དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

གཏམ་བཟང་། ​མཚོ་བྱང་ཁུལ་གྱིས་ཞིང་ཆེན་ཡོངས་ཀྱི་སྔོན་དུ2025ལོའི་འགན་བཅོལ་ནང་ཞུགས་པའི་ལས་འགན་ཚད་བརྒལ་ལེགས་འགྲུབ་བྱས།

2025-04-08 11:06:16   |   432

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་ཏང་དོན། བཤེར་འབེབས། རིན་ཆེན་ཚེ་རིང་།


ད་ལོ་ནས་བཟུང་ཁུལ་ཡོངས་ཀྱི་སྨན་བཅོས་འགན་སྲུང་སྡེ་ཚན་གྱིས་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་བཀོད་སྒྲིག་དང་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའི་ལས་ཀའི་བླང་བྱ་ལག་བསྟར་ནན་ཏན་བྱས་པ་དང་། འགན་བཅོལ་ནང་ཞུགས་པའི་གྲོན་དངུལ་སྤྲོད་པ་དེ“དམངས་འཚོ་ལ་ཕན་པ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི”ཆབ་སྲིད་ཀྱི་ལས་འགན་དུ་བརྩིས་ནས་དམ་འཛིན་བྱས་ཤིང་། རྫོང་ཁག་གི་མི་དམངས་སྲིད་གཞུང་གི་རྒྱབ་སྐྱོར་ཤུགས་ཆེན་དང་། ཡུལ་ཚོ་དང་གྲོང་ཚོའི(སྡེ་ཁུལ་)རིམ་གཉིས་ཀྱི་གཞོགས་འདེགས་ཧུར་ཐག་དང་དཀའ་སྤྱད་འབད་བརྩོན་འོག་སྤུས་ཚད་མཐོ་བའི་སྒོ་ནས2025ལོའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་པའི་ལས་འགན་སྔ་སྣུར་དུ་ལེགས་འགྲུབ་བྱས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་འགན་བཅོལ་གྲོན་དངུལ་གཅིག་སྡུད་ཀྱིས་སྤྲོད་པའི་དུས་ཡུན་མཇུག་སྒྲིལ་བའི་བར། ཁུལ་ཡོངས་སུ་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་མི268711(དེའི་ནང་ལས་བཟོ་བ34830དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི233881ཡོད)ཡོད་པ་དང་། ཞིང་ཆེན་གྱིས་གཏན་འཁེལ་བྱས་པའི་ལས་འགན265084ཡི101.37%ལེགས་འགྲུབ་བྱུང་སྟེ། ཞིང་ཆེན་ཡོངས་ཀྱི་སྔོན་ལ2025ལོའི་འགན་བཅོལ་ནང་ཞུགས་པའི་ལས་འགན་ལེགས་འགྲུབ་བྱས།

ཚད་རིམ་མཐོ་ས་ནས་སྐུལ་འདེད་བཏང་དང་ཁྱབ་རྒྱ་ཇེ་ཆེར་བཏང་། 2025ལོའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་བཅོལ་གྱི་གྲོན་དངུལ་སྤྲོད་པའི“ཉིན་བརྒྱའི་འགག་སྒྲོལ”བྱ་འགུལ་གཏིང་ཟབ་སྤེལ་ཏེ། “དུས་ཚོད་རེའུ་མིག”དང་“ལས་འགན་རི་མོ”ཁ་གསལ་བཟོས་ནས་ལས་ཀའི་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་། ཁུལ་སྲིད་གཞུང་གི་འགན་བབས་མགོ་ཁྲིད་ཀྱིས་སྣེ་ཁྲིད་དང་།    སྡེ་ཚན་མཉམ་འགུལ། ས་ཁོངས་ཀྱིས་འགན་འཁུར་བའི་ལས་ཀའི་ལམ་སྲོལ་བཙུགས་ཏེ། སྐུལ་སློང་བཀོད་སྒྲིག་ཚོགས་འདུ་དང་། བཀོད་གཏོང་སྐུལ་འདེད་ཚོགས་འདུ། སྐད་འཕྲིན་ཚོགས་པའི་དུས་ཐོག་བཀོད་གཏོང་སོགས་བྱེད་ཐབས་བརྒྱུད་ནས་ཁྱབ་རྒྱ་སྐྱེད་པའི་ལས་དོན་ལ་སྐུལ་འདེད་བཏང་ཞིང་། ལས་ཀའི་རྨང་གཞི་རྒྱུན་མཐུད་སྲ་བརྟན་དུ་གཏོང་རྒྱུར་འགན་ལེན་བྱས།

ས་ཁོངས་ཡོངས་སྐུལ་སློང་བྱས་ནས་ཁྱབ་རྒྱ་ཆེ་རུ་བཏང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་འགན་བཅོལ་གྲོན་དངུལ་གཅིག་སྡུད་ཀྱིས་བསྡུ་མགོ་བརྩམ་ལ་ཁད་ཀྱི་སྐབས་སུ། ཁུལ་དང་རྫོང་ཁག་སོ་སོས་འགན་བཅོལ་ནང་ཞུགས་པའི་གྲོན་དངུལ་སྤྲོད་པའི་སྲིད་ཇུས་གསོ་སྦྱོང་བྱས་པ་དང་། སྤྱིའི་དམིགས་ཚད་དང་། ཞིབ་ཕྲའི་ལས་འགན། བསྡུ་ལེན་བརྒྱུད་རིམ་བཅས་ལ་དམིགས་ནས་ཕྱོགས་ཡོངས་ལ་གསོ་སྦྱོང་བྱས་ཏེ་གཞི་རིམ་གྱི་སྨན་བཅོས་འགན་བཅོལ་ལས་སྒྲུབ་མི་སྣའི་སྤྱིའི་ལས་སྒོའི་ནུས་པ་དང་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་། “1+N”ཡི་སྐད་འཕྲིན་དུ་ལས་སྒོ་མཛུབ་སྟོན་བྱེད་པའི་ལས་ཕྱོད་ཆེ་བའི་ཞབས་ཞུའི་ནུས་པ་འདོན་སྤེལ་བྱས་ཤིང། སྐད་འཕྲིན་ལས་སྒོའི་འབྲེལ་གཏུག་མཛུབ་ཁྲིད་ཚོགས་པའི་ནང་སྨན་བཅོས་འགན་བཅོལ་དང་། ཁྲལ་དོན། གྲོང་རྡལ་གྲོང་ཚོ(སྡེ་ཁུལ་)སོགས་ཀྱི་འགན་འཁུར་མགོ་ཁྲིད་ཚུད་ཡོད་པ་དང་། རྣམ་པ་ཀུན་ཏུ་དྲ་ཐོག་ནས་ཞབས་ཞུ་བསྒྲུབས་ཏེ་འགན་བཅོལ་ནང་ཞུགས་པའི་གྲོན་དངུལ་སྤྲོད་ཚད་ཉིན་རེར་འཕར་སྣོན་ཡོང་བའི་འགན་ལེན་བྱས།

མྱུར་ཚད་ལ་ལྟ་རྟོག་དམ་ཟབ་བྱས་ཏེ། ཁྱབ་རྒྱ་ཇེ་ཆེར་གཏོང་བའི་ཟབས་ཚད་སྔོག་འདོན་བྱས། 2024ལོའི་ཟླ10པ་ནས་བཟུང་ཁུལ་དང་རྫོང་གི་སྨན་བཅོས་འགན་སྲུང་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གཙོ་བོས་དངོས་སུ་མཐུན་སྦྱོར་བྱེད་པའི“བཀོད་གཏོང་ཉིན”གྱི་རྗེས་འདེད་ཕན་འབྲས་འདྲི་རྩད་ཀྱི་ལམ་སྲོལ་བཙུགས་ནས་དུས་ཐོག་ཏུ་མྱུར་ཚད་ལ་འགུལ་རྣམ་ལྟ་ཞིབ་བྱས། དྲིལ་སྒྲོག་སྐུལ་སློང་གི་འགན་འཁྲི་ནན་དཀྲིས་བྱས་ཏེ། ཁུལ་དང་རྫོང་གི་རིམ་གཉིས་སྨན་བཅོས་འགན་སྲུང་སྡེ་ཚན་གྱིས་ཆེད་མངགས་མི་སྣ་ཐེངས་མང་སྒྲིག་འཛུགས་བྱས་ནས་འགན་བཅོལ་ནང་ཞུགས་པའི་གྲངས་གཞི་བསྡུར་བ་དང་འགན་བཅོལ་ནང་ཞུགས་པའི་གྲོན་དངུལ་སྤྲད་པའི་ཆ་འཕྲིན་གསེད་བཀྲོལ་བྱས་པ་མ་ཟད། ཡུལ་ཚོ་དང་གྲོང་ཚོ(སྡེ་ཁུལ་)རིམ་གཉིས་ལ་གནས་ཚུལ་ངོ་སྤྲོད་བྱས་པ་དང་། དེ་དང་ཆབས་ཅིག་གཞི་རིམ་ཞབས་ཞུའི་ནུས་ཕྱོད་སྔར་བས་སྐུལ་སློང་བྱས་ཏེ་གྲོན་དངུལ་སྤྲོད་པའི་དུས་ཡུན་མཇུག་སྒྲིལ་བའི་དུས་མཚམས་སུ་ཡུལ་ཚོ་དང་གྲོང་ཚོ(སྡེ་ཁུལ་)རིམ་གཉིས་ཀྱི“དྲ་མིག་དོ་དམ”གྱི་ཞབས་ཞུའི་ལེགས་ཆར་བརྟེན་ནས།    གཞི་རིམ་གྱི་ལས་ཚབ་པ་དང་དྲ་མིག་མི་སྣ་སྒྲིག་འཛུགས་བྱས་ནས་འགན་བཅོལ་ནང་ཞུགས་མེད་པའི་མི་སྣའི་མིང་ཐོ་ལྟར། “སྒོ་ཁར་སྐུལ་སློང་བྱེད་པ”ཡི་ཆེད་དམིགས་བྱ་འགུལ་སྤེལ་བ་དང་། མི་རེ་རེ་ལ་“ཁ་པར་ལམ་ནས་སྲིད་ཇུས་བཤད་པ་དང་། དུད་ཚང་རེ་རེར་སོང་ནས་སྐུལ་སློང་བྱེད་པ། ངོ་ཐུག་མཛུབ་ཁྲིད་དང་རོགས་རམ་བྱེད་པ”བཅས་བྱས་ཏེ། མང་ཚོགས་ཀྱིས་ས་གནས་ས་ཐོག་ཏུ་འགན་བཅོལ་གྲོན་དངུལ་སྤྲོད་པར་རོགས་བྱས་པ་དང་། སྤྲོད་དགོས་པ་ཚང་མས་སྤྲོད་པར་སྐུལ་འདེད་བཏང་།

རྗེས་མར། ཁུལ་ཡོངས་ཀྱི་སྨན་བཅོས་འགན་སྲུང་སྡེ་ཚན་གྱིས་མུ་མཐུད་དུ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་དང་། ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའི་ལས་ཀའི་བླང་བྱ་གཞིར་བཟུང་སྟེ། “མི་གཅིག་ལ་ཡིག་ཚགས་གཅིག”གི་ལས་ཀའི་ལམ་སྲོལ་འཐུས་ཚང་དུ་གཏོང་རྒྱུ་དང་། གྲངས་ཀའི་ནུས་པ་འདོན་སྤེལ་བྱས་ཏེ། གོང་འོག་མཐུན་སྦྱོར་རྒྱུན་འཁྱོངས་ཀྱིས་གཅིག་སྡུད་དུས་ཡུན་མིན་པའི་རིང་གི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་འགན་བཅོལ་གྲོན་དངུལ་སྤྲོད་པའི་ལས་ཀར་རྒྱུན་དུ་སྐུལ་འདེད་གཏོང་ཤུགས་ཆེ་རུ་བཏང་ནས་དམངས་ཡོངས་འགན་བཅོལ་ནང་ཞུགས་པའི་ལས་ཀར་ཕན་འབྲས་ཐོབ་པར་སྐུལ་འདེད་གཏོང་རྒྱུ་དང་། གོམ་སྟབས་གསར་པ་སྤོ་རྒྱུ་རེད།


མཉམ་སྤྱོད།