དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་གྱིས“རྒྱུན་སྐྱོང•2025ལོའི•དྭངས་གསལ་དུས་ཆེན་ལ་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུ་བའི”བྱེད་སྒོ་སྤེལ་བ།

2025-04-03 17:36:09   |   454

རྩོམ་སྒྲིག ཁོན་ཐར་ཚེ་རིང་། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཐོག་མའི་བསམ་འདུན་དར་དམར་ལས་མངོན་ཞིང་རླབས་ཆེན་མཛད་རྗེས་ལོ་རྒྱུས་སུ་བཀོད་ཡོད། ཟླ4པའི་ཚེས3ཉིན། དྭངས་གསལ་དུས་ཆེན་ཐོན་ལ་ཉེ་བའི་སྐབས་སུ། མཚོ་བྱང་ཁུལ་གྱིས་མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་གི་རྗེས་དྲན་ཚོམས་ཆེན་དུ“རྒྱུན་སྐྱོང·2025ལོའི•དྭངས་གསལ་དུས་ཆེན་ལ་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུ་བའི”བྱེད་སྒོ་སྤེལ་ནས"མདེལ་གཉིས་སྐར་གཅིག"གི་བྱ་གཞག་ལ་ལེགས་སྐྱེས་རླབས་ཆེན་ཕུལ་བ་དང་རྩ་ཆེའི་ཚེ་སྲོག་བློས་བཏང་བའི་དཔའ་བོ་ཚོར་དྲན་གསོ་ཟབ་མོ་ཞུས་ཏེ། སྔོན་གཤེགས་དཔའ་བོར་མྱ་ངན་དང་དད་གུས་ཚད་མེད་བྱེད་ལུགས་མཚོན་པར་བྱས་ནས། རྒྱལ་གཅེས་ཀྱི་སྤྲོ་སེམས་རྒྱུན་ཆད་མེད་པར་འཕེལ་བ་དང་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་སྐྱོད་བྱེད་པའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་མཚོ་སྔོན་འཛུགས་སྐྲུན་གྱི་མཚོ་བྱང་གི་ལེའུ་ནུས་ཤུགས་ཡོད་རྒུས་རྩོམ་ཆེད་ལེགས་སྐྱེས་གསར་པ་ཕུལ།

ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་ཆན་གོ་ཆིན། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཀྲུང་ཀྲི་ཅུན། དེ་བཞིན་ཁུལ་དུ་བསྡད་ཡོད་པའི་ཁུལ་རིམ་པའི་མགོ་ཁྲིད་ལས་བྱེད་པ་དང་། ཁུལ་ཨུའི་སྡེ་ཁག་སོ་སོ། ཁུལ་ཐད་གཏོགས་ལས་ཁུངས་ཀྱི་སྡེ་ཁག་སོ་སོ། མང་ཚོགས་ཚོགས་པ་སོ་སོ། ཁུལ་དུ་བཅའ་སྡོད་བྱས་པའི་ཞིང་ཆེན་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ། མཚོ་བྱང་ཡན་ལག་དམག་ཁུལ་དང་མེ་ཟོན་རོགས་སྐྱོབ་རུ་ཁག་གི་དཔོན་དམག སྤྱི་བདེ་ལས་བྱེད་ཉེན་རྟོག་པ། དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི། སྨན་དོན་མི་སྣ། སློབ་མའི་འཐུས་མི། ཀྲུང་གོའི་ཉིང་རྡུལ་སྡེ་ཚོགས་གཉིས་གཉིས་གཅིག་གི་ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་པའི་མི་སྣ་དོ་དམ་ཅུས་ཟི་ལིང་དོ་དམ་ཁྲུའུ་ཡི་འབྲེལ་ཡོད་འགན་འཁུར་བ་བཅས་བྱེད་སྒོར་ཞུགས།

03.jpg

ཆུ་ཚོད9སྟེང་། གཟབ་ནན་དང་སྒམ་བརླིང་གི་རྣམ་པའི་ཁྲོད། མི་སྣ་ཡོངས་ཀྱིས་མྱ་ངན་ཟབ་མོ་ཞུས་ཤིང་། མི་དམངས་ཀྱི་དཔའ་བོ་དང་མི་རིགས་ཀྱི་མཛད་རྗེས་ཅན་ལ་དྲན་གསོ་ཞུས་ཏེ་ཁོང་ཚོར་མྱ་ངན་ཚད་མེད་དང་བླ་ན་མེད་པའི་གུས་འདུད་ཞུས།  བརྩེ་སེམས་ཟབ་མོའི་རོལ་དབྱངས་དང་ལྷན་དུ། ཤ་བོ་སྐྱབས་ཀྱིས་ཁུལ་གྱི་ཚན་ཁག་ཆེན་མོ་བཞིའི་ཚབ་བྱས་ནས་དལ་གྱིས་མེ་ཏོག་འབུལ་སར་བསྐྱོད་དེ་མེ་ཏོག་ལེགས་སྒྲིག་བྱས་པར་མ་ཟད་དཔའ་བོར་དྲན་གསོ་བྱས། མི་སྣ་ཡོངས་ཀྱིས་མི་དམངས་ཀྱི་དཔའ་བོ་དང་མི་རིགས་ཀྱི་མཛད་རྗེས་ཅན་ལ་གུས་འདུད་གསུམ་ཞུས་ནས་མེ་ཏོག་ཕུལ་བ་དང་གུས་བཀུར་གྱི་བསམ་པ་བསྟན།

མཛད་སྒོའི་ཁྲོད། ད་དུང་དེ་སྔའི221རྟེན་གཞིའི་ལས་བཟོ་བ་རྒན་པའི་སྤྲིངས་ཡིག་ཀློག་འདོན་བྱས་པ་དང་། ལོ་ཆུང་གདོང་ལེན་རུ་མིས་གཏམ་བཤད་གནང་། མཛད་སྒོར་ཞུགས་པའི་མི་སྣ་ཡོངས་ཀྱིས་ཀྲུང་གོའི་ཉིང་རྡུལ་མཚོན་ཆ་དང་པོ་ཞིབ་བཟོ་རྟེན་གཞིའི་དྲན་གསོའི་རྡོ་རིང་ལ་རྒྱང་ལྟ་བྱེད་བཞིན། སེམས་གཏིང་ནས་སྔོན་བྱོན་ཚན་རིག་པའི་བླ་ན་མེད་པའི་ཕུགས་འདུན་དད་སེམས་དང་བླ་ན་མེད་པའི་རིན་ཐང་དོན་གཉེར་བྱས་པར་མྱོང་ཚོར་ཟབ་མོ་བྱས།

06.jpg

གསར་བརྗེའི་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུ་བ་ནི་གསར་བརྗེའི་སྲོལ་རྒྱུན་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པས། རྗེས་རབས་པར་རྒྱུན་སྐྱོང་འབད་འཐབ་དང་སྦྱོང་བརྡར་མདུན་སྐྱོད་བྱ་རྒྱུར་སྐུལ་ལྕག་ཐེབས་ཡོད། ཚང་མས་མདེལ་གཉིས་ལ་བྱས་རྗེས་ཆེན་པོ་འཇོག་མཁན་གྱི་གསར་བརྗེའི་བྱས་རྗེས་དང་རང་སྲོག་བློས་བཏང་བའི་སྙིང་སྟོབས་ནམ་ཡང་ཡིད་ལ་བརྟན་པོར་བཅངས་ནས"མདེལ་གཉིས་སྐར་གཅིག"གི་སྙིང་སྟོབས་རྒྱུན་འཛིན་བྱེད་མཁན་དང་ལག་བསྟར་བྱེད་མཁན་ཡག་པོ་བྱས་ཏེ། རྒྱལ་གཅེས་ལ་ལེགས་སྐྱེས་འབུལ་བའི་ཁྲོད་མི་དམངས་དང་མཉམ་དུ་འབད་འཐབ་དང་མེས་རྒྱལ་དང་མཉམ་དུ་མདུན་སྐྱོད་བྱེད་པ། ཞུན་བརྡར་འབད་འཐབ་ཁྲོད་འགན་འཁྲི་འཁུར་ཕོད་པ་དང་བྱས་རྗེས་འཇོག་མཁས་པ། རང་སྟོབས་རང་སྤེལ་དང་རང་ལ་ཡིད་ཆེས་བྱེད་པའི་ཁྲོད་གྲུབ་འབྲས་བཟང་བོ་གཏོད་པ་དང་མཉམ་སྒྲུབ་གསར་གཏོད་ཁྲོད་སྤོབས་པས་ཡང་རྩེར་བསྙེགས་རྒྱུ་ཡིན་པར་བཤད།

07.jpg

རྗེས་དྲན་མཛད་སྒོ་མ་འཚོགས་གོང་། བྱེད་སྒོར་ཞུགས་པའི་མི་སྣ་ཡོངས་ཀྱིས་མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་གླིང་དུ་ལྟ་སྐོར་བྱས་ནས་མི་དམངས་ཀྱི་དཔའ་བོ་དང་མི་རིགས་ཀྱི་མཛད་རྗེས་ཅན་ལ་རྗེས་དྲན་བྱས་ཤིང་། "མདེལ་གཉིས་སྐར་གཅིག"གི་སྙིང་སྟོབས་ཉམས་སུ་མྱངས།


མཉམ་སྤྱོད།