དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་ཁུལ་གྱི་ཚན་ཁག་ཆེན་མོ་བཞིའི་འགན་འཁུར་བློ་མཐུན་གྱི་སྣེ་ཁྲིད་དེ་འཇུ་ལག་རྫོང་དུ་བརྟག་ཞིབ་བྱས།

2025-04-10 10:58:57   |   580

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ4པའི་ཚེས7ཉིན་ནས་ཚེས8ཉིན་བར། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་ཁུལ་གྱི་ཚན་ཁག་ཆེན་མོ་བཞིའི་འགན་འཁུར་བློ་མཐུན་གྱི་སྣེ་ཁྲིད་དེ། ནགས་ཚལ་ཁམས་གསོ་དང་། ཡུལ་ཚོ་དང་གྲོང་རྡལ(སྡེ་ཁུལ་)གྱི“བཅུ་ཡོད”ལས་གྲྭ་འཛུགས་སྐྲུན། “123” Aརིམ་པའི་མཛེས་ལྗོངས་ཁུལ་གསར་སྐྲུན་དང་སྐྱེ་ཁམས་ཞིང་ཕྱུགས་ལས་རིགས་ཀྱི“གཅིག་ཅན་དགུའི”ལེ་ལག་ཚང་བའི་ལས་གྲྭ་འཛུགས་སྐྲུན་སོགས་གཙོ་གནད་ལས་དོན་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ལས་དོན་ལ་དམིགས་ཏེ། འཇུ་ལག་རྫོང་དུ་ལྟ་སྐུལ་མཛུབ་ཁྲིད་དང་བརྟག་ཞིབ་བྱས།

ཤ་བོ་སྐྱབས་དང་བཅས་པས་འཇུ་ལག་རྫོང་ཞིང་ཆེན་རིམ་པའི་དེང་རབས་ཐོན་ལས་སྡེ་གླིང་མཚོ་སྔོན་ཁྲེན་ཁུན་ཟས་རིགས་ཚད་ཡོད་སྤྱི་གཉེར་དང་། མཚོ་སྔོན་དབྱང་ཁྲུན་སྦི་རག་ཚད་ཡོད་སྤྱི་གཉེར། ཁྲེན་ཀྲི་སྐྱེ་དངོས་ཚན་རྩལ་སྤྱི་གཉེར། མེ་སུའུ་ཚན་རྩལ་བཟོ་སྐྲུན་སྤྱི་གཉེར། དེ་བཞིན་ཧུའེ་ཡོན་ས་བོན་སྤྱི་གཉེར། ཧུའེ་ཐུང་ཞང་པའོ་དམིགས་བསལ་གསོ་སྤེལ་ཆེད་ལས་མཉམ་ལས་ཁང་། འཇུ་ལག་སྤུས་ལེགས་ཐོན་རྫས་ཁང་བཅས་སུ་ཁེ་ལས་གྱི་འགན་འཁུར་བ་དང་བགྲོ་གླིང་གཏིང་ཟབ་བྱས་པ་དང་། ཡུལ་དངོས་སུ་ཚགས་ཤ་དང་ལུག་ཤའི་སྤུས་ལེགས་ལས་སྣོན། ནས་ཆང་བསྙལ་ཐབས། སྒར་གཞིའི་གྲུ་ཚང་བཟོ་སྐྲུན། དབྱར་རྩ་དགུན་འབུ་གསོ་སྤེལ། གླ་བ་གསོ་སྤེལ། དེ་བཞིན་ནས་དང་སྐེ་ཚེ་འདེབས་འཛུགས་སོགས་ཐོན་སྐྱེད་ལས་རིམ་ལ་ལྟ་ཞིབ་བྱས། ཁོང་གིས་བསྟན་དོན། འཇུ་ལག་རྫོང་གིས་སྐྱེ་ཁམས་ཞིང་ཕྱུགས་ལས་ཀྱི“གཅིག་ཅན་དགུའི”ལེ་ལག་ཚང་བའི་ལས་གྲྭ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་པར་བརྟེན། ཞིང་ཕྱུགས་ལས་ཐོན་ལས་འཕེལ་རྒྱས་ཀྱི་རྨང་གཞི་བཟང་པོ་ཡོད་པ་དང་མདུན་ལམ་རྒྱ་ཆེན་ལྡན། ནས་ཕྱེའི་ཐུག་སྐམ་དང་། ནོར་ཚིལ་གྱི་རྒྱ་ཁོག་ལ་ཙི། ཤ་སྐམ། མེ་ལྷ་གངས་དཀར་དར་འཁྱགས་བཏུང་ཆུ། དེ་བཞིན་སྦྲང་རྩིའི་བཏུང་ཆུ། དྲི་ཞིམ་ཤ་མོའི་ལྡེ་གུ། དར་ཁུ་སོགས་ཐོན་རྫས་བསྟུད་མར་གསར་གཏོད་བྱས་པ་དང་། འཇུ་ལག་གི་ཁྱད་ཆོས་ལྡན་པའི་ཞིང་ཕྱུགས་ཐོན་རྫས་རྒྱུན་ཆད་མེད་པར་རྒྱལ་ཁབ་ཕྱི་ནང་གི་ཁྲོམ་རའི་ཐོག་འགྲེམ་སྤེལ་བྱས་ཏེ། ཞིང་འབྲོག་པ་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ཡོང་བར་སྐུལ་ཁྲིད་ནུས་ལྡན་བྱས་ཡོད། ཁོང་གིས་ནན་གྱིས་བསྟན་དོན། རྒྱུན་མཐུད་ཀྱིས་ལྗང་མདོག་སྐྱེ་ལྡན་གནོད་མེད་ཐོན་རྫས་ཕྱིར་གཏོང་བྱེད་ཡུལ་སྐྲུན་པའི་འཕེལ་རིམ་ཁྲོད། ཧྲན་ཏུང་ཞིང་ཆེན་ཝའེ་ཧའེ་གྲོང་ཁྱེར་དང་ཀྲུང་གོ་འབྲུ་རིགས་ཚོགས་པ་དང་སྤེལ་རེས་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་དགོས་ལ། སྤུས་ལེགས་ཁེ་ལས་གླིང་ཁུལ་ནང་ཞུགས་རྒྱུར་འབད་པ་བྱས་ཏེ། ཆེད་ལས་དང་། སྤུས་ལེགས། དམིགས་བསལ། གསར་པ་བཅས་ཀྱི་ཁེ་ལས་ཆུང་འབྲིང་སྐྱེད་སྲིང་ཤུགས་ཆེན་བྱས་ནས་ཐོན་ལས་ཀྱི་འབྲེལ་ཐག་སྣུར་སྲིང་དང་འབྲེལ་ཐག་ཁ་གསབ་དང་། འབྲེལ་ཐག་མང་དུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།  “ཞིང་ལས། ལུས་རྩལ། རིག་གནས། གནས་སྐོར། ཚོང་ལས།”བཅས་ཀྱི་མཉམ་འདྲེས་འཕེལ་རྒྱས་ཆུ་ཚད་ཆེ་རུ་གཏོང་དགོས། རྒྱུན་མཐུད་ཀྱིས“རབ་མཛེས་མཚོ་སྔོན•ས་མཐོའི་རྐང་གྲུག”རིམ་འདས་མཉམ་འགྲན་དང་། སྐེ་ཚེ་མེ་ཏོག་རིག་གནས་གནས་སྐོར་མུ་འབྲེལ་བྱེད་སྒོ། གཞུང་ལམ་མཁོ་ཚོང་དང་དེ་བཞིན་དྲ་ཐོག་ཐད་གཏོང་སོགས་ཀྱི་ཐབས་ལ་བརྟེན་ནས་དམིགས་བསལ་སྤུས་ལེགས་ཞིང་ཕྱུགས་ཐོན་རྫས་འགྲེམ་ཚོང་ཤུགས་ཆེན་བྱས་ཏེ། རྒྱུན་མཐུད་ཀྱིས་ཞིང་འབྲོག་པའི་ཡོང་འབབ་འཕར་རྒྱུར་སྐུལ་འདེད་གཏོང་དགོས་ཟེར།

ཤ་བོ་སྐྱབས་དང་བཅས་པས་མེ་ལྷ་གངས་དཀར་དང་སེམས་ཉིད་ནགས་ཀློང་། ཀྱུ་ཡངས་ནང་མཛེས་ལྗོངས་ཁུལ། མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་སྐྱེ་ཁམས་ཚན་རིག་ཁྱབ་གདལ་ཁང་བཅས་སུ་སྔོན་མའི་སྒྲུབ་སྐུལ་ལས་འགན་དོན་འཁྱོལ་བྱས་པའི་གནས་ཚུལ་ལ་ལྟ་ཞིབ་དང་། སྐྱེ་ཁམས་སྲུང་སྐྱོང་དང་། མཛེས་ལྗོངས་ཁུལ་གཉེར་སྐྱོང་། ཞབས་ཞུ་འགན་སྲུང་བཅས་ཀྱི་ལས་དོན་ལ་རྒྱུས་ལོན་བྱས། ཁོང་གིས་བསྟན་དོན།“མེ་ལྷ་གངས་དཀར། མི་ཚེའི་གངས་རི་ཐོག་མ”ལ་སྐད་གྲགས་ཆེན་པོ་བྱུང་ཞིང་། ན་ནིང་དགུན་ཁ་སླེབས་ཚུན་གནས་སྐོར་བ་མི་ཐེངས་ཁྲི20.68སྣེ་ལེན་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་དགུན་དུས་གནས་སྐོར་གྱི་མེ་མདའ་དང་པོ་བཏང་བ་དང་། རིག་གནས་གནས་སྐོར་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་བླངས། ཁོང་གིས་ནན་གྱིས་བསྟན་དོན། རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་ས་སྐྲུན་པའི་འཕེལ་རིམ་ཁྲོད། མདོ་ལ་རིང་མོའི་སེམས་ཉིད་ནགས་ཀློང་གི་གདོད་མའི་ནགས་ཚལ་ཐོན་ཁུངས་མུའུ་ཁྲི476དང་དེ་བཞིན་མཚོ་འཕགས་སྨི2300ལྷག་ཙམ་ཡོད་པའི་ཐུན་མོང་མ་ཡིན་པའི་ནམ་ཟླའི་ཆ་རྐྱེན་ལ་བརྟེན་ཏེ། རྒྱལ་ལམ338དང་མན་ཏ་མྱུར་བགྲོད་ལམ་གྱི་སྟབས་བདེ་བའི་འགྲིམ་འགྲུལ་ལེགས་ཆ་དང་དེ་བཞིན་ནགས་ཀློང་སྣེ་ལེན་ཁང་དང་། སྟེ་གྱོ་སྡེ་བའི་དམངས་སྲོལ་སྡོད་ཁང་། འཇུ་ལག་དགོན་ལུང་ཞབས་ཞུའི་ལྟེ་གནས་སོགས་ད་ཡོད་ཀྱི་གནས་ཡུལ་བེད་སྤྱོད་བྱེད་དགོས་ཤིང་། སེམས་ཉིད་ཡུལ་ཚོ་དང་འབྲུ་གུ་ཡུལ་ཚོ་གསར་བརྗེ་དང་སྐྱེ་ཁམས་ཉམས་ཞིབ་ནང་ཞུགས་དགོས་པ་དང་འབྲེལ་ཧུའུ་ཀྲུའུ་པེ་ལུང་རི་བོའི་ལྗོངས་ཁུལ་དང་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་སྟེ་མཐོ་སྒང་ནགས་ཚལ་ཁམས་གསོ་ཐོན་ལས་ཚོམ་བསྐྲུན་ནས་གྲོང་གསེབ་དར་སྤེལ་གྱི་བྱ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་ཟེར།

5.jpg

ཤ་བོ་སྐྱབས་དང་བཅས་པས་སེམས་ཉིད་ཡུལ་ཚོ་སྲིད་གཞུང་དང་རྒྱ་མདོ་གྲོང་རྡལ་ཁང་ལི་ལམ་སྡེ་ཁུལ། ཤར་ཐང་གྲོང་རྡལ་ཆོས་ཚང་སྡེ་བ། མཚོ་བྱང་ཁུལ་མི་དམངས་སྨན་ཁང་གཉིས་པ་བཅས་སུ་ཡུལ་ཚོ་དང་གྲོང་རྡལ་གྱི་ལས་བྱེད་པའི་གཞུང་ལས་ཁོར་ཡུག་དང་ཟ་ཁང་གི་ཆ་རྐྱེན་བཅས་ལ་ལྟ་ཞིབ་ཞིབ་ཕྲ་བྱས་ཤིང་། སྡེ་བའི(སྡེ་ཁུལ)བདེ་སྐྱིད་ཟ་ཁང་གཉེར་སྐྱོང་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་གནས་ཚུལ་ལ་རྒྱུས་ལོན་བྱས། སྔར་ལས་ལྷག་པའི་སྒོ་ནས་ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པ་དམ་འཛིན་དང་མང་ཚོགས་ཉེ་འཁོར་གྱི་དྲང་བདེན་མིན་པའི་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་གཅིག་སྡུད་བཅོས་སྐྱོང་བྱེད་པའི་ཐད་ཞིབ་ཕྲའི་བླང་བྱ་བཏོན། སྨན་ཁང་གི་མཉེན་ཆས་དང་མཁྲེགས་ཆས་སྒྲིག་བཀོད་ཆ་ཚང་། རིག་ཚན་དང་འཇོན་མི་འཛུགས་སྐྲུན།  སྨན་བཅོས་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་བྱ་བ་དང་དེ་བཞིན་རིམ་པ་གསུམ་པའི་སྨན་ཁང་འཛུགས་སྐྲུན་བྱེད་པའི་ཐད་མཛུབ་ཁྲིད་གནང་།

ཁུལ་གྱི་མགོ་ཁྲིད་ཆན་གོ་ཆིན་དང་ཀྲུང་ཀྲི་ཅུན། སངས་འབུམ། ཚོ་ཅི་ཆང་བཅས་དང་། ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་དང་འཇུ་ལག་རྫོང་གི་ཚན་ཁག་ཆེན་མོ་བཞིའི་འགན་འཁུར་བློ་མཐུན་མཉམ་དུ་ཞུགས།


མཉམ་སྤྱོད།