དེ་རིང་ནི2025ལོའི་ཟླ05པའི་ཚེས02ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཧན་ཀྲེང་གིས་ཧོ་ལན་གོང་མ་ཚང་ཧྥེ་ལི་ཕུའུ་ཀུང་སིའི་དབུ་བཞུགས་ལག་བསྟར་དཔོན་ཅ་པོ་རུའེ་དང་མཇལ་འཛོམས་གནང་བ།

2025-04-02 10:05:55   |   578



སྒྲིག་སྒྱུར།   སངས་དོན།    ཡོང་ཁུངས།   ཞིན་ཧྭ་དྲ་བ།    བཤེར་འབེབས།    རིན་ཆེན་ཚེ་རིང་།


ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ4པའི་ཚེས1ཉིན་འབྱོར་བའི་གློག་འཕྲིན།    རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲེང་གིས་ཚེས1ཉིན་པེ་ཅིང་དུ་ཧོ་ལན་གོང་མ་ཚང་ཧྥེ་ལི་ཕུའུ་ཀུང་སིའི་དབུ་བཞུགས་ལག་བསྟར་དཔོན་ཅ་པོ་རུའེ་དང་མཇལ་འཛོམས་གནང་བ་རེད།     

hyUvdCvWue7VP.jpg

 ཟླ4བའི་ཚེས1ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲེང་གིས་པེ་ཅིང་དུ་ཧོ་ལན་གོང་མ་ཚང་ཧྥེ་ལི་ཕུའུ་ཀུང་སིའི་དབུ་བཞུགས་ལག་བསྟར་དཔོན་ཅ་པོ་རུའེ་དང་མཇལ་འཛོམས་གནང་བ་རེད།     ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཕང་ཞིན་ལེ་ཡིས་པར་བླངས།     

ཧན་ཀྲེང་གིས་མིག་སྔའི་རྒྱལ་སྤྱིའི་འཕེལ་རྒྱས་ཁོར་ཡུག་ལ་རྙོག་འཛིང་ཆེ་ཞིང་གཏིང་ཟབ་པའི་འགྱུར་ལྡོག་ཐོན་ནས་ངེས་གཏན་མེད་པ་དང་གཏན་འཇགས་མིན་པའི་རང་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད།     ཀྲུང་གོ་དང་ཧོ་ལན་ཚང་མ་སྒོ་འབྱེད་རྣམ་པའི་དཔལ་འབྱོར་སྡེ་གཞི་ཡིན་པ་དང་།    དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བའི་དར་སྤེལ་གཏོང་མཁན་དང་།    སྐུལ་འདེད་གཏོང་མཁན།    ཕན་པ་ཐོབ་མཁན་བཅས་ཡིན།     ཀྲུང་གོས་ཐོག་མཐའ་བར་གསུམ་དུ་སྒོ་དབྱེའི་རྣམ་པའི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་བྱ་རྒྱུར་གཞོལ་ནས་ཆུ་ཚད་མཐོ་བའི་སྒོ་དབྱེའི་ཐོག་ནས་ཀྲུང་གོ་དང་ཧོ་ལན། ཀྲུང་གོ་དང་ཡོ་རོབ་དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་རྒྱལ་ཁོངས་ལས་བརྒལ་བའི་ཀུང་སིར་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་གཏོད་རྒྱུ་ཡིན།     ཧྥེ་ལི་ཕུའུ་ཀུང་སིས་ཀྲུང་གོ་དང་མུ་མཐུད་དུ་འབྲེལ་འདྲིས་གཏིང་ཟབ་སྤེལ་ནས་ཀྲུང་གོར་ཞིབ་འཇུག་གསར་སྤེལ་གྱི་མ་དངུལ་མང་ཙམ་གཏོང་བ་དང་། ཀྲུང་གོ་དང་ཡོ་རོབ་དཔལ་འབྱོར་ཉོ་ཚོང་མཉམ་ལས་བདེ་ཐང་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།     

ཅ་པོ་རུའེ་ཡིས་གཟའ་འཁོར་གོང་མར། ཞི་ཅིན་ཕིང་ཀྲུའུ་ཞིས་རྒྱལ་སྤྱིའི་བཟོ་ཚོང་ལས་རིགས་ཀྱི་འཐུས་མི་དང་མཇལ་འཛོམས་བྱེད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱིས་མི་རྣམས་ལ་སྐུལ་མ་ཐེབས་པ་དང་། ཧྥེ་ལི་ཕུའུ་ཀུང་སིས་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་མདུན་ལམ་དང་ཁྲོམ་རའི་གོ་སྐབས་ལ་སྨོན་པ་སྐྱེས་ཡོད་པས་ཀྲུང་གོར་ཡུན་རིང་འཕེལ་རྒྱས་གཏོང་བའི་འཐབ་ཇུས་མུ་མཐུད་དུ་རྒྱུན་འཁྱོངས་བྱས་ཏེ་ཧོ་ལན་དང་ཀྲུང་གོའི་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།     


མཉམ་སྤྱོད།