དེ་རིང་ནི2025ལོའི་ཟླ05པའི་ཚེས04ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཁྲུང་ཆིང་གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏོན་ཁྲེང་ཀང་ལ་ལས་ཐོག་ཞིབ་བཤེར་བྱས།

2025-04-01 11:07:53   |   494

སྒྲིག་སྒྱུར། ཁོན་ཐར་ཚེ་རིང་། ཡོང་ཁུངས། ཀྲུང་གོའི་གསར་འགྱུར་ཁང་། བཤེར་འབེབས། རིན་ཆེན་ཚེ་རིང་།


ཀྲུང་གོའི་གསར་འགྱུར་ཁང་གི་གློག་འཕྲིན་ལྟར་ན། ཟླ3ཚེས31ཉིན་ཀྲུང་གོའི་གཞུང་ཕྱོགས་ཀྱི་བརྡ་ཁྱབ་ཁྱབ་བསྒྲགས་བྱས་པ་དང་། ཁྲུང་ཆིང་གྲོང་ཁྱེར་སྲིད་གྲོས་ཀྱི་ཏང་ཙུའུ་ཁོངས་མིའམ་ཀྲུའུ་ཞི་གཞོན་པ་ཏོན་ཁྲེང་ཀང་ལ་སྒྲིག་ཁྲིམས་ཁྲིམས་འགལ་ཚབས་ཆེན་གྱི་དོགས་གཞི་ཡོད་པས། མིག་སྔར་ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་སྐུལ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད།

ཡོངས་བསྒྲགས་ཀྱི་དཔྱད་གཞི་ལས་མངོན་པ་ལྟར་ན། ཏོན་ཁྲེང་ཀང་ནི་ཁྲུང་ཆིང་ཅང་པེའི་མི་ཡིན། 1963ལོའི་ཟླ6པར་སྐྱེས་པ་དང་། 1983ལོའི་ཟླ8པར་ལས་ཀར་ཞུགས། 1985ལོའི་ཟླ6པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། ཁོས་དེ་སྔོན་ཁྲུང་ཆིང་གྲོང་ཁྱེར་ཅང་པེ་ཆུས་ཨུ་ལྷན་གྱི་རྒྱུན་ལས་ཨུ་ཡོན་དང་ཆུས་ཀྲང་གཞོན་པ་དང་། པ་ནན་ཆུས་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་དང་ཆུས་ཀྲང་། ཡུས་པེ་ཆུས་ཨུ་ལྷན་གྱི་ཧྲུའུ་ཅི། ལེང་ཅང་ཁུལ་གསར་གྱི་ཏང་དོན་ཨུ་ལྷན་གྱི་ཧྲུའུ་ཅི་སོགས་ཀྱི་འགན་འཁུར་མྱོང་། 2022ལོར། ཏོན་ཁྲེང་ཀང་ཁྲུང་ཆིང་གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པར་བདམས།


མཉམ་སྤྱོད།