དེ་རིང་ནི2025ལོའི་ཟླ07པའི་ཚེས01ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཤ་བོ་སྐྱབས་ཀྱིས་མདའ་བཞི་རྫོང་དུ“དུས་ཆེན་གཉིས”ཀྱི་འཚམས་འདྲིའི་བྱེད་སྒོ་སྤེལ།

2023-01-10 18:31:58   |   598


རྩོམ་སྒྲིག  སངས་དོན།    ཡོང་ཁུངས།  གངས་ལྗོངས་འཕྲིན་གསར།


ཟླ1པོའི་ཚེས8ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཚབ་མ་ཤ་བོ་སྐྱབས་ཀྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ནས་མདའ་བཞི་རྫོང་མཚོ་སྔོན་པོ་ཞང་ལ་མོ་སྒར་ཐོག་དགོན་དང་། མཁར་ཟུར་གསུམ་གྲོང་རྡལ། ནུབ་མཚོ་གྲོང་རྡལ་བཅས་སུ་སྐྱོད་དེ་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་དཀའ་ངལ་ཡོད་པའི་མང་ཚོགས། ངལ་རྩོལ་དཔེ་བཟང་མི་སྣ། ཕུལ་བྱུང་ཏང་ཡོན་དང་དྲག་ཆས་ཉེན་རྟོག་མཚོ་བྱང་ཉིང་ལག་རུ་ཁག་བཅས་ལ་འཚམས་འདྲི་གནང་ནས་ཁོ་ཚོར་ཏང་དང་སྲིད་གཞུང་གི་ཐུགས་ཁུར་བསྐྱལ་ནས་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་ཞུས། 

1673346980413521.jpg

1673346993109039.png        ལ་མོ་སྒར་ཐོག་དགོན་དུ་ཤ་བོ་སྐྱབས་ཀྱིས་དགོན་སྡེའི་ལོ་རྒྱུས་དང་། གྲྭ་བའི་སློབ་སྦྱོང་དང་འཚོ་བའི་གནས་ཚུལ། དེ་བཞིན་དཀའ་ངལ་དང་གནད་དོན་ལ་རྒྱུས་ལོན་ཞིབ་ཕྲ་གནང་བ་དང་འབྲེལ་དགོན་སྡེར་ཐོབ་པའི་ཞིང་ཆེན་ཡོངས་ཀྱི“མི་རིགས་མཐུན་སྒྲིལ་དཔེ་སྟོན་དགོན་སྡེ”དང་ཁུལ་ཡོངས་ཀྱི“དུས་བདེའི་དགོན་སྡེའི་སྔོན་ཐོན་ཐུན་མོང”སོགས་གཟི་བརྗིད་མཚན་སྙན་ལ་ཁས་ལེན་གང་ལེགས་གནང་ཞིང་། ཤ་བོ་སྐྱབས་ཀྱིས་ཁུལ་དང་རྫོང་ཏང་ཨུ། སྲིད་གཞུང་བཅས་ཀྱི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག་ལ་མོ་སྒར་ཐོག་དགོན་པས་སྤྱི་ཚོགས་བརྟན་བརླིང་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད་ལ། ལོ་གསར་བའི་ནང་།  ལ་མོ་སྒར་ཐོག་དགོན་པས་མུ་མཐུད་དུ་ཧུར་ཐག་གིས་ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་དང་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་སྒྲོག་བྱས་ཏེ། དད་ལྡན་མང་ཚོགས་ཀྱི་ཆོས་ལུགས་ཀྱི་དགོས་མཁོར་ཞབས་ཞུ་ལེགས་པོ་སྒྲུབ་པ་དང་། མཚོ་བྱང་ཁུལ་གྱི་ཁུལ་དཔོན་དང་པོ་ཞབས་དྲུང་དཀར་བོ་ཡི་སྔོན་ཐོན་བྱས་རྗེས་རྒྱུན་འཛིན་ཡག་པོ་བྱས་ནས་རྒྱ་ཆེའི་དད་ལྡན་མང་ཚོགས་དང་གྲྭ་བཙུན་ཚོར་རྒྱུན་ཆད་མེད་པར་ངོས་འཛིན་གཅིག་མཐུན་ལྔ་ཡོང་བར་བྱེད་པ་དང་། ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་རང་འགུལ་ངང་ཏང་ལ་དགའ་ཞེན། རྒྱལ་ཁབ་ལ་དགའ་ཞེན། ཆོས་ལུགས་ལ་དགའ་ཞེན་བཅས་བྱས་ནས་རྒྱ་ཆེའི་དད་ལྡན་མང་ཚོགས་ཏང་དང་སྲིད་གཞུང་གི་མཐའ་འཁོར་དུ་མཐུན་སྒྲིལ་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་མུ་མཐུད་བརྟན་དུ་གཏོང་རྒྱུའི་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས་ཤིང་། ལ་མོ་སྒར་ཐོག་དགོན་པས་རང་ངོས་ཀྱི་ལེགས་ཆ་དང་ཟུང་འབྲེལ་བྱས་ཏེ་ཡུལ་སྐོར་ལས་རིགས་ནང་ཧུར་ཐག་སྒོས་ཞུགས་ནས་ཐང་ག་དང་སྤོས། ལག་ཤེས་བཟོ་རྩལ་ཐོན་རྫས་སོགས་ཐོན་ལས་སྐྱེད་སྲིང་ཤུགས་ཆེན་བྱེད་པ་དང་དགོན་སྡེའི་བོད་ལུགས་གསོ་རིག་དང་བོད་སྨན་རྒྱུན་འཛིན་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་མི་རིགས་རིག་གནས་རྒྱུན་འཛིན་སྲུང་སྐྱོབ་དང་ཐོན་ལས་འཕེལ་རྒྱས་སོགས་ཟུང་འབྲེལ་དམ་ཟབ་བྱས་ཏེ་དགོན་སྡེར་བརྟེན་ནས་དགོན་སྡེ་སྐྱོང་བའི་ནུས་པ་དང་ཆུ་ཚད་སྔར་ལས་མཐོ་རུ་གཏོང་དགོས་ལ། དགོན་སྡོད་ལས་བྱེད་པ་དང་དམངས་གཙོ་དོ་དམ་ཨུ་ལྷན་གྱི་ཁོངས་མིས་ཏང་གི་མི་རིགས་ཆོས་ལུགས་ཀྱི་བྱེད་ཕྱོགས་དང་སྲིད་ཇུས་དམ་འཛིན་བྱ་གཞིར་བྱས་ནས་དགོན་སྡེའི་སྤྱི་ཚོགས་དོ་དམ་དང་། རིམས་ནད་འགོག་སྡོམ། བདེ་འཇགས་ཐོན་སྐྱེད་སོགས་ཐད་ཀྱི་བྱ་བར་མུ་མཐུད་དམ་འཛིན་ཡག་པོ་བྱེད་དགོས་པར་བསྟན།

      

        དཀའ་ངལ་ཡོད་པའི་མང་ཚོགས་ལི་ཧྥུའུ་དབྱིན་གྱི་ཁྱིམ་དུ་ཤ་བོ་སྐྱབས་ཀྱིས་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་སྟེ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཐུགས་ཁུར་དང་འཚམས་འདྲི་བརྒྱུད་སྒྲོག་གནང་ལ། ཁོ་མོར་གཟུགས་པོར་བདག་སྐྱོང་བྱས་ཏེ་དུས་ཐོག་ཏུ་ཏང་དང་སྲིད་གཞུང་ལ་དཀའ་ངལ་ཡོད་པའི་གནད་དོན་ཡར་ཞུ་བྱེད་དགོས་པ་དང་།  རྫོང་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བར་རང་འགུལ་ངང་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་དགོས་མཁོ་དངོས་ཐག་གཅོད་བྱེད་རོགས་བྱེད་དགོས་ལ། མདའ་བཞི་རྫོང་གིས་ཤོག་དྲས་འདྲ་གཟུགས་དང་རྡོ་བརྐོས། མི་རིགས་ལག་ཤེས་བཟོ་རྩལ་ཐོན་རྫས་ལས་སྣོན་སོགས་དབང་པོ་སྐྱོན་ཅན་གྱི་ཁེ་ལས་འཕེལ་རྒྱས་གཏོང་རྒྱུར་སྐུལ་ལྕག་བྱས་ནས་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་དཀའ་བའི་གནད་དོན་ཐག་གཅོད་བྱས་ཏེ་དབང་པོ་སྐྱོན་ཅན་གྱི་དཔལ་འབྱོར་ཡོང་སྒོ་སྔར་ལས་མང་དུ་བཏང་ནས་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་དགོས་པའི་མངགས་བཅོལ་གནང་།

1673347090202788.jpg      

       དཔལ་སྦྱིན་སྡེ་བའི་དེ་སྔའི་ཏང་ཀྲི་པུའི་ཧྲུའུ་ཅིའམ“རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་མི་སྣ”ལྷ་མོ་བཀྲ་ཤིས་དང་མཚོ་བྱང་ལས་རིགས་ལག་རྩལ་སློབ་གྲྭའི་ཕུལ་བྱུང་ཏང་ཡོན་ནམ་ནད་ཐོག་གསོ་རིག་དགེ་རྒན་བསོད་ནམས་དབང་རྒྱལ་གྱི་ཁྱིམ་དུ་ཤ་བོ་སྐྱབས་ཀྱིས་ཁོ་ཚོའི་བྱ་བ་དང་འཚོ་བའི་གནས་ཚུལ། གཟུགས་པོའི་གནས་ཚུལ་བཅས་ལ་རྒྱུས་ལོན་ཞིབ་ཕྲ་གནང་བ་དང་། ཁོ་ཚོས་མཚོ་བྱང་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལེགས་སྐྱེས་ཕུལ་བར་ཁས་ལེན་གང་ལེགས་གནང་ནས། ཁོ་ཚོར་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་མུ་མཐུད་འདོན་སྤེལ་ཡག་པོ་བྱེད་དགོས་པ་དང་། ཉེ་འགྲམ་གྱི་མི་སྔར་ལས་མང་བར་དཔལ་ཡོན་དར་སྲོལ་དར་སྤེལ་དང་དྲང་ནུས་ཁྱབ་སྤེལ་བྱེད་པར་ཤུགས་རྐྱེན་བཟང་བོ་ཐེབས་སུ་བཅུག་སྟེ་སྐུལ་ཁྲིད་བྱེད་དགོས་ལ། ལྷ་མོ་བཀྲ་ཤིས་ཀྱིས་སོག་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་མཐུད་ངང་དར་སྤེལ་བཏང་ནས་ཕུལ་བྱུང་གི་སྲོལ་རྒྱུན་ལག་རྩལ་རྒྱུན་འཛིན་པ་གསོ་སྐྱོང་བྱས་ཏེ་མི་རིགས་རིག་གནས་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་དགོས་པའི་སྐུལ་ལྕག་བྱས་ལ། བསོད་ནམས་དབང་རྒྱལ་གྱིས་ལས་གནས་ཐོག་ལས་བཀུར་སྐྱེས་འབུལ་དང་ཕུལ་བྱུང་ཏང་ཡོན་དགེ་རྒན་གྱི་དཔེ་བཟང་སྣེ་ཁྲིད་ཀྱི་ནུས་པ་རྒྱུན་མཐུད་འདོན་སྤེལ་ཡག་པོ་བྱས་ཏེ་མཚོ་བྱང་གི་སློབ་གསོ་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་པའི་སྐུལ་ལྕག་བྱས།

1673347105182965.jpg       

      དྲག་ཆས་ཉེན་རྟོག་མཚོ་བྱང་ཉིང་ལག་རུ་ཁག་ཏུ་ཤ་བོ་སྐྱབས་ཀྱིས་ཉིང་ལག་རུ་ཁག་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱས་ཚུལ་དང་། དྲག་ཆས་ཉེན་རྟོག་གི་བྱ་བ་དང་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་ལ། སྡེ་ཁག་གི་གུང་གཞོན་ཚོགས་པ་ཨུ་ལྷན་ལ་ཀྲུང་དབྱང་དམག་ཨུའི་གཟེངས་བསྟོད་ཐོབ་པ་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་གཟེངས་བསྟོད་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བར་མ་ཟད། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ནས་དཔོན་དམག་རྣམས་ལ་དུས་ཆེན་གྱི་འཚམས་འདྲི་དང་ལྷག་བསམ་ཟོལ་མེད་ཀྱི་སྨོན་འདུན་ཞུས། ཤ་བོ་སྐྱབས་ཀྱིས་དྲག་ཆས་ཉེན་རྟོག་མཚོ་བྱང་ཉིང་ལག་རུ་ཁག་གིས་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་བསམ་བློ་དེ་ཁུལ་ཡོངས་ཀྱི་སྤྱི་ཚོགས་ཁྱོན་ཡོངས་འཆམ་མཐུན་དང་བརྟན་བརླིང་རྒྱུན་མཐུད་ཡོང་བར་སྲུང་སྐྱོང་བྱེད་པའི་ཞིབ་ཕྲའི་བྱ་བའི་ཁྲོད་དོན་འཁྱོལ་བྱེད་པ་དང་། ཁུལ་ཡོངས་ཀྱི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་མུ་མཐུད་སྲུང་སྐྱོབ་བྱས་ནས་སྔར་བཞིན་ས་གནས་འཛུགས་སྐྲུན་ལ་རྒྱབ་སྐྱོར་དང་དེའི་ནང་ཞུགས་ཏེ། ཁུལ་ཡོངས་ཀྱི་དུས་ཆེན་དང་རྟེན་འབྲེལ་གྱི་བྱེད་སྒོ་གལ་ཆེན། ལུས་རྩལ་འགྲན་སྡུར་སོགས་བདེ་འཇགས་ངང་སྤེལ་རྒྱུར་འགན་ལེན་བྱས་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་རྒྱུར་དེ་ལས་ཆེ་བའི་ལེགས་སྐྱེས་གསར་བ་འབུལ་དགོས་པའི་བླང་བྱ་བཏོན།      

       ཁུལ་ཨུའི་རྒྱུན་ཨུའམ་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་མགོན་པོ་ཚེ་བརྟན་དང་།  ཁུལ་ཨུའི་རྒྱུན་ཨུའམ་རྩ་འཛུགས་པུའི་པུའུ་ཀྲང་ཝང་ཀྲུང་དབྱི།  ཁུལ་ཨུའི་རྒྱུན་ཨུའམ་མདའ་བཞི་རྫོང་ཨུའི་ཧྲུའུ་ཅི་སངས་འབུམ། ཁུལ་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་ཀྲུའུ་ལིན། དེ་བཞིན་མདའ་བཞི་རྫོང་སྲིད་གཞུང་གི་རྫོང་དཔོན་དང་ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བ་གཙོ་བོ་བཅས་ཀྱིས་འཚམས་འདྲིར་ཕེབས་རོགས་བྱས།


མཉམ་སྤྱོད།