དེ་རིང་ནི2024ལོའི་ཟླ09པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྐང་ཚ་རྫོང་གི་ཐོན་ཚོང་མཉམ་ལས་ཀྱིས་རོང་འབྲོག་པའི་སྐམས་ལུག་ཤ་ཕྱིར་བཙོང་གི་དཀའ་གནད་བསལ།

2023-01-10 16:37:09   |   145

ཡོང་ཁུངས། རྐང་ཚ་རྫོང་མཉམ་འདྲེས་སྨྱན་བྱད་ལྟེ་གནས། གསར་འགོད་པ། སངས་རྒྱས་ཚེ་རིང་།


     2022ལོར་རིམས་ནད་སོགས་ཀྱི་ཤུགས་རྐྱེན་འོག  རྐང་ཚ་རྫོང་གི་གསོ་སྤེལ་ཁྱིམ་ཚང་མང་པོར་སྐམས་ལུག་ཤ་ཕྱིར་འཚོང་གི་དཀའ་གནད་བྱུང་། 

11.bmp

       2023ལོའི་ལོ་མགོར། ཞིང་ཕྱུགས་ཐོན་རྫས་མང་པོ་ཕྱིར་འཚོང་བྱེད་པར་རོགས་རམ་དང་། རྐང་ཚའི་རོང་འབྲོག་པའི་གཏན་འཇགས་ཡོང་འབབ་ལ་སྐུལ་འདེད། སྐམས་ལུག་ཤའི་སྤུས་རྟགས་ཁྱབ་སྤེལ་གཏང་ཆེད། ཉེ་ཆར། དཔལ་དགེ་གྲོང་རྡལ་ཆོས་ཚ་སྡེ་བ་དང་རྒྱལ་ཁབ་གློག་ཤུགས་ནང་སོག་ནུས་ཁུངས་ཀུང་སི། རྒྱལ་ཁབ་ནུས་ཁུངས་སྡེ་ཚོགས་མཚོ་ནུབ་ཀུང་སི། རྒྱལ་ཁབ་ནུས་ཁུངས་མཚོ་བྱང་ཀུང་སི་བཅས་མཉམ་འབྲེལ་བྱས་ཏེ། རྒྱལ་ཁབ་གློག་ཤུགས་ནང་སོག་ནུས་ཁུངས་ཀུང་སིར་སྐམས་ཤ་རྒྱ་མ15200བཙོང་ཞིང་སྒོར805600རེད། རྒྱལ་ཁབ་ནུས་ཁུངས་མཚོ་སྔོན་མར་དིང་ཆུ་གློག་གསར་སྤེལ་ཚད་ཡོད་ཀུང་སིར་ལུག་ཤ་རྒྱ་མ2920བཙོང་ཞིང་སྒོར195640རེད། རྒྱལ་ཁབ་ནུས་ཁུངས་སྡེ་ཚོགས་མཚོ་ནུབ་ཀུང་སིར་སྐམས་ཤ་དང་ལུག་ཤ་རྒྱ་མ1450བཙོང་ཞིང་སྒོར77000རེད། རྒྱལ་ཁབ་ནུས་ཁུངས་མཚོ་བྱང་ཀུང་སིར་སྐམས་ཤ་དང་ལུག་ཤ་རྒྱ་མ900བཙོང་ཞིང་སྒོར47700རེད། ཁྱོན་སྡོམ་སྐམས་ལུག་ཤ་ཏུན10ལྷག་ཕྱིར་འཚོང་བྱས་ཤིང་། ཡོང་སྒོར་སྒོར་ཁྲི112ལྷག་སླེབས་ཡོད།

33.bmp

ཐེངས་འདིའི་ཐོན་ཚོང་མཉམ་འབྲེལ་བྱེད་སྒོས་གསོ་སྤེལ་ཁྱིམ་ཚང་གི་སྐམས་ལུག་ཤ་ཕྱིར་འཚོང་གི་གནད་དོན་ཐག་གཅོད་བྱས་ཤིང་རྐང་ཚ་རྫོང་གི་རྐང་ཚའི་ནོར་གནག་དང་རྐང་ཚའི་བོད་ལུག་གི་སྐྱེ་ལྡན་ཐོན་རྫས་སྤུས་རྟགས་དྲིལ་སྒྲོག་བྱས་ལ། རྗེས་ཕྱོགས། རྐང་ཚའི་སྐྱེ་ལྡན་ཐོན་རྫས་རྒྱ་ཁྱབ་ངང་ཕྱིར་འཚོང་བྱེད་པའི་ཐད་འཕེལ་རྒྱས་ཀྱི་བར་སྟོང་ངེས་ཅན་ཞིག་བསྐྲུན་འདུག

44.bmp



མཉམ་སྤྱོད།