དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ལྷན་གྱིས་མིང་སྦྱར་སྐུལ་སྒྲུབ་བྱས།

2025-04-09 17:35:13   |   462

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། ཤིན་ཧྭ་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


ཐོན་སྐྱེད་བདེ་འཇགས་ལས་འཛོལ་ཚབས་ཆེན་ཞིབ་བཤེར་ཐག་གཅོད་ཀྱི་མིང་སྦྱར་སྐུལ་སྒྲུབ་བརྡ་སྦྱོར།

བདེ་ཨུ་སྐུལ〔2025〕ཨང2པ།

ཧོ་པེ་ཞིང་ཆེན་མི་དམངས་སྲིད་གཞུང་།

2025ལོའི་ཟླ4པའི་ཚེས8ཉིན། ཁྱེད་ཞིང་ཆེན་གྱི་ཁྲེང་ཏེ་གྲོང་ཁྱེར་ལུང་ཧྭ་རྫོང་གོ་ཨེན་རྒན་པའི་སྤྱི་ཤག་ཏུ་མེ་སྐྱོན་ཚབས་ཆེན་གྱི་ལས་འཛོལ་བྱུང་སྟེ་མི20རྐྱེན་ལམ་དུ་ཤོར།

《ལས་འཛོལ་ཚབས་ཆེན་ཞིབ་བཤེར་ཐག་གཅོད་ཀྱི་མིང་སྦྱར་སྐུལ་སྒྲུབ་བྱ་ཐབས》གཞིར་བཟུང་སྟེ། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ལྷན་གྱིས་ལས་འཛོལ་ཚབས་ཆེན་འདི་ཞིབ་བཤེར་ཐག་གཅོད་བྱེད་པར་མིང་སྦྱར་སྐུལ་སྒྲུབ་ལག་བསྟར་བྱུ་རྒྱུ་ཡིན་པས། ཁྱེད་ཞིང་ཆེན་གྱིས《ཐོན་སྐྱེད་བདེ་འཇགས་ཀྱི་ལས་འཛོལ་སྙན་ཞུ་དང་བརྟག་དཔྱད་ཐག་གཅོད་ཀྱི་སྲོལ་ཡིག》སོགས་འབྲེལ་ཡོད་ཁྲིམས་ལུགས་དང་ཁྲིམས་སྲོལ་དང་དེ་བཞིན་སྒྲིག་སྲོལ་གཏན་འབེབས་གཞིར་བཟུང་སྟེ། ལས་འཛོལ་ལ་བརྟག་དཔྱད་བྱེད་པ་མྱུར་དུ་སྒྲིག་འཛུགས་བྱས་ཏེ། ལས་འཛོལ་གྱི་ལྷུ་ཚིགས་ཁག་གི་རྒྱུ་རྐྱེན་དང་འགན་འཁྲི་གང་མགྱོགས་རྩད་གཅོད་བྱས་ཏེ་ཐག་གཅོད་བསམ་འཆར་དང་བཅོས་སྒྲིག་བྱེད་ཐབས་གཟབ་ནན་གྱིས་འདོན་དགོས། ལས་འཛོལ་གྱོད་དོན་མཇུག་མ་སྒྲིལ་བའི་སྔོན་ལ། ལས་འཛོལ་བརྟག་དཔྱད་སྙན་ཞུ(མ་ཟིན)རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་ལ་འབུལ་དགོས་པ་དང་། ཞིབ་བསྡུར་མོས་མཐུན་བྱུང་རྗེས་ཁྱེད་ཞིང་ཆེན་གྱིས་གྱོད་དོན་མཇུག་སྒྲིལ་བའི་བཀའ་མཆན་སྤྲོད་པའི་འགན་འཁུར་དགོས་པ་མ་ཟད་སྤྱི་ཚོགས་ལ་ཁྱབ་བསྒྲགས་བྱེད་པའི་འགན་འཁུར་དགོས། གྱོད་དོན་མཇུག་སྒྲིལ་རྗེས། ལས་འཛོལ་བརྟག་དཔྱད་སྙན་ཞུ་དང་ལས་འཛོལ་ཐག་གཅོད་གཏན་འབེབས་རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ལྷན་གཞུང་ལས་ཁང་ལ་ཐོ་འགོད་སྙན་གསེང་ཞུ་དགོས།

འབྲེལ་གཏུག་བྱ་ཡུལ་དང་ཁ་པར། ཀྲུའུ་ཅང་། 010-83932633

རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་།

2025ལོའི་ཟླ4པའི་ཚེས9ཉིན།


མཉམ་སྤྱོད།