དེ་རིང་ནི2025ལོའི་ཟླ05པའི་ཚེས03ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

སྡེ་ཁག་གསུམ་གྱིས་བསམ་འཆར་པར་འགྲེམས་བྱས་ནས་སྐད་ཡིག་ཆ་འཕྲིན་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་།

2025-04-01 17:45:08   |   700

སྒྲིག་སྒྱུར། ཁོན་ཐར་ཚེ་རིང་། ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། བཤེར་འབེབས། རིན་ཆེན་ཚེ་རིང་།


ཤིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར་ན། སློབ་གསོ་པུ་དང་། རྒྱལ་ཁབ་སྐད་ཡིག་ཨུ་ལྷན། ཀྲུང་དབྱང་དྲ་རྒྱའི་ཆ་འཕྲིན་གཞུང་དོན་ཁང་བཅས་ཀྱིས་ཉེ་ཆར་ཐུན་མོང་ཐོག་《ཨང་ཀིའི་རྒྱའི་སྐད་ཡིག་འཛུགས་སྐྲུན་ལ་ཤུགས་བསྣན་ནས་སྐད་ཡིག་ཆ་འཕྲིན་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》པར་འགྲེམས་བྱས་ཏེ། སྐད་དང་ཡི་གེའི་ཞབས་ཞུའི་གྲངས་འཛིན་སློབ་གསོ་དང་། གྲངས་འཛིན་ཚན་རྩལ། གྲངས་འཛིན་རིག་གནས། གྲངས་འཛིན་དཔལ་འབྱོར། གྲངས་འཛིན་སྤྱི་ཚོགས་བཅས་ཀྱི་འཛུགས་སྐྲུན་ཞབས་འདེགས་ཞུ་བའི་དོན་དངོས་ནུས་པ་ཆེ་རུ་གཏོང་བ་དང་། སྐད་ཡིག་དང་ཆ་འཕྲིན་ལག་རྩལ་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་རྒྱུ་རེད།

སློབ་གསོ་པུ་ཡིས་ཉིན་དེར་བསྡུས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག  སློབ་གསོ་པུའི་སྐད་ཡིག་ཆ་འཕྲིན་དོ་དམ་སིའི་སི་ཀྲང་ལིའུ་ཕེ་ཅུན་གྱིས་ངོ་སྤྲོད་བྱས་ནས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ནས་བཟུང་། རང་རྒྱལ་གྱི་སྐད་ཡིག་ཆ་འཕྲིན་ཅན་འཛུགས་སྐྲུན་ལ་རྒྱུན་མཐུད་ངང་ཤུགས་བསྣན་པ་དང་། རྒྱལ་ཁབ་ཀྱི་རིག་ནུས་སློབ་གསོའི་ལས་སྟེགས་ཀྱི་སྐད་ཡིག་ཞབས་ཞུའི་ལེ་ཚན་ཤར་གཏོང་བྱས་ལ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་གི་ལས་སྟེགས་སོགས་བཙུགས་ནས། སྐད་ཡིག་གི་རིག་ནུས་ཅན་གྱི་སློབ་སྦྱོང་རྒྱ་ཁྱབ་ཏུ་སྤེལ་ཡོད།

ལིའུ་ཕེ་ཅུན་གིས་བཤད་དོན། “ལོ་མང་འབད་བརྩོན་བྱས་པ་བརྒྱུད། སྐད་ཡིག་ཆ་འཕྲིན་ཅན་གྱིས་ཉེར་སྤྱོད་བྱེད་པ་ཕྱོགས་སྟོན་དང་ཞབས་ཞུ་སྒྲུབ་པ་གཙོ་གནད་དུ་བརྩིས་ནས། དཔལ་འབྱོར་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཡག་པོ་ཞུས་ཡོད་ཟེར།

གསར་འགོད་པས་ཤེས་རྟོགས་བྱུང་བ་ལྟར་ན། སྐད་ཡིག་ཆ་འཕྲིན་ཅན་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་ཆེད། བསམ་འཆར་ནང་གྲངས་འཛིན་རྒྱའི་སྐད་ཡིག་གིས་སློབ་གསོ་འཕེལ་རྒྱས་ལ་ཞབས་ཞུ་བྱེད་པའི་བྱ་སྤྱོད་དང་། གྲངས་འཛིན་རྒྱའི་སྐད་ཡིག་གིས་ཚན་རྩལ་གསར་གཏོད་ལ་རོགས་འདེགས་བྱེད་པའི་བྱ་སྤྱོད། གྲངས་འཛིན་རྒྱའི་སྐད་ཡིག་གིས་རིག་གནས་རྒྱུན་འཛིན་ལ་བྱེད་ནུས་བསྩོལ་བའི་བྱ་སྤྱོད། གྲངས་འཛིན་རྒྱའི་སྐད་ཡིག་གིས་ཐོན་ལས་རིམ་སྤར་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད། གྲངས་འཛིན་རྒྱའི་སྐད་ཡིག་གིས་སྤྱི་ཚོགས་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་སོགས་ཀྱི་ནང་དོན་བཏོན་ཏེ། ཆ་འཕྲིན་ཅན་གྱི་གནས་ཚུལ་འོག་གི་དགེ་རྒན་གྱི་སྐད་ཡིག་སློབ་ཁྲིད་ནུས་པ་མཐོ་རུ་གཏོང་བ་དང་། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་རྒྱ་ཆེར་སྤེལ་བ་དང་གྲངས་གཞི་ཅན་གྱི་ནུས་པ་ཁྱབ་གདལ་གཏོང་ཤུགས་ཆེ་རུ་གཏོང་བ། སྐད་ཡིག་ཐོན་ཁུངས་དང་། སྐད་ཡིག་ལོ་ཙཱ། རིག་ནུས་འཕྲུལ་མི། རྒྱ་ཡིག་ནང་དོན་ཞབས་ཞུ་སོགས་མཉེན་ཆས་དང་མཁྲེགས་ཆས་ཐོན་རྫས་ཞིབ་འཇུག་གསར་སྤེལ་དང་བཀོལ་སྤྱོད་བྱེད་པར་སྐུལ་འདེད་གཏོང་བ་དང་། སྐད་ཡིག་འགོག་རྐྱེན་ཡོད་པའི་མི་ཚོགས་དང་། རྒན་པའི་ཚོགས་ཁྱུ་ལ་ཁ་གཏད་པའི་ཚན་རྩལ་སྒྲིག་ཆས་ཞིབ་འཇུག་གསར་སྤེལ་ལ་རྒྱབ་སྐྱོར་བྱེད་དགོས་པ་བསྟན་ཡོད།

གཞན་ཡང་། བསམ་འཆར་ནང་ད་དུང་སྐད་ཡིག་ཤེས་ལྡན་མི་སྣ་མཁོ་སྤྲོད་ཀྱི་ལམ་སྲོལ་ཟུངས་ནུས་བྱ་ཐབས་དང་ཞིབ་འཇུག་ལ་ཤུགས་སྣོན་པ་དང་། མཐོ་རིམ་སློབ་གྲྭའི་སྐད་ཡིག་རིག་ཚན་དང་རིག་ཚན་མང་པོ་ཕན་ཚུན་གཏིང་ཟབ་མཉམ་འདྲེས་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་བྱས་ཏེ། “སྐད་ཡིག་དང་མི་ཐབས་རིག་ནུས”ཀྱི་མཉམ་འདུས་ཅན་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུར་ཤུགས་སྣོན་དགོས་པ་བཅས་ཀྱི་ནང་དོན་བཏོན་ཡོད་ལ། སྐད་ཡིག་ཆ་འཕྲིན་ལག་རྩལ་ཐོན་ལས་དང་འབྱུང་འགྱུར་འཕེལ་རྒྱས་ཁ་ཕྱོགས་ལ་ཕྱོགས་ནས། བྱང་ཚད་མཐོ་བའི་རྩལ་ནུས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུར་ཤུགས་སྣོན་བྱེད་དགོས་པའང་བཏོན་ཡོད།


མཉམ་སྤྱོད།