཀྱི་བྱ་བར་མཛུབ་ཁྲིད་ཞིབ་ཕྲ་གནང་ནས་ཚང་མར་བསམ་བློ་ཞིབ་ཕྲ་གཏོང་བ་དང་ཆུང་ས་ནས་མགོ་བརྩམས་ཏེ་སྔར་ལས་སྤྲོ་སེམས་རབ་ཏུ་འཁོལ་བ་དང་དངོས་སྒྲུབ་ཀྱི་སྤྱོད་ཚུལ་ཐོག་ནས་ཁུལ་ཨུའི་གཞུང་ལས་ཁང་གི་འགན་འཁྲི་གསར་བ་དང་བྱས་རྗེས་གསར་བ་མངོན་པར་བྱེད་དགོས་ཟེར།

640 (2).jpg

  ཤ་བོ་སྐྱབས་ཀྱིས་ནན་གྱིས་བསྟན་དོན། གཅིག་ནས་ལྷག་བསམ་གཞུང་དྲང་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཆབ་སྲིད་ཀྱི་ཟུར་ཚད་ཐོག་ནས་གནད་དོན་ལ་ལྟ་སྟངས་འཛིན་པ་དང་གནད་དོན་ལ་དབྱེ་ཞིབ་བྱེད་པ། གནད་དོན་ཐག་གཅོད་བྱེད་ཤེས་པ་བྱས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་ཀྲུང་དབྱང་དང་། ཞིང་ཆེན་ཏང་ཨུ་དང་ཁུལ་ཨུའི་ཚོགས་འདུ་གལ་ཆེན་གྱི་ཡིག་ཆའི་གསུང་བཤད་ཀྱི་དགོངས་དོན་དེ་ངེས་པར་དུ་སྦྱོང་དགོས་པའི་བསླབ་ཚན་དུ་བརྩིས་ནས་གཞུང་ལས་ཁང་གི་བྱ་བའི་ཞན་ཆ་གནད་ལ་འཁེལ་བའི་ངང་འཚོལ་ཞིབ་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུ་དང་ཁུལ་ཨུའི་བྱ་བའི་བླང་བྱ་དུས་ཐོག་ཏུ་དོན་འཁྱོལ་ནུས་ལྡན་ཡོང་རྒྱུར་སྐུལ་འདེད་བཏང་ནས་དམིགས་ཚད་ལ་མིག་ལྟོས་བྱེད་པའི་ཆབ་སྲིད་ཀྱི་མིག་དཔེ་ཅན་ཡག་པོ་ཞིག་བྱེད་དགོས། གཉིས་ནས་ཚད་མཐོའི་རང་རྟོགས་རྒྱུན་འཁྱོངས་བྱས་ཏེ་ཁུལ་ཨུས་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་བློ་བདེ་བོ་མེད་པའི་དོན་དག་གལ་ཆེན་དང་ཉེན་ཁ་ཚབས་ཆེན་ལ་དམ་པོར་དམིགས་ནས་ཆབ་སྲིད་ཀྱི་གསལ་རྟོགས་ནུས་པ་དང་ཚོར་སྐྱེན་རང་བཞིན་ཆེ་རུ་ཏན་ཏིག་གཏོང་བ་དང་ཁུལ་ཨུས་གཏན་འཁེལ་བྱས་པའི་དོན་ཚན་ལ་ལྟ་ཞིབ་དོན་འཁྱོལ་དང་རྗེས་འདེད་ཕན་འབྲས་འདྲི་རྩད་བྱ་རྒྱུར་དམ་འཛིན་ནན་མོ་བྱས་ཏེ་དོན་འཁྱོལ་བྱེད་ནུས་དང་དོན་འཁྱོལ་ཕན་འབྲས། དོན་འཁྱོལ་སྤུས་ཚད་ངེས་པ་དོན་གྱིས་མཐོ་རུ་བཏང་སྟེ་ཐབས་དང་ནུས་པ་ལྡན་པའི་ལག་བསྟར་མིག་དཔེ་ཅན་ཞིག་བྱེད་དགོས། གསུམ་ནས་འགན་འཁྲི་ཧ་ཅང་ཆེན་པོ་འཁུར་རྒྱུ་རྒྱུན་འཁྱོངས་དང་། འཕྲེད་ཕྱོགས་འབྲེལ་གཏུག་དང་གཞུང་ཕྱོགས་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་བ། ཚན་ཁག་ཆེན་མོ་བཞིའི་དྲུང་ཡིག་ཆེན་མོ་དང་ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གཉིས་ཀྱི་གཞུང་ལས་ཁང་གི་ཀྲུའུ་རིན་མཉམ་འབྲེལ་གྲོས་ཚོགས་ཀྱི་ལམ་སྲོལ་བེད་སྤྱོད་ཡག་པོ་བྱེད་པ། ཁུལ་ཨུའི་བསྒྱུར་བཅོས་ཟབ་སྤེལ་དང་ཐོན་ལས་འཕེལ་རྒྱས། ཚོང་འགུགས་མ་འདྲེན། སྐྱེ་ཁམས་སྲུང་སྐྱོབ། གསར་བརྗེའི་ཉམས་ཞིབ་སོགས་གཙོ་གནད་བྱ་བ་དང་བྱེད་སྒོ་གལ་ཆེན་གཅིག་གྱུར་གྱིས་འཆར་འགོད་དང་མཐུན་སྦྱོར་བྱེད་པའི་ཐད་གོང་འོག་ཤར་བགྲོད་ཐུབ་པ་དང་གཡས་གཡོན་གཞོགས་འདེགས་བྱེད་པའི་བྱ་བའི་རྣམ་པ་ཆགས་པར་བྱས་ཏེ་གཅིག་གྱུར་འཆར་འགོད་དང་གོ་རིམ་ལྡན་པའི་མཐུན་སྦྱོར་མིག་དཔེ་ཅན་ཞིག་བྱེད་དགོས། བཞི་ནས་གནོང་འགྱོད་སྤུ་ཙམ་མེད་པ་རྒྱུན་འཁྱོངས་བྱས་ཏེ་གཞུང་ལས་ཁང་གིས་ཡིག་ཆས་སྲིད་དོན་ལ་གཞོགས་འདེགས་དང་། ཆ་འཕྲིན་ཞབས་ཞུ། བརྟག་དཔྱད་ཞིབ་འཇུག ལོ་རྒྱུས་ཀྱིས་སྲིད་དོན་ལ་རོགས་རམ་བྱེད་པ་སོགས་ཀྱི་འགན་འཁྲི་དང་འགན་ནུས་ལ་རྩེ་གཅིག་ཏུ་དམིགས་ནས་ཇུས་འདོན་གྱིས་སྲིད་དོན་ལ་གཞོགས་འདེགས་བྱེད་པའི་འཐབ་ཇུས་རང་བཞིན་དང་། རྒྱང་བལྟ་རང་བཞིན། གནད་འཁེལ་རང་བཞིན། གོ་ཆོད་རང་བཞིན་བཅས་བརྟན་པོ་ཡོང་བ་བྱས་ཏེ་ནུས་ཤུགས་ཡོད་རྒུས་ཇུས་འདོན་བྱས་རྗེས་འཇོག་ཐུབ་པ་དང་། འཁོར་སྐྱོད་གོ་རིམ་ལྡན་པ། འགན་སྲུང་ནུས་ལྡན་ཡིན་པ། ཞབས་ཞུར་ཕན་འབྲས་ལྡན་པར་བྱས་ཏེ། དུས་ལྟར་སྤྱི་སྡོམ་ཞིབ་བསྡུར་ཁྲོད་འདྲ་བཟོ་དང་དར་སྤེལ་གཏོང་ཆོག་པའི་བྱེད་ཐབས་ཉམས་མྱོང་གྲུབ་པར་བྱས་ནས་གཟབ་ནན་ཞིབ་ཚགས་ཀྱི་ཞབས་ཞུའི་མིག་དཔེ་ཅན་ཡག་པོ་ཞིག་བྱེད་དགོས། ལྔ་ནས་སྤྱོད་གཙང་རང་གཅུན་རྒྱུན་འཁྱོངས་དང་། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་སྲུང་དང་། "གལ་ཆེན་གསུམ་དང་འབོར་ཆེན་གཅིག"གི་ཐུན་མོང་ཐོག་ཇུས་ཐག་གཅོད་པའི་ལམ་ལུགས་ལག་བསྟར་ནན་མོ་བྱེད་པ། ཏང་གི་ལས་དོན་ཡོངས་བསྒྲགས་བྱེད་པར་སྐུལ་འདེད་ཏན་ཏིག་གཏོང་བ། "ཚོགས་འདུ་གསུམ་དང་སློབ་ཁྲིད་གཅིག"སོགས་ཏང་ནང་གི་ཆབ་སྲིད་འཚོ་བ་གཏིང་ཟབ་ཏུ་སྤེལ་བ། ཀྲི་པུ་འཛུགས་སྐྱོང་ཁྱོན་ཡོངས་ནས་ཡར་ཐོན་དང་ཁྱོན་ཡོངས་ནས་ཉམས་སད་ཐེག་ཐུབ་པར་སྐུལ་འདེད་གཏོང་བ། བློ་དཀར་སེམས་དཀར་དང་འགན་འཁྲི་འཁུར་ཕོད་པ། བློས་བཀལ་ཆོག་པ་བཅས་ཡིན་པའི་ཏང་ཨུའི་གཞུང་ལས་ཁང་གི་ལས་བྱེད་པ་ཞིག་བྱས་ཏེ་ཀུན་སྤྱོད་ཡག་ཅིང་སྒྲིག་ཁྲིམས་སྲུང་བའི་སྣང་བརྙན་གྱི་མིག་དཔེ་ཅན་བྱེད་དགོས་ཟེར།

640 (3).jpg

  ཁུལ་གྱི་འབྲེལ་གཏུག་ལྟ་སྐུལ་མཛུབ་ཁྲིད་ཚན་ཆུང་ཚོགས་འདུར་ཕེབས་ནས་མཛུབ་ཁྲིད་གནང་།


མཉམ་སྤྱོད།