དེ་རིང་ནི2025ལོའི་ཟླ05པའི་ཚེས04ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་སྔོན་ཞིང་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་འཚོགས། ཝུའུ་ཞོ་ཅུན་གྱིས་གཙོ་སྐྱོང་གནང་།

2025-04-01 15:04:12   |   510

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ3པའི་ཚེས31ཉིན། ཞིང་ཨུའི་ཧྲུའུ་ཅི་ཝུའུ་ཞོ་ཅུན་གྱིས་ཞིང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་གཙོ་སྐྱོང་གནང་སྟེ་འཚོགས། ཚོགས་ཐོག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་གི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། རང་ཞིང་གི་ལག་བསྟར་བསམ་འཆར་ལ་ཞིབ་འཇུག་བྱས།

ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གྱིས་ང་ཚོར་ཕྱོགས་ཁག་གི་ལས་དོན་ལེགས་པར་བསྒྲུབ་རྒྱུར་ཁ་ཕྱོགས་གསལ་སྟོན་བྱས་ཡོད་པ་དང་གཞི་འཛིན་ས་མཁོ་འདོན་བྱས་ཡོད། སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་སྐྱོང་བྱ་རྒྱུ་སྣེ་ཁྲིད་དུ་བྱས་ཏེ། རྒྱལ་ཁབ་སྤྱི་གླིང་གཙོ་གཟུགས་བྱས་པའི་རང་བྱུང་སྲུང་སྐྱོབ་ས་ཆའི་མ་ལག་མགྱོགས་མྱུར་ངང་འཛུགས་སྐྱོང་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་བརྟན་པོར་འཛུགས་དགོས། ས་མཐོའི་ཐོན་ཁུངས་དང་ནུས་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ་ཐོན་ལས་རིགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་མགྱོགས་སུ་གཏོང་བ་དང་། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་དང་འབྱུང་འགྱུར་ཐོན་ལས་འཕེལ་རྒྱས་ཧུར་ཐག་གཏོང་དགོས་ལ། མཚོ་སྔོན་གྱི་ཁྱད་ཆོས་དང་དགེ་མཚན་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་གསོ་སྐྱོང་བྱེད་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་སློབ་གསོ་ལ་ཤུགས་སྣོན་བརྒྱབ་ནས་མི་རིགས་ཁག་གི་འགྲོ་སྤེལ་འདྲེས་གསུལ་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་དང་སློབ་གསོ་ཏན་ཏིག་སྤེལ་བ་དང་། རུལ་སུངས་ལ་ངོ་རྒོལ་བྱེད་པ་དང་སྦྲེལ་ཏེ། ཏང་ཡོན་ལས་བྱེད་པས་སྒྲིག་སྲོལ་དང་སྒྲིག་ཁྲིམས་ལ་བརྩི་སྲུང་དང་དངོས་སྒྲུབ་སྔོན་ཐོན་བརྩོན་ལེན་བྱེད་པར་ཁྲིད་སྟོན་བྱས་ཏེ། སློབ་གསོ་སློབ་སྦྱོང་གི་གྲུབ་འབྲས་དེ་དཔལ་འབྱོར་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱལ་ལ་སྐུལ་འདེད་གཏོང་བའི་དོན་དངོས་ཀྱི་ཕན་འབྲས་སུ་བསྒྱུར་དགོས།

ཚོགས་འདུའི་ཐོག་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་སྤྱིའི་བཟོ་ཚོང་ལས་རིགས་ཀྱི་འཐུས་མི་དང་མཇལ་འཛོམས་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་བརྒྱུད་སྤྲོད་བྱས་ཏེ། རང་རྒྱལ་གྱིས་བློ་བརྟན་འགྱུར་མེད་ངང་རྒྱལ་སྒོ་སྒོ་འབྱེད་དང་སྒོ་འབྱེད་རྒྱ་ཆེར་གཏོང་བའི་ཆོད་སེམས་དང་རྣམ་འགྱུར་གསལ་བོར་བསྟན་ཡོད། རྒྱལ་ཁབ་ཀྱི་ས་ཁོངས་གལ་ཆེན་འཕེལ་རྒྱས་ཀྱི་འཐབ་ཇུས་དང་འབྲེལ་མཐུད་དོན་འཁྱོལ་ཧུར་ཐག་བྱས་ཏེ།“ནང་འདྲེན”དང“ཕྱིར་འདྲེན”ཟུང་འབྲེལ་མཐའ་འཁྱོངས་དང་། ཕྱི་ཕྱོགས་སྒོ་འབྱེད་ཀྱི་ལམ་བུ་དང་ལས་སྟེགས་རྒྱུན་ཆད་མེད་པར་རྒྱ་སྐྱེད་གཏོང་དགོས། ཕྱི་རྒྱལ་གྱི་མ་དངུལ་བེད་སྤྱོད་བྱེད་པ་དང་ཕྱི་ཕྱོགས་ཚོང་དོན་ཐད་འཕེལ་རྒྱས་གསར་པ་ཡོང་བ་དང་། རྒྱུན་མཐུད་གྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་བཏང་སྟེ། མཚོ་སྔོན་རྒྱལ་ཡོངས་གཅིག་གྱུར་གྱི་ཚོང་ར་ཆེན་པོའི་ནང་སྔར་བས་མཉམ་འདྲེས་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་ཀྱི་སྤྱི་ཡོངས་ཀྱི་ཕྱི་འབྲེལ་བཀོད་པ་ལ་ཞབས་འདེགས་དེ་བས་ལེགས་པ་ཞུས་ཏེ། མཚོ་སྔོན་གྱི་གཏམ་རྒྱུད་དང་མཚོ་སྔོན་གྱི་བྱས་རྗེས་འཇོག་དགོས།

ཚོགས་འདུའི་ཐོག་བསྟན་དོན། འདས་ཟིན་པའི་ལོ་གཅིག་ནང་ཞིང་ཆེན་ཡོངས་ཀྱི་ཕྱི་འབྲེལ་ལས་དོན་ལ་གྲུབ་འབྲས་བཟང་བོ་ཐོབ་ཡོད་དེ། མཚོ་སྔོན་གྱི་རྒྱལ་སྤྱིའི་ཤུགས་རྐྱེན་མཐོར་འདེགས་ཕྱིན་ཡོད། ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པ་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས་ཏང་ཀྲུང་དབྱང་གི་ཕྱི་ཕྱོགས་ལས་དོན་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་དགོས་ལ། སྐྱེ་ཁམས་སྲུང་སྐྱོང་དང་། ནུས་རྒྱུ་གཙང་མ། ལོ་རྒྱུས་དང་སྤྱི་ཚོགས་རིག་གནས་སོགས་ཐད་ཀྱི་མཚོ་སྔོན་གྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་ནང་ཟབ་མོ་མཉམ་འདྲེས་དང་། མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་དགོས། མུ་མཐུད་དུ་ཕྱི་ཕྱོགས་སྤེལ་རེས་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་ཏང་དང་རྒྱལ་ཁབ་ཀྱི་ཕྱི་ཕྱོགས་ལས་དོན་གྱི་སྤྱིའི་བཀོད་པ་ལ་དེ་ལས་མང་བའི་ལེགས་སྐྱེས་འབུལ་དགོས།

ཚོགས་འདུའི་ཐོག་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིད་གཙོ་བོས་རུ་ཁག་ཁྲིད་ནས་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུ་ཨུ་དང་། ཀྲུང་དབྱང་ཁེ་ལས་ལ་མཇལ་འཕྲད་བྱས་པའི་གནས་ཚུལ་དང་། སྐབས་གཉིས་པའི་མཚོ་སྔོན་ལྗང་མདོག་རྩིས་ཤུགས་ཐོན་ལས་འཕེལ་རྒྱས་འོས་སྦྱོར་ཚོགས་འདུ་བཅས་ཀྱི་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན།


མཉམ་སྤྱོད།