དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱིས་གོ་རིམ་ལྡན་པའི་ངང་སློབ་སྦྱོང་སློབ་གསོ་སྤེལ་བ།

2025-04-10 10:08:34   |   360

རྩོམ་སྒྲིག ཁོན་ཐར་ཚེ་རིང་། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉིན་འགའི་རིང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྡེ་ཁག་སོ་སོ་དང་ལས་ཁུངས་སོ་སོས་ནན་ཏན་སྒོས་འཆར་འགོད་དང་བཀོད་སྒྲིག་བྱས་ཏེ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་གཏོང་པའི་སློབ་སྦྱོང་སློབ་གསོ་ཏན་ཏིག་དང་གོ་རིམ་ལྡན་པའི་ངང་སྤེལ།

01.jpg

ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྒྱུར་མཐོང་ཆེན་བྱས་ཏེ་སློབ་སྦྱོང་སློབ་གསོ་དང་ལས་ཁུངས་ཀྱི་ཏང་འཛུགས། དུས་རྒྱུན་གྱི་ལས་དོན་བཅས་ཀྱིས་ཕན་ཚུན་སྐུལ་འདེད་བྱེད་པ་དང་མཉམ་དུ་ཡར་རྒྱས་ཡོང་བར་བྱས། ཕྱི་ཚུལ་རིང་ལུགས་འགོག་གང་ཐུབ་བྱེད་པ་དང་། བདེན་འཚོལ་དངོས་སྒྲུབ་ཀྱི་སྤྱོད་ཚུལ་རྒྱུན་འཁྱོངས་བྱས་ཏེ། སློབ་སྦྱོང་སློབ་གསོ་དེ་སྟོང་བཤད་དང་ཕྱི་ཚུལ་ཙམ་མིན་པར་འགན་ལེན་ཏན་ཏིག་བྱས།

02.jpg

ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་པའི་སྐོར་གྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། སློབ་སྦྱོང་དཔྱད་བསྡུར་དང་། གནད་དོན་འཚོལ་བཤེར། གཅིག་སྡུད་བཅོས་སྒྲིག སྒོ་འབྱེད་སློབ་གསོ་བཅས་ཕྱོགས4ཡི་ཐད་ནས་ལས་འགན་ཁག14གཏན་ཁེལ་ཞིབ་མོ་བྱས་པ་དང་། བྱ་བའི་ཆེད་ཚན་བཙུགས་ལ། ལག་བསྟར་སྒྲིག་འཛུགས་ནན་ཏན་བྱས་པ་དང་མཉམ་དུ། འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་དྲིལ་སྒྲོག་དང་ཁྲིད་སྟོན་བྱ་བའི་ནང་རྐྱེན་བཙུགས་པ་དང་། གསར་འགྱུར་དྲིལ་སྒྲོག་དང་གླེང་ཕྱོགས་ཀྱི་ཁྲིད་སྟོན་ཧུར་ཐག་དང་བརྟན་བརླིང་ངང་ལེགས་པར་བསྒྲུབས་ཏེ། སློབ་སྦྱོང་སློབ་གསོར་གླེང་ཕྱོགས་ཀྱི་རྣམ་པ་བཟང་པོ་བསྐྲུན།

03.jpg

ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་པའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་སློབ་སྦྱོང་བྱས་ཏེ་གོ་བ་གཏིང་ཟབ་བླངས་པ་དང་། སློབ་སྦྱོང་སློབ་གསོའི་བྱ་བའི་ཇུས་གཞི་བཟོས་ལ། དམིགས་འབེན་ཁྲིད་ཕྱོགས་དང་། གནད་དོན་ཁྲིད་ཕྱོགས། མཇུག་འབྲས་ཁྲིད་ཕྱོགས་བཅས་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་སློབ་སྦྱོང་དང་ཞིབ་བཤེར་ཡོ་བསྲང་བཅས་ལ་མཉམ་དུ་སྐུལ་འདེད་བཏང་།

04.jpg

ཀྲུང་དབྱང་སྤྱི་ཚོགས་ལས་དོན་པུའུ་ཡིས་སློབ་སྦྱོང་སློབ་གསོ་སྤེལ་རྒྱུ་དེ་ཀྲུང་དབྱང་སྤྱི་ཚོགས་ལས་དོན་གྲོས་ཚོགས་ཀྱི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དང་ཟུང་འབྲེལ་བྱས་ཏེ། དཔལ་འབྱོར་གྱི་རྩ་འཛུགས་གསར་པ་དང་། སྤྱི་ཚོགས་ཀྱི་རྩ་འཛུགས་གསར་པ། ལས་ཞུགས་ཚོགས་པ་གསར་པ་བཅས་ཀྱི་ཏང་འཛུགས་གཙོ་གནད་དུ་བཟུང་ནས་དམ་འཛིན་ལེགས་པོ་དང་། ཏང་འཛུགས་ཀྱིས་གཞི་རིམ་བཅོས་སྐྱོང་དང་གཞི་རིམ་སྲིད་དབང་འཛུགས་སྐྱོང་ལ་ཁྲིད་སྟོན་བྱ་རྒྱུ་དམ་འཛིན། མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལས་དོན་དམ་འཛིན་བཅས་བྱས་ཏེ། སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་ཏན་ཏིག་བཏང་།

05.jpg

ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་པའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སློབ་སྦྱོང་བྱས་ཏེ་གོ་བ་གཏིང་ཟབ་ལེན་རྒྱུར”དམིགས་ཏེ་མཉམ་དུ་སློབ་སྦྱོང་དང་ཞིབ་བསྡུར་བྱས་ཏེ། དཔེ་སྟོན་སྣེ་ཁྲིད་ལ་ཤུགས་བསྣན་པ་དང་ཆབས་ཅིག་སློབ་སྦྱོང་སློབ་གསོའི་ལས་དོན་གྱི་ཇུས་གཞི་ཞིབ་འཇུག་བྱས་ནས་གཏན་འབེབས་བྱས་ཏེ། སྲིད་ཁྲིམས་ཁོངས་གཏོགས་ཀྱི་སློབ་སྦྱོང་སློབ་གསོར་སྤྱི་འདོམས་མཛུབ་ཁྲིད་བྱ་རྒྱུར་ཤུགས་བསྣན། །


མཉམ་སྤྱོད།