དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཧྲོ་ཨེར་ཚིའི་སྲིད་གཞུང་གྲོལ།

2025-03-26 09:31:31   |   598

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། ཀྲུང་གོ་གསར་འགྱུར་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


འཇར་མན་གསར་འགྱུར་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ས་གནས་དེ་གའི་ཚེས25ཉིན། ད་ལྟའི་འཇར་མན་གྱི་ཙུང་ལི་ཧྲོ་ཨེར་ཚི་དང་དེའི་ནང་བློན་ཁང་གི་ཁོངས་མི་རྣམས་འཇར་མན་གྱི་རྒྱལ་ཕྲན་མཉམ་འབྲེལ་ཙུང་ཐུང་ཧྲི་ཐའེ་དབྱིན་མའེ་ཨེར་གྱིས་དངོས་སུ་གླ་དབྱུང(解雇)བཏང་། ཧྲོ་ཨེར་ཚི་དང་དེའི་ནང་བློན་ཁང་གི་ཁོངས་མིས་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་སྐབས་གསར་པ་བདམས་ཐོན་བྱུང་བའི་བར་མུ་མཐུད་འགན་འཁྲི་བསྒྲུབ་རྒྱུ་རེད།

གནས་ཚུལ་སྤེལ་བར་གཞིགས་ན། འཇར་མན་གྱི《གཞི་རྩའི་བཅའ་ཁྲིམས》དོན་ཚན69པའི་གཏན་འབེབས་ལྟར་ན། སྐབས་གསར་པའི་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་བཙུགས་རྗེས། ད་ལྟའི་སྲིད་གཞུང་དངོས་སུ་གྲོལ་རྒྱུ་རེད།

1.jpg

གནས་ཚུལ་སྤེལ་བར་གཞིགས་ན། ཉིན་དེའི་སྔ་ཙམ་དུ་འཇར་མན་གྱི་གྲོས་མི་པེར་ལིན་དུ་འཛོམས་ནས་ཚོགས་འདུ་ཐོག་མ་ཚོགས། འཇར་མན་ཡེ་ཤུའི་ཆོས་ལུགས་དམངས་གཙོ་མནའ་འབྲེལ་གྱི་གྲོས་མི་ཀྲུའུ་ལི་ཡ·ཁེ་ལུའོ་ཁེ་ན་སྐབས21པའི་འཇར་མན་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་གི་གྲོས་དཔོན་དུ་བདམས། ཆུ་ཚོད་ཁ་ཤས་ཀྱི་རྗེས་སུ། ཧྲི་ཐའེ་དབྱིན་མའེ་ཨེར་གྱིས་ཉིན་དེའི་ཕྱི་དྲོའི་ཆུ་ཚོད5དང་སྐར་མ30ཡས་མས་སུ་ཧྲོ་ཨེར་ཚི་དང་དེའི་པུ་ཀྲང14ལ་འགན་གྲོལ་བདེན་དཔང་སྤྲད།

འཇར་མན་གྱི་ཙུང་ཐུང་གཞུང་ལས་ཁང་གིས་ཧྲི་ཐའེ་དབྱིན་མའེ་ཨེར་གྱིས་ཧྲོ་ཨེར་ཚིའི་སྲིད་གཞུང་ལ་རྒྱུན་འཛིན་མཁན་མ་རྙེད་བར་མུ་མཐུད་སྲིད་འཛིན་བྱེད་དགོས་པའི་རེ་ཞུ་ཞུས་ཞེས་བཤད། སྔོན་མར་གནས་ཚུལ་སྤེལ་བར་གཞིགས་ན། འཇར་མན་རྒྱལ་ཕྲན་མཉམ་འབྲེལ་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གིས་ཟླ2པའི་ཚེས24ཉིན་གྱི་ཐོ་རེངས་ལ་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་(གྲོས་ཁང་འོག་མ་)གི་འདེམས་བསྐོའི་མཇུག་འབྲས་ཁྱབ་བསྒྲགས་བྱས། དེ་ལྟར་ན་ཡེ་ཤུའི་ཆོས་ལུགས་དམངས་གཙོ་མནའ་འབྲེལ་དང་ཡེ་ཤུའི་ཆོས་ལུགས་སྤྱི་ཚོགས་མནའ་འབྲེལ་གཉིས་ལས་གྲུབ་པའི་མནའ་འབྲེལ་ཏང་ལ་འདེམས་ཤོག་ཐོབ་ནས་འདེམས་བསྐོའི་ཁྲོད་རྒྱལ་ཁ་ཐོབ། སྤྱི་ཚོགས་དམངས་གཙོ་ཏང་གི་འདེམས་ཤོག་ཐོབ་ཚད་ཨང་གསུམ་པར་སླེབས་ཡོད།

མིག་སྔར། མནའ་འབྲེལ་ཏང་གི་ཙུང་ལིའི་འོས་མི་ཧྥུ་ལི་ཏེ་ལི་ཞི·མོ་ཚིས་སྤྱི་ཚོགས་དམངས་གཙོ་ཏང་དང་མཉམ་འབྲེལ་སྲིད་གཞུང་འཛུགས་རྒྱུའི་ཐད་གྲོས་མོལ་བྱེད་བཞིན་ཡོད།


མཉམ་སྤྱོད།