དེ་རིང་ནི2025ལོའི་ཟླ05པའི་ཚེས03ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

《བདེན་འཚོལ》ཐོག་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་ཞིག་སྤེལ་བ།

2025-04-01 16:17:27   |   358

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། བཤེར་འབེབས། རིན་ཆེན་ཚེ་རིང་།


 སྤྱི་ཟླ4པའི་ཚེས1ཉིན་དཔེ་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས7པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པའི་དམིགས་འབེན་རླབས་པོ་ཆེའི་ཕྱོགས་སུ་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་དགོས》ཞེས་པ་བཀོད།

རྩོམ་ཡིག་ནང་། ཚན་རྩལ་དར་ན་མི་རིགས་དར། ཚན་རྩལ་སྟོབས་ཆེ་ན་རྒྱལ་ཁབ་སྟོབས་ཆེ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་གསར་གཏོད་ཀྱིས་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པར་སྐུལ་འདེད་གཏིང་ཟབ་བཏང་བ་དང་། གསར་གཏོད་རྣམ་པའི་རྒྱལ་ཁབ་མགྱོགས་མྱུར་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་ལས་འགན་བཏོན་པ་དང་། སྤྱི་ལོ2035ལོར་ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་བསྐྲུན་ཚར་བ་བྱ་རྒྱུའི་འབད་འཐབ་དམིགས་འབེན་གཏན་འཁེལ་བྱས། ཚན་རྩལ་སྒྲིག་སྲོལ་་བཅོས་བསྒྱུར་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་བ། ཚན་རྩལ་མི་སྣའི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐུལ་སྤེལ་གང་ལེགས་བྱས་ཏེ། ཚན་རྩལ་རང་ཚུགས་དང་རང་སྟོབས་རང་སྤེལ་ལ་སྐུལ་འདེད་ནུས་ལྡན་བཏང་བས། རང་རྒྱལ་གྱི་ཚན་རྩལ་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ཡོད་ཅེས་ནན་སྟོན་བྱས་ཡོད།

 རྩོམ་ཡིག་ནང་། དུས་རབས་གསར་པའི་ཚན་རྩལ་བྱ་གཞག་གོང་འཕེལ་གཏོང་བའི་ལག་ལེན་ཁྲོད། ང་ཚོས་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་ནས་ཉམས་མྱོང་གལ་ཆེན་མང་པོ་གསོག་འཇོག་བྱས་ཡོད། གཙོ་བོ་ནི། ཏང་གི་ཁྱོན་ཡོངས་ཀྱི་མགོ་ཁྲིད་མཐའ་འཁྱོངས་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་རང་བདག་གསར་གཏོད་ཀྱི་བགྲོད་ལམ་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས། གསར་གཏོད་ཀྱིས་གོང་འཕེལ་ལ་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས། “ཁ་ཕྱོགས་པ་བཞིའི”འཐབ་ཇུས་ཀྱི་ཁྲིད་སྟོན་མཐའ་འཁྱོངས། བཅོས་བསྒྱུར་གཏིང་ཟབ་ཏུ་བཏང་ནས་གསར་གཏོད་ཀྱི་གསོན་ཤུགས་སྐུལ་སྤེལ་བྱ་རྒྱུ་མཐའ་འཁྱོངས། སློབ་གསོ་ཚན་རྩལ་ཤེས་ལྡན་མི་སྣའི་འཁོར་སྐྱོད་བཟང་པོར་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས། གསར་གཏོད་རིག་གནས་གསོ་སྤེལ་བྱ་རྒྱུ་མཐའ་འཁྱོངས། ཚན་རྩལ་སྒོ་འབྱེད་མཉམ་ལས་ཀྱིས་མིའི་རིགས་ལ་བདེ་སྐྱིད་བསྐྲུན་རྒྱུ་མཐའ་འཁྱོངས་བཅས་ཡིན། ཉམས་མྱོང་འདི་དག་ཧ་ཅང་རྩ་ཆེན་ཡིན་པས། ངེས་པར་དུ་ཡུན་རིང་རྒྱུན་འཁྱོངས་བྱེད་པ་དང་འབྲེལ་ལག་ལེན་ཁྲོད་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་བཏང་ནས་གོང་འཕེལ་གཏོང་དགོས་ཞེས་བསྟན་ཡོད།

རྩོམ་ཡིག་ནང་། ཀྲུང་གོའི་རྣམ་པའི་དེང་རབས་ཅན་དེ་ཚན་རྩལ་དེང་རབས་ཅན་གྱི་འདེགས་སྐྱོར་ལ་བརྟེན་དགོས་པ་དང་། སྤུས་མཐོའི་གོང་འཕེལ་མངོན་འགྱུར་ཡོང་བ་བྱེད་པར་ཚན་རྩལ་གསར་གཏོད་ལ་བརྟེན་ནས་སྒུལ་ཤུགས་གསར་པ་སྐྱེད་སྲིང་བྱེད་དགོས། ངེས་པར་དུ་ཚན་རྩལ་གྱི་འཐབ་ཇུས་སྔོན་ཁྲིད་གནས་བབ་དང་རྩ་བའི་འདེགས་སྐྱོར་ནུས་པར་ངོས་འཛིན་གང་ལེགས་བྱས་ཏེ། སྤྱི་ལོ2035ལོར་ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་བསྐྲུན་ཚར་བ་བྱ་རྒྱུའི་འཐབ་ཇུས་དམིགས་འབེན་གཏན་འཁེལ་བྱས་ཏེ། རྩེ་རིམ་ཇུས་འགོད་དང་གཅིག་གྱུར་འཆར་འགོད་ལ་ཤུགས་སྣོན་བརྒྱབ་ཐོག ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་དང་རང་སྟོབས་རང་སྤེལ་མངོན་འགྱུར་ཡོང་བ་མགྱོགས་སུ་གཏོང་དགོས། ང་ཚོས་བསྐྲུན་ཚར་དགོས་པའི་ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་ལ་ངེས་པར་དུ་གཤམ་གསལ་གྱི་གཞི་རྩའི་རྒྱུ་རྐྱེན་དེ་དག་ཚང་དགོས་པ་སྟེ། གཅིག་ནི་རྨང་གཞིའི་ཞིབ་འཇུག་དང་ཐོག་མའི་གསར་གཏོད་ནུས་པ་ཆེན་པོ་ལྡན་ནས། ཐོག་མའི་གསར་གཏོད་རང་བཞིན་དང་ཚད་བརྒལ་རང་བཞིན་གྱི་ཚན་རྩལ་གྲུབ་འབྲས་གལ་ཆེན་རྒྱུན་མཐུད་ངང་ཐོན་ཐུབ་པ་བྱེད་དགོས་པ་དང་། གཉིས་ནི་འགག་རྩའི་ལྟེ་བའི་ལག་རྩལ་འགག་སྒྲོལ་གྱི་ནུས་པ་སྟོབས་ཆེན་ལྡན་ནས། སྤུས་མཐོའི་གོང་འཕེལ་དང་ཆུ་ཚད་མཐོ་བའི་བདེ་འཇགས་ལ་འདེགས་སྐྱོར་ནུས་ལྡན་བྱེད་དགོས་པ། གསུམ་ནི་རྒྱལ་སྤྱིའི་ཤུགས་རྐྱེན་ནུས་པ་དང་སྣེ་ཁྲིད་ནུས་པ་ཆེན་པོ་ལྡན་ནས། འཛམ་གླིང་གི་ཚན་རིག་ལྟེ་གནས་གལ་ཆེན་དང་གསར་གཏོད་ཀྱི་མཐོ་སར་འགྱུར་བར་བྱེད་དགོས་པ། བཞི་ནི་ཆུ་ཚད་མཐོ་བའི་ཚན་རྩལ་ཤེས་ལྡན་མི་སྣ་གསོ་སྐྱོང་དང་གཅིག་སྡུད་ནུས་པ་ཆེན་པོ་ལྡན་ནས། རྒྱལ་སྤྱིའི་རྩེར་སོན་ཚན་རྩལ་ཤེས་ལྡན་མི་སྣའི་དཔུང་ཁག་དང་རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་རྒྱུན་ཆད་མེད་པར་སྟོབས་ཆེར་གཏོང་དགོས་པ། ལྔ་ནི་ཚན་རྩལ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་ཆེན་པོ་ལྡན་ནས། འཛམ་གླིང་གི་གསར་གཏོད་འབྱུང་ཁམས་དང་ཚན་ཞིབ་ཁོར་ཡུག་རྩེ་གྲ་ཞིག་ཆགས་པར་བྱེད་དགོས་པ་བཅས་ཡིན་ཞེས་བསྟན་ཡོད།

རྩོམ་ཡིག་ནང་། “ལོ་བཅུར་རལ་གྲི་གཅིག་བརྡར་བ”ལྟ་བུའི་འགྱུར་མེད་ཀྱི་ཆོད་སེམས་དང་བློ་རྩ་བརྟན་པོར་བརྟེན་ནས། དུས་ཚོད་ཆུད་ཟོས་སུ་མི་གཏོང་བ་དང་། དཀའ་སྤྱད་འབད་བརྩོན། གོམ་པ་རེ་རེ་བཞིན་བརྟན་པོ་སྤོས་ནས་ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་བསྐྲུན་ཚར་བ་བྱ་རྒྱུའི་འཐབ་ཇུས་དམིགས་ཚད་དེ་མངོན་འགྱུར་ཡོང་བ་བྱ་དགོས། གཅིག་ནས་རྣམ་པ་གསར་པའི་རྒྱལ་ཡོངས་སྒྲིག་གཞིའི་བཟང་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་དང་རང་སྤོབས་རང་སྤེལ་ལ་གང་མགྱོགས་སྐུལ་འདེད་གཏོང་དགོས། ཏང་ཀྲུང་དབྱང་གིས་ཚན་རྩལ་ལས་དོན་ལ་གཅིག་སྡུད་གཅིག་གྱུར་གྱིས་མགོ་ཁྲིད་བྱེད་པའི་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཚན་རྩལ་ཐོན་ཁུངས་བཀོད་སྒྲིག་བྱེད་པའི་ཁྲོད་ཀྱི་ཁྲོམ་རའི་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། སྲིད་གཞུང་གི་ཕྱོགས་ཁག་གི་ནུས་པ་འདོན་སྤེལ་སྔར་ལས་ལེགས་པར་བྱེད་པ། རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། རྨང་གཞིའི་ཞིབ་འཇུག་རྩ་འཛུགས་ཅན་དུ་འགྱུར་ཚད་མཐོ་རུ་གཏོང་བ་བཅས་བྱ་དགོས། གཉིས་ནས་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་ཏན་ཏིག་བཏང་ནས། སྤུས་གསར་ཐོན་སྐྱེད་ནུས་ཤུགས་གོང་འཕེལ་ལ་རོགས་རམ་བྱེད་དགོས། མཉམ་འདྲེས་ཡོང་བའི་རྨང་གཞི་ནི་སྤུས་མཐོའི་ཚན་རྩལ་མཁོ་སྤྲོད་མང་དུ་གཏོང་རྒྱུ་དེ་ཡིན་པ་དང་། མཉམ་འདྲེས་ཡོང་བ་བྱེད་པའི་འགག་རྩ་ནི་ཁེ་ལས་ཀྱི་ཚན་རྩལ་གསར་གཏོད་བྱེད་པོའི་གནས་བབ་ཇེ་ཡག་ཏུ་གཏོང་རྒྱུ་དེ་ཡིན། མཉམ་འདྲེས་བྱེད་ཐབས་ནི་ཚན་རྩལ་གྲུབ་འབྲས་བརྗེ་སྒྱུར་བཀོལ་སྤྱོད་ལ་སྐུལ་འདེད་གཏོང་རྒྱུ་དེ་ཡིན། གསུམ་ནས་ཕྱོགས་ཡོངས་ནས་ཚན་རྩལ་གྱི་སྒྲིག་གཞིའི་ལམ་སྲོལ་བཅོས་བསྒྱུར་གཏིང་ཟབ་ཏུ་བཏང་སྟེ། གསར་གཏོད་གསར་སྐྲུན་གྱི་གསོན་ཤུགས་སྐུལ་སྤེལ་གང་ལེགས་བྱེད་པ་དང་། ཚན་རྩལ་དོ་དམ་གྱི་སྒྲིག་གཞིའི་ལམ་སྲོལ་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་བ། རིགས་ཁག་གི་གསར་གཏོད་སྟེགས་བུ་འཛུགས་སྐྱོང་ལ་གཅིག་གྱུར་འཆར་འགོད་བྱེད་པ། གསར་གཏོད་ཀྱི་ཐོན་ཁུངས་གཅིག་གྱུར་དང་སྟོབས་ཤུགས་སྒྲིག་འཛུགས་བྱེད་ཤུགས་ཆེ་རུ་གཏོང་བ། ས་ཁོངས་ཚན་རྩལ་གྱི་གསར་གཏོད་རྣམ་པ་འཐུས་སྒོ་ཚང་དུ་གཏོང་བ། ཚན་རྩལ་འཆར་འགོད་དོ་དམ་ལ་ལེགས་བཅོས་བྱེད་པ། ཚན་ཞིབ་བྱེད་སྒོའི་ཆོས་ཉིད་དང་མཐུན་པའི་རིགས་དབྱེ་དཔྱད་དཔོག་མ་ལག་དང་དཔྱད་ཞིབ་ལམ་སྲོལ་གང་མགྱོགས་འཐུས་ཚང་དུ་གཏོང་བ། ཚན་རྩལ་བྱ་དགའ་དང་། ཡོང་འབབ་བགོ་འགྲེམས། གྲུབ་འབྲས་དབང་སྤྲོད་སོགས་ཀྱི་སྐུལ་སློང་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱ་དགོས། བཞི་ནས་སློབ་གསོ་ཚན་རྩལ་ཤེས་ལྡན་མི་སྣའི་བྱ་གཞག་གོང་འཕེལ་ལ་གཞི་གཅིག་ཏུ་སྐུལ་འདེད་བཏང་ནས། ཤེས་ལྡན་མི་སྣའི་འགྲན་རྩོད་ཀྱི་བཟང་ཆ་གཏོད་དགོས། སློབ་གསོ་ཚན་རྩལ་ཤེས་ལྡན་མི་སྣའི་སྒྲིག་གཞི་ལམ་སྲོལ་གཞི་གཅིག་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་བ་དང་། གཞི་ཁྱོན་ཆེན་པོ་དང་། གྲུབ་གཞི་ལུགས་མཐུན། བྱང་ཚད་མཐོ་བ་བཅས་ཀྱི་གསར་གཏོད་རྣམ་པའི་ཤེས་ལྡན་མི་སྣའི་དཔུང་ཁག་ཅིག་གང་མགྱོགས་འཛུགས་དགོས། ཚན་རྩལ་གསར་གཏོད་དགོས་མཁོ་ཁྲིད་སྟོན་དུ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། རྒྱལ་ཁབ་ཀྱི་འཐབ་ཇུས་ཤེས་ལྡན་མི་སྣའི་སྟོབས་ཤུགས་གང་མགྱོགས་འཛུགས་སྐྱོང་བྱ་རྒྱུ་དེ་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ཏེ། གཞོན་ནུ་ཚན་རྩལ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུར་ཤུགས་སྣོན་ཆེན་པོ་རྒྱག་དགོས། ལྔ་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་འདུ་ཤེས་ལག་ལེན་གཏིང་ཟབ་བསྟར་ནས། ཚན་རྩལ་སྒོ་དབྱེ་མཉམ་ལས་ལ་སྐུལ་འདེད་གཏོང་དགོས། རྒྱལ་སྤྱིའི་ཚན་རྩལ་མཉམ་ལས་གྲོས་མགོ་ལག་ལེན་གཏིང་ཟབ་བསྟར་ཏེ་གོ་ལ་ཧྲིལ་པོའི་གསར་གཏོད་དྲ་བའི་ནང་མཉམ་འདྲེས་ཧུར་ཐག་བྱས་ཐོག གནམ་གཤིས་འགྱུར་བ་དང་། འབྲུ་རིགས་བདེ་འཇགས། ནུས་ཁུངས་བདེ་འཇགས་སོགས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཐུན་མོང་ཐོག་ཁ་གཏད་བཅག་ནས་ཚན་རྩལ་གྱིས་མིའི་རིགས་ལ་སྔར་ལས་ལེགས་པའི་སྒོ་ནས་བདེ་སྐྱིད་བསྐྲུན་ཐུབ་པ་བྱ་དགོས་པ་བཅས་ཡིན་ཞེས་བསྟན་ཡོད།

རྩོམ་ཡིག་ནང་། ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པ་ནི་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་ཐུན་མོང་གི་འགན་འཁྲི་ཡིན། བརྗིད་ཆེ་བའི་བློ་སྟོབས་འཛུགས་པ་དང་། ངར་ཤུགས་གཅིག་སྒྲིམ་དང་། འབད་འབུངས་ཆེར་སྐྱེད། མཐུན་སྒྲིལ་འབད་འཐབ་བཅས་བྱས་ཏེ། ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པའི་དམིགས་འབེན་རླབས་པོ་ཆེའི་ཕྱོགས་སུ་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་དགོས་ཞེས་བསྟན་ཡོད།


མཉམ་སྤྱོད།