དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

དུས་རབས་གསར་པའི་ཚན་རྩལ་ལས་དོན་གྱི་འཕེལ་རྒྱས་ལ་ཉམས་མྱོང་གལ་ཆེན་གང་དག་ཡོད་དམ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མཐའ་འཁྱོངས་བརྒྱད”ལ་བརྟེན་ནས་ཉམས་མྱོང་ཕྱོགས་སྡོམ་བྱས།

2025-04-07 10:08:56   |   376

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། བདེན་འཚོལ་དྲ་བའི་སྤྱི་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


“དུས་རབས་གསར་པའི་ཚན་རྩལ་ལས་དོན་གྱི་འཕེལ་རྒྱས་ལག་ལེན་ཁྲོད། ང་ཚོས་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་སྟེ། ཉམས་མྱོང་གལ་ཆེན་མང་པོ་གསོག་འཇོག་བྱས་ཡོད།”

ཟླ4པའི་ཚེས1ཉིན་དཔེ་སྐྲུན་བྱས་པའི2025ལོའི《བདེན་འཚོལ》དུས་དེབ་ཐེངས7པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་ཏེ།《ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་དམིགས་འབེན་རླབས་ཆེན་གྱི་ཕྱོགས་སུ་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་དགོས》ཞེས་པ་བཀོད་ཡོད། རྩོམ་ཡིག་གལ་ཆེན་དེའི་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མཐའ་འཁྱོངས་བརྒྱད”ཀྱིས་དུས་རབས་གསར་པའི་ཚན་རྩལ་ལས་དོན་འཕེལ་རྒྱས་གཏོང་བའི་ཉམས་མྱོང་གལ་ཆེན་ཕྱོགས་བསྡུས་བྱས་ཡོད་ལ།“ཉམས་མྱོང་དེ་དག་ནི་ཧ་ཅང་རྩ་ཆེན་ཡིན་པས་ངེས་པར་དུ་ཡུན་རིང་མཐའ་འཁྱོངས་བྱེད་དགོས་པ་མ་ཟད་ལག་ལེན་ཁྲོད་དུ་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས”ཞེས་ནན་བཤད་གནང་།

ཏང་གི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་མཐའ་འཁྱོངས་བྱེད་པ་དང་། ཏང་ཀྲུང་དབྱང་གིས་ཚན་རྩལ་ལས་དོན་ལ་གཅིག་སྡུད་གཅིག་གྱུར་གྱིས་མགོ་ཁྲིད་བྱ་རྒྱུར་ཤུགས་བསྣན་ཏེ། དུས་བབ་ལ་གཞིགས་པ་དང་། སྤྱི་ཁོག་སྟངས་འཛིན། རྩ་བ་དམ་འཛིན་བཅས་བྱས་ཏེ་ཚན་རྩལ་ལས་དོན་གོང་འཕེལ་གཏོང་རྒྱུ་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཁ་ཕྱོགས་སུ་བསྐྱོད་པར་ཁག་ཐེག་བྱེད་དགོས།

1.jpg

ཀྲུང་གོའི་ཁྱད་ཆོས་ལྡན་པའི་རང་བརྟེན་གསར་གཏོད་བགྲོད་ལམ་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བྱེད་པ་དང་། རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་བརྩོན་བྱེད་པ། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་སྟོབས་ཤུགས་གཅིག་སྡུད་ཀྱིས་དོན་ཆེན་སྒྲུབ་པའི་ལེགས་ཆ་འདོན་སྤེལ་གྱིས་སྤུས་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་ལ་སྐུལ་འདེད་བཏང་སྟེ། ཚན་རྩལ་གྱི་སྲོག་རྩ་དང་འཕེལ་རྒྱས་ཀྱི་རང་འགུལ་དབང་ཆ་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་དགོས།

2.jpg

གསར་གཏོད་ཀྱིས་འཕེལ་རྒྱས་ལ་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། གསར་གཏོད་དམ་འཛིན་བྱ་རྒྱུ་ནི་འཕེལ་རྒྱས་དམ་འཛིན་བྱེད་པ་དང་། གསར་གཏོད་འཚོལ་ཞིབ་བྱ་རྒྱུ་ནི་འབྱུང་འགྱུར་འཚོལ་ཞིབ་བྱེད་པ་ཡིན་པའི་འདུ་ཤེས་བརྟན་པོར་བཙུགས་ཏེ། ཚན་རྩལ་གསར་གཏོད་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་དང་ཆུ་ཚད་མཐོ་བའི་བདེ་འཇགས་ལ་འགན་ལེན་བྱེད་དགོས།

3.jpg

“ཁ་ཕྱོགས་པ་བཞིའི”འཐབ་ཇུས་ཕྱོགས་སྟོན་མཐའ་འཁྱོངས་བྱེད་པ་དང་། འཛམ་གླིང་གི་སྔོན་ཐོན་ཚན་རྩལ་ལ་ཁ་ཕྱོགས་པ། དཔལ་འབྱོར་གྱི་གཡུལ་ས་གཙོ་བོར་ཁ་ཕྱོགས་པ། རྒྱལ་ཁབ་ཀྱི་དགོས་མཁོ་གལ་ཆེན་ལ་ཁ་ཕྱོགས་པ། མི་དམངས་ཀྱི་ཚེ་སྲོག་བདེ་ཐང་ལ་ཁ་ཕྱོགས་པ་བཅས་བྱས་ཏེ། ཚན་རྩལ་གསར་གཏོད་ཀྱི་སྦྲེལ་ཐག་ཧྲིལ་བོའི་བཀོད་སྒྲིག་དང་ཕྱོགས་ཡོངས་ཀྱི་བཀོད་པ་ལ་ཤུགས་བསྣན་ཏེ། ཚན་རྩལ་སྟོབས་ཤུགས་དང་གསར་གཏོད་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་གཏོང་དགོས།

4.jpg

བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་བ་ཡིས་གསར་གཏོད་ཀྱི་གསོན་ཤུགས་འཕེལ་བར་བྱེད་པ་མཐའ་འཁྱོངས་བྱས་ཏེ། ཚན་རྩལ་གསར་གཏོད་ལ་བཀག་རྒྱ་བཟོ་བའི་བསམ་བློའི་འདུ་ཤེས་དང་སྒྲིག་སྲོལ་ལམ་སྲོལ་གྱི་འགོག་རྐྱེན་མཐའ་གཅིག་ཏུ་མེད་པར་བཟོས་ཏེ། ལམ་ལུགས་ཀྱི་དགེ་མཚན་དེ་ཚན་རྩལ་འགྲན་རྩོད་ཀྱི་ལེགས་ཆར་ཏན་ཏིག་གིས་བསྒྱུར་དགོས།

5.jpg

སློབ་གསོ་དང་ཚན་རྩལ་ཤེས་ལྡན་མི་སྣའི་འཁོར་སྐྱོད་བཟང་པོ་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་དང་། ཚན་སློབ་ལ་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏོང་བའི་འཐབ་ཇུས་དང་། ཤེས་ལྡན་མི་སྣའི་སྟོབས་ལྡན་རྒྱལ་ཁབ་འཐབ་ཇུས། གསར་གཏོད་ཀྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་བཅས་གཅིག་གྱུར་ལག་བསྟར་བྱས་ཏེ། སློབ་གསོ་འཕེལ་རྒྱས་དང་། ཚན་རྩལ་གསར་གཏོད། ཤེས་ལྡན་མི་སྣ་གསོ་སྐྱོང་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་དགོས།

6.jpg

གསར་གཏོད་རིག་གནས་གསོ་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་གསར་གཏོད་གཞི་རྒྱུ་རྒྱུན་འཛིན་བྱས་ཏེ། འཚོལ་ཞིབ་ལ་སྐུལ་མ་དང་ཕམ་ཁ་ལ་བཟོད་པ་བྱེད་པའི་ཁོར་ཡུག་བཟང་པོ་བསྐྲུན་ནས་ཚན་རིག་ལ་བརྩི་བཀུར་དང་གསར་གཏོད་དོན་གཉེར་བྱ་རྒྱུ་དེ་སྤྱི་ཚོགས་ཡོངས་ཀྱི་གོམས་སྲོལ་ཞིག་ཏུ་འགྱུར་དགོས།

7.jpg

ཚན་རྩལ་སྒོ་འབྱེད་མཉམ་ལས་མཐའ་འཁྱོངས་བྱས་ནས་མིའི་རིགས་ལ་བདེ་སྐྱིད་བསྐྲུན་པ་དང་།     གཉིས་ཕན་མཉམ་རྒྱལ་གྱི་སྒོ་འབྱེད་འཐབ་ཇུས་ལག་བསྟར་བྱས་ཏེ། འཛམ་གླིང་ཐུན་མོང་གི་འགྲན་སློང་ལ་གདོང་གཏོད་པ་དང་མིའི་རིགས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་ཆེད་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་སྟོབས་ཤུགས་འབུལ་དགོས།

8.jpg


མཉམ་སྤྱོད།