དེ་རིང་ནི2025ལོའི་ཟླ05པའི་ཚེས04ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུ་ཡིས་ཚོགས་འདུ་བསྡུས། ཞི་ཅིན་ཕིང་གིས་ཚོགས་འདུར་གཙོ་སྐྱོང་གནང་།

2025-04-01 10:17:44   |   700

སྒྲིག་སྒྱུར། ཁོན་ཐར་ཚེ་རིང་། ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། བཤེར་འབེབས། རིན་ཆེན་ཚེ་རིང་།


ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར་ན།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུ་ཡིས་ཟླ3ཚེས31ཉིན་ཚོགས་འདུ་བསྡུས་ནས། 《སྐྱེ་ཁམས་ཀྱི་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ལས་དོན་སྲོལ་ཡིག》དང་《ཀྲུང་དབྱང་སྐབས་ཉི་ཤུ་པའི་རེས་སྐོར་བཞི་པའི་སྐོར་ཞིབ་གནས་ཚུལ་ཐད་ཀྱི་ཕྱོགས་བསྡུས་སྙན་ཞུ》ལ་གྲོས་ཞིབ་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུར་གཙོ་སྐྱོང་གནང་།

ཚོགས་འདུའི་ཐོག་བསྟན་དོན། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ནི་ཏང་ཀྲུང་དབྱང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ཞིང་། རིམ་པ་ཁག་གི་མགོ་ཁྲིད་ལས་བྱེད་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆབ་སྲིད་འགན་འཁྲི་ནན་འཛིན་བྱེད་པ་ནས་མགོ་བཙུགས་ཏེ། སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་བྱེད་པའི་གཙོ་གནད་དཔེ་མཚོན་གྱོད་གཞི་ཁག་ཅིག་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ནས། མི་དམངས་མང་ཚོགས་ཁྲོད་དུ་བསམ་འཆར་མང་པོ་འདོན་པའི་ཁོར་ཡུག་གནད་དོན་འབུར་ཐོན་ཁག་གཅིག་ཐག་གཅོད་བྱ་རྒྱུར་སྐུལ་འདེད་བཏང་སྟེ་ཕན་འབྲས་བཟང་པོ་ཐོན་ཡོད།

ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། ཏང་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་བཤེར་ལས་དོན་ལ་མགོ་ཁྲིད་རྒྱུན་འཁྱོངས་དང་ཤུགས་བསྣན་ཏེ། ལྟ་བཤེར་གྱི་ཚར་གཅོད་ཕན་ནུས་མུ་མཐུད་དུ་འདོན་སྤེལ་བྱེད་དགོས་པ་དང་། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་སྔར་ལས་ལྷག་པར་མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་དམ་འཛིན་བྱེད་པ་སྔར་ལས་ནན་འཛིན་བྱེད་དགོས། འགན་འཁྲིའི་ལམ་ལུགས་ཀྱི"གནད་འགག"དམ་འཛིན་བྱས་ཏེ། སྤྱི་ཡོངས་འདུ་ཤེས་ལ་ཤུགས་སྣོན་དང་། གཟབ་ནན་གྱི་དགོངས་གཞི་རྒྱུན་འཁྱོངས་བྱས་ཏེ། དངོས་སྒྲུབ་འགག་གཏོར་བྱེད་ཕོད་པ་དང་། གནད་དོན་རྒྱུན་མཐུད་ངང་ཤེས་རྟོགས་བྱས་ཏེ། གནད་དོན་ནན་ཏན་གྱིས་ཐག་གཅོད་བྱེད་དགོས་ཤིང་། ཏང་ཀྲུང་དབྱང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་འཐབ་ཇུས་བཀོད་སྒྲིག་གི་ལག་བསྟར་ནུས་པ་མཐོ་རུ་གཏོང་དགོས། ལྟ་བཤེར་དཔུང་ཁག་གི་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། ཚད་ལྡན་ངང་དོ་དམ་བྱེད་པར་ཤུགས་སྣོན་དང་། སྤྱོད་ཚུལ་སྒྲིག་ཁྲིམས་ནན་གྱིས་འཛིན་དགོས།

ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། ཀྲུང་དབྱང་སྐོར་ཞིབ་ཚན་ཆུང་གིས་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྡེ་ཚན་སྐོར་ཞིག་ལ་སྐོར་ཞིབ་བྱེད་པ་དང་། གསར་དུ་རྙེད་པའི་གནད་དོན་སྐོར་ཞིག་ལ་གཟབ་ནན་དང་ནན་ཏན་གྱིས་སྒྲིག་བཅོས་ཡག་པོ་བྱེད་དགོས། ཆབ་སྲིད་ཀྱི་ཚུགས་གནས་ཇེ་མཐོར་བཏང་སྟེ། ཏང་ཀྲུང་དབྱང་གིས་སྤྲད་པའི་འགན་འཁྲི་ལག་བསྟར་ཏན་ཏིག་བྱེད་པ་དང་། འགུལ་སྐྱོད་དངོས་ལ་བརྟེན་ནས“སྲུང་སྐྱོང་གཉིས”་སྒྲུབ་ཐུབ་པ་བྱེད་དགོས། ཆབ་སྲིད་ཀྱི་འགན་འཁྲི་ལ་ཤུགས་སྣོན་དང་། དག་སྲུང་གསར་གཏོད་རྒྱུན་འཁྱོངས་བྱས་ཏེ། སྟེང་རིམ་ཇུས་འགོད་དང་སྤྱིའི་འཆར་འགོད་ལ་ཤུགས་སྣོན་པ་དང་། བཅོས་སྒྱུར་དང་ལས་འགན་སོ་སོ་དོན་འཁྱོལ་བྱེད་པར་མཐའ་གཅིག་ཏུ་སྐུལ་འདེད་གཏོང་དགོས། མགོ་ཁྲིད་ཚན་ཁག་གི་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། ནུས་ཤུགས་ཡོད་རྒུས་གང་བྱུང་དུ་སྒྲུབ་པ་དང་། གང་འདོད་དུ་སྒྲུབ་པ། ལས་སྒྲུབ་བྱེད་མི་ཕོད་པ་དང་། སྒྲུབ་ལ་མི་མཁས་པའི་གནད་དོན་ཐག་གཅོད་བྱས་ཏེ། མགོ་ཁྲིད་ལས་བྱེད་པ་མཐོ་དམན་གཉིས་སུ་རུང་བའི་རྒྱུན་ལྡན་ཅན་ལ་སྐུལ་འདེད་གཏོང་དགོས། ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་ཆབ་སྲིད་འགན་འཁྲི་ནན་ཏན་གྱིས་ལག་བསྟར་བྱས་ཏེ། ཚད་གཞི་མཐོན་པོ་དང་བླང་བྱ་ནན་མོ་རྒྱུན་འཁྱོངས་བྱས་ཏེ། རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྤྱོད་བཟང་སྒྲིག་ལམ་ནན་སྲུང་དང་རུལ་སུངས་ལ་ངོ་རྒོལ་བྱས་ཏེ། སྲོལ་བཟང་སྤྱོད་ལེགས་ཀྱི་ཆབ་སྲིད་ལས་ཁུངས་འཛུགས་དགོས།

ཚོགས་འདུའི་ཐོག་བསྟན་དོན། 2025ལོ་ནི་སྐོར་ཞིབ་ཡོངས་སུ་ཁྱབ་པར་སྐུལ་འདེད་གཏོང་བའི་གནད་འགག་གི་ལོ་ཞིག་ཡིན་པས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་དོན་འཁྱོལ་བྱས་ཏེ། རྒྱུན་མཐུད་ངང་སྐོར་ཞིབ་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་རྒྱུན་འཁྱོངས་དང་། ཆབ་སྲིད་ཀྱི་སྐོར་ཞིབ་གཏིང་ཟབ་ཏུ་བཏང་སྟེ། ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་སོ་སོ་དོན་འཁྱོལ་བྱས་པའི་གནས་ཚུལ་དེ་ལྟ་སྐུལ་ཀྱི་གཙོ་གནད་དུ་བརྩིས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་འགན་སྲུང་ནུས་ལྡན་འདོན་སྤྲོད་བྱེད་དགོས། གནད་དོན་འཛིན་ཕྱོགས་དང་གཟབ་ནན་གྱི་དགོངས་གཞི་རྒྱུན་འཁྱོངས་བྱས་ཏེ། གཙོ་གནད་གནད་དོན་དང་། གཙོ་གནད་ཁྱབ་ཁོངས། གཙོག་གནད་བྱ་ཡུལ་བཅས་ལ་དོ་སྣང་བྱས་ཏེ། “མགོ་ཁྲིད་གཙོ་བོ”དང་མགོ་ཁྲིད་ཚན་ཁག་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་དགོས། མ་ལག་གི་འདུ་ཤེས་རྒྱུན་འཁྱོངས་དང་ཕྱོགས་བསྡུས་ཀྱི་ལྟ་སྐུལ་ནུས་པ་འདོན་སྤེལ་བྱས་ཏེ། སྐོར་ཞིབ་དང་ལྟ་སྐུལ་གཞན་དག་གི་མཐུན་སྦྱོར་ལ་ཤུགས་བསྣན་ཏེ། བྱ་བའི་འགྲིལ་ཤུགས་ཆགས་སུ་འཇུག་དགོས། དངོས་ཐོག་བདེན་འཚོལ་དང་། སྒྲིག་སྲོལ་དང་སྒྲིག་ཁྲིམས་ལྟར་སྒྲུབ་པ་རྒྱུན་འཁྱོངས་བྱས་ཏེ། སྲིད་ཇུས་གནད་ལ་འཁེལ་བའི་སྒོ་ནས་ཁོང་དུ་ཆུད་པ་དང་། གནད་དོན་ཇི་མ་ཇི་བཞིན་མཚོན་པ། སྒྲིག་ཁྲིམས་ཀྱི་འདུ་ཤེས་དང་ཁྲིམས་སྐྱོང་གི་འདུ་ཤེས་ལ་ཤུགས་བསྣན་ཏེ། ནང་ཁུལ་དོ་དམ་གྱི་ལྟ་སྐུལ་ནན་མོར་གཏོང་དགོས། 

ཚོགས་འདུའི་ཐོག་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས།


མཉམ་སྤྱོད།