དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཁུལ་ཨུའི་གཞུང་ལུགས་སློབ་སྦྱོང་གི་དཔེ་ཀློག་འཛིན་གྲྭ་མཇུག་སྒྲིལ་བ།

2025-04-03 09:11:55   |   577

སྒྲིག་སྒྱུར། ཁོན་ཐར་ཚེ་རིང་། ཡོང་ཁུངས། མཚོ་བྱང་མདོ་ལ་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ4པའི་ཚེས2ཉིན་གྱི་ཕྱི་དྲོར། ཁུལ་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་སྐོར་གྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་དཔེ་ཀློག་འཛིན་གྲྭའི་སློབ་མཇུག་སྒྲིལ་བའི་མཛད་སྒོ་འཚོགས། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱི་མངགས་བཅོལ་ལྟར། ཁུལ་ཨུའི་རྒྱུན་ཨུའམ་རྩ་འཛུགས་པུ་ཡི་པུ་ཀྲང་སི་ཅི་ཧྲེང་གིས་སློབ་མཇུག་བསྡུ་བའི་མཛད་སྒོར་གཙོ་སྐྱོང་གནང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་ཆན་ཀུའོ་ཆིང་དང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཀྲུང་ཀྲི་ཅུན་སློབ་མཇུག་བསྡུ་བའི་མཛད་སྒོར་ཞུགས།

01.jpg

ཚོགས་འདུའི་ཐོག  སངས་འབུམ་དང་ཀྲང་ཐའོ། ལའེ་མིང་། ཚའོ་ཅི་ཆང་བཅས་ཀྱིས“ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ། ངོས་འཛིན་སྔར་ལས་ཆེ་རུ་གཏོང་བ་དང་ཡིད་ཆེས་ཇེ་བརྟན་དུ་གཏོང་བ། དངོས་སྒྲུབ་སྔོན་བརྩོན་བྱེད་པའི”བརྗོད་དོན་ལ་དམིགས་ནས་གོ་རིམ་ལྟར་དཔྱད་གླེང་གཏམ་བཤད་གནང་། ཚོགས་འདུའི་ཐོག་བསྟན་དོན། དུས་ཡུན་ཉིན་གཉིས་ཀྱི་དཔེ་ཀློག་འཛིན་གྲྭའི་སློབ་སྦྱོང་ཁྲོད། སློབ་མ་ཚང་མས་བསམ་བློ་གླེང་བ་དང་ངོས་འཛིན་གླེང་བ། མྱོང་ཚོར་གླེང་བ། གནད་དོན་ཞིབ་བཤེར་དང་ཞན་ཆ་འཚོལ་ཞིབ། འཆར་གཞི་བཤད་པ་བཅས་བྱས་པས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་གྱི་ངོ་བོ་ཇི་ལྟར་ལག་བསྟར་བྱེད་པར་སྔར་བས་ངོས་འཛིན་གཏིང་ཟབ་བྱུང་ཡོད་ལ། དེ་ནི་མཐོ་ཚད་ཡོད་པའི་ཆབ་སྲིད་ཀྱི་སྦྱོང་བརྡར་དང་མཐུག་ཚད་ལྡན་པའི་རིགས་པའི་གཞུང་ལུགས་སློབ་སྦྱོང་། གཏིང་ཟབ་པའི་བསམ་བློའི་བྱབས་ཁྲུས་ཤིག་ཡིན་པས་སྔོན་དཔག་གི་ཕན་འབྲས་ཐོན་ཡོད། ཐེངས་འདིའི་དཔེ་ཀློག་འཛིན་གྲྭ་མགོ་ཚུགས་ས་གསར་བར་བྱས་ནས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པར་རྒྱུན་འཁྱོངས་ལྷོད་མེད་ངང་སྐུལ་འདེད་གཏོང་བ་དང་། སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ། དོན་དངོས་ཡོང་བར་སྐུལ་འདེད་གཏོང་དགོས་ཟེར།

02.jpg

ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་ཏང་ཨུས(ཏང་ཙུའུ)དགོངས་དོན་གྱི་ངོ་བོར་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པར་འབད་བརྩོན་བྱས་ཏེ། བྱེད་ཐབས་སྣ་ཚོགས་བརྒྱུད་དེ་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་སློབ་སྦྱོང་དང་ངོས་འཛིན་བྱེད་པ། མགོ་ཁྲིད་ལས་བྱེད་པས་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཁོངས་མི་ཡོངས་ལ་སློབ་སྦྱོང་བྱ་རྒྱུར་སྐུལ་ཁྲིད་བྱེད་པ་དང་། ལྟ་སྐུལ་ལ་ཤུགས་བསྣན་ནས་ཏང་ནན་སྐྱོང་གི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱེད་དགོས། བཤེར་འདོན་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་ཐད་ཕན་འབྲས་དངོས་བརྩོན་ལེན་བྱེད་དགོས། རང་ས་ཁུལ་དང་སྡེ་ཁག་གི་འབྲེལ་ཡོད་གནད་དོན་མངོན་གསལ་ཅན་ཞིབ་བསྡུར་ལེགས་སྒྲིག་བྱས་ཏེ། རེ་རེ་འཚོལ་བཤེར་བྱེད་པ་དང་། གསལ་ཐོ་སྒྲིག་དགོས་པར་མ་ཟད་དག་ཐེར་ཡོ་བསྲང་བྱེད་དགོས། ཉེན་ཟོན་སློབ་གསོ་སྤེལ་བའི་ཐད་སླར་ཡང་ནུས་ཤུགས་འདོན་པ་དང་ཉེ་འགྲམ་གྱི་བྱ་བར་བརྟེན་ནས་ཉེ་འགྲམ་གྱི་མིར་སློབ་གསོ་གཏོང་རྒྱུར་མཐོང་ཆེན་བྱས་ཏེ། སྒྲིག་འགལ་ཁྲིམས་འགལ་གྱི་གྱོད་དཔེའི་ཁྲོད་ནས་བསླབ་བྱ་བསྡུ་ལེན་དང་ཟིལ་ཤུགས་ཆེ་རུ་བཏང་ནས་ཏང་ཡོན་ལས་བྱེད་པར་བྱ་སྤྱོད་ཀྱི་མཐའ་མཚམས་གསལ་བོར་བྱེད་དུ་འཇུག་དགོས། བྱ་བའི་སྤྱོད་ཚུལ་ཇེ་ལེགས་སུ་གཏོང་བའི་ཐད་བྱེད་ཐབས་ནུས་ལྡན་སྤྱད་དེ་ཕན་འབྲས་དངོས་དོན་གཉེར་བྱེད་རྒྱུ་དེ་སློབ་སྦྱོང་སློབ་གསོའི་བརྒྱུད་རིམ་ཧྲིལ་པོའི་ནང་ཁྱབ་པར་བྱེད་པ་དང་། ཕྱི་ཚུལ་རིང་ལུགས་ཡོ་བསྲང་གང་ལེགས་བྱས་ཏེ་རྣམ་པ་ཅན་དང་གཡོ་ཐབས་ཅན། ཕྱི་ངོས་ཅན་མཐའ་གཅིག་ཏུ་སྔོན་འགོག་བྱས་ཏེ“རིམ་པ་དམའ་བའི་དམར་པོ”དང“རིམ་པ་མཐོ་བའི་ནག་པོའི”སྣང་ཚུལ་གཏན་འགོག་བྱེད་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་མགོ་གསར་པ་བཙུགས་ཏེ། སློབ་སྦྱོང་སློབ་གསོ་དེ་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་དང་ལྟེ་བའི་བྱ་བར་སྐུལ་འདེད། མང་ཚོགས་ཀྱི་བདེ་སྐྱིད་ཇེ་ཆེར་གཏོང་བ་དང་ཟུང་འབྲེལ་བྱས་ནས། "ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་གསུམ"གྱི་ལས་འགན་ལ་བློ་རྩེ་གཅིག་ཏུ་དམིགས་པ་དང་། "ཁུལ་གཉིས་གནས་གཅིག"གསར་སྐྲུན་དང་ཐོན་ལས་ཀྱི"གནས་བཞི"འཛུགས་སྐྲུན་གྱི་དམིགས་འབེན་དམ་འཛིན་བྱས་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ཚོང་འགུག་མ་འདྲེན། ཐོན་ལས་འཕེལ་རྒྱས། གྲོང་གསེབ་དར་སྤེལ། གསར་བརྗེའི་ཞིབ་སྦྱོང་། གནས་སྐོར་འཛད་སྤྱོད། དམངས་འཚོ་འགན་སྲུང་། མི་རིགས་མཐུན་སྒྲིལ་སོགས་ཀྱི་གཙོ་གནད་ལས་དོན་ནུས་ཤུགས་ཡོད་རྒུས་ལེགས་པར་བསྒྲུབ་དགོས།

དཔེ་ཀློག་འཛིན་གྲྭའི་སྐབས་སུ། སློབ་མ་ཡོངས་ཀྱིས་སྣེ་ཁྲིད་དེ་ཀློག་པ་དང་སྦྱོང་བ། ཆེད་དོན་ཟུར་ཁྲིད་བྱེད་པ། དཔྱད་གླེང་བརྗེ་རེས་སྤེལ་བ། ཉེན་ཟོན་སློབ་གསོ་སྤེལ་བ་བཅས་ཀྱི་བྱེད་ཐབས་སྤྱད་དེ《ཞི་ཅིན་ཕིང་གི་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་རྣམ་བཤད་བཏུས་བསྒྲིགས》དང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ལ་གོ་རིམ་ལྡན་པའི་ངང་སློབ་སྦྱོང་བྱས་ལ། ཚང་མས་ཐེངས་འདིའི་སློབ་སྦྱོང་སློབ་གསོ་འདི་བྱ་བའི་བསམ་ཕྱོགས་གསལ་བོ་དང་སྤྱོད་ཚུལ་ལེགས་སྒྱུར། མང་ཚོགས་དང་འབྲེལ་བ་དམ་ཟབ་བཅས་བྱེད་པའི་གོ་སྐབས་གལ་ཆེན་དུ་བརྩིས་ནས། སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་མི་དམངས་ཀྱི་བདེ་སྐྱིད་འཕེལ་བའི་དངོས་ཡོད་བྱ་སྤྱོད་ལ་བསྒྱུར་ཏེ། ལས་དོན་དག་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་བ་ལེན་པར་སྐུལ་འདེད་གཏོང་དགོས་ཟེར།


མཉམ་སྤྱོད།