དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཤ་བོ་སྐྱབས་ཀྱིས་ཁུལ་གྱི་ཚན་ཁག་ཆེན་མོ་བཞིའི་འགན་འཁུར་བློ་མཐུན་གྱི་སྣེ་ཁྲིད་དེ་མདོ་ལ་རྫོང་དུ་ཞིབ་དཔྱོད་གནང་བ།

2025-04-11 10:38:40   |   537

སྒྲིག་སྒྱུར། ཁོན་ཐར་ཚེ་རིང་། ཡོང་ཁུངས། མདོ་ལ་ཚགས་པར་ཁང་། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ4པའི་ཚེས8ནས་ཚེས9ཉིན་བར། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་ཁུལ་གྱི་ཚན་ཁག་ཆེན་པོ་བཞིའི་འགན་འཁུར་བློ་མཐུན་ལ་སྣེ་ཁྲིད་དེ། གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་དང་། སྐྱེ་ཁམས་སྲུང་སྐྱོང་། ཐོན་ལས་འཕེལ་རྒྱས། དམངས་འཚོ་འགན་སྲུང་སོགས་གཙོ་གནད་ལས་དོན་ལ་དམིགས་ཏེ། མདོ་ལ་རྫོང་དུ་ཕྱིན་ནས་རྟོག་འདོམས་དང་ཞིབ་དཔྱོད་གནང་།

01.jpg

མདོ་ལ་རྫོང་ཨུའི་ཏང་གི་སློབ་གྲྭའི་གནས་ཡུལ་གསར་པ་དང་། མདོ་ལའི་གནམ་ཐང་དུ་ཞིབ་དཔྱོད་གནང་སྐབས་ནན་གྱིས་བསྟན་དོན། ཀན་སུའུ་ཀའོ་ཐའེ་རྫོང་ལས་བྱེད་སློབ་གླིང་གི་དོ་དམ་འཁོར་སྐྱོད་བྱེད་སྟངས་དཔྱད་གཞིར་བཟུང་ནས། ཏང་གི་སློབ་གྲྭའི་སློབ་ཁུལ་གསར་པས་མི260ལྷག་ཤོང་བའི་གཞི་ཁྱོན་དང་ས་ཞིང་མུའུ75བེད་སྤྱོད་གང་ལེགས་བྱས་ཏེ། ལུགས་མཐུན་ངང་འཆར་འགོད་དང་། ཁུལ་དབྱེའི་སྒོ་ནས་བེད་སྤྱོད་བྱེད་པ་དང་། གྲོན་ཆུང་དང་དངོས་སྤྱོད་ཀྱི་རྩ་དོན་བརྩི་སྲུང་བྱས་ནས་ད་ཡོད་ཀྱི་རྒྱུ་ནོར་བེད་སྤྱོད་གང་ལེགས་བྱས་ནས། གཏེར་ལྔ་རྒྱལ་ཚོང་ཟ་ཁང་སོགས་ཀྱི་སྒྲིག་བཀོད་ལ་ཟུང་འབྲེལ་གྱིས་གསར་བརྗེའི་ཞིབ་སློབ་དང་། རང་བྱུང་སློབ་གསོ་གཞི་གཅིག་ཡིན་པའི་ཕྱོགས་བསྡུས་ལས་སྟེགས་བསྐྲུན་དགོས། མདོ་ལ་རྫོང་དམར་དམག་ནུབ་ལམ་དམག་དཔུང་དང་། བཅིངས་འགྲོལ་དམག་གི་དམག་དཔུང་གཉིས་པའི་དྲན་གསོ་གླིང་། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་གཞི་གྲངས་ཆེན་མོ་ལྟེ་གནས་བཅས་ལ་བརྟེན་ནས། མཉམ་སྤྱོད་ཀྱི་གཡུལ་ས་བེད་སྤྱོད་ཡག་པོ་བྱས་ཏེ་ཧོང་ཧྥན་དགོན་པའི་རྒྱལ་ཁ་ཆེན་མོ་སོགས་དམར་དམག་ནུབ་ལམ་དམག་གི་དཔའ་ངར་བྱས་རྗེས་བརྗོད་པ་དང་། མཚོ་སྔོན་རོགས་སྐྲུན་ཧྲན་ཏུང་ཞིང་ཆེན་པིན་ཀྲོའུ་གྲོང་ཁྱེར་དང་གཏེར་ལྔ་ཚོགས་པ། དེ་བཞིན་ཞིང་ཆེན་ཕྱི་ནང་གི་ལས་ཁུངས་གདན་འདྲེན་ཞུས་ནས་གསོ་སྦྱོང་སྤེལ་དགོས། “གསར་བརྗེའི་ཞིབ་སློབ+སྐྱེ་ཁམས་སློབ་གསོ+དམངས་སྤྱོད་མཁའ་འགྲུལ”བཅས་མཉམ་འདྲེས་བྱེད་པ་འཚོལ་ཞིབ་བྱས་ཏེ། གཟའ་ཟླ་བ་དང་། གཟའ་ལྷག་པ། གཟའ་པ་སངས་བཅས་ཀྱི་གསར་བརྗེའི་ཞིབ་སློབ་ཀྱི་དུས་གཏན་མཁའ་འགྲུལ་འཛུགས་པ་དང་། མཁའ་དབྱིངས་ཀྱི་ཏང་གི་སློབ་ཚན་ཆུང་ངུ་སྤེལ་ནས་སློབ་མར་དབྱིངས་ཞུགས་རྣམ་པའི་ཉམས་ལེན་བྱེད་དུ་འཇུག་དགོས།

02.jpg

03.jpg

མཁར་དམར་གྲོང་རྡལ་གནའ་གྲོང་གི་རྗེས་ཤུལ་དང་། ཨ་མྱེས་སྟོང་སོ་ནགས་ཚལ་སྒར་འདེབས་རྟེན་གཞི། བཙུན་མོ་དམར་ཡག་མའི་མཛེས་ལྗོངས་ཁུལ་དང་། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་རི་སྐྱེས་སྲོག་ཆགས་སྐྱོབ་སྲུང་རྒྱུད་སྤེལ་ལྟེ་གནས་སུ་ཞིབ་དཔྱད་གནང་སྐབས་བསྟན་དོན། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་མཚོ་བྱང་ས་ཁུལ་འཛུགས་སྐྲུན་ལ་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ཡོད་པ་དང་། སྐྱོབ་སྲུང་ལྟེ་གནས་ཀྱིས་རོགས་སྐྱོབ་བྱས་པའི་གསའ་དང་ཁྲུང་ཁྲུང་སྐེ་ནག་སོགས་རྩ་ཆེའི་རི་དྭགས་དང་བྱ་རིགས། རང་བྱུང་སྲུང་སྐྱོང་དང་ཚན་རིག་ཁྱབ་གདལ་སློབ་གསོའི་གསོན་ཉམས་ལྡན་པའི་སྒེའུ་ཁུང་ཞིག་ཏུ་གྱུར་ཡོད། མདོ་ལ་རྫོང་གིས་བྱ་རྒོད་རི་དང་ལབ་ཙེ་སྒང་སོགས་མཛེས་ལྗོངས་ཁུལ་གསར་པ་བདེ་བླག་ངང་སྐྲུན་པས། 2024ལོར་གནས་སྐོར་བ་མི་ཐེངས་ཁྲི220སྣེ་ལེན་བྱས་པ་དང་། ཡོང་འབབ་སྒོར་དུང་ཕྱུར14.5མངོན་འགྱུར་བྱུང་ཡོད་ལ། དུས་མཚུངས་ལས་སོ་སོར14.9%དང21.2%འཕར་ཡོད། ཚན་རིག་དང་མཐུན་པའི་སྒོ་ནས“ཞིང་ཆེན་ཕྱི་རུ་འགྲོ་བའི་བགྲོད་ལམ་ལྔ”འཆར་འགོད་ལག་བསྟར་བྱས་ཏེ། མཁར་དམར་བརྒྱུད་ནས་འགྲོ་བའི་གནས་སྐོར་བ་མདོ་ལ་རྫོང་དུ་འགུག་པ་དང་། མདོ་ལ་ནགས་རའི་ཐོན་ཁུངས་ལ་བརྟེན་ནས་ས་མཐོའི་ནགས་ཚལ་བདེ་ཐང་གསོ་སྐྱོང་ཐོན་ལས་སྤེལ་དགོས། “ཞིང་ལས་དང་། ལུས་རྩལ། རིག་གནས། གནས་སྐོར། ཚོང་ལས”རྣམ་པའི་ལས་རིགས་གསར་པ་སྐྱེད་སྲིང་བྱས་ཏེ། མཁར་དམར་གནའ་གྲོང་གི་ཐོག་ཁང་དང་གནས་རྙིང་བེད་སྤྱོད་གང་ལེགས་བྱས་ཏེ། ལྗོངས་དངོས་ཀྱི་འཁྲབ་སྟོན་དང་། རྟ་རྒྱུག་མདའ་འཕེན་རྐང་ཐང་སོགས་ཀྱི་བྱེད་སྒོ་ཡག་པོར་གཉེར་ནས། གནས་སྐོར་བར་མདོ་ལ་རྩྭ་ཐང་ཆེན་མོའི་མཛེས་སྡུག་ཚོར་དུ་འཇུག་དགོས་ཟེར།

04.jpg

05.jpg

མདོ་ལའི་བོད་ལུག་ཐོན་ལས་འཕེལ་རྒྱས་ཞིབ་འཇུག་ཁང་དང་། ཆན་ཧུའུ་ཕྱུགས་ལས་སྤྱི་གཉེར་ཁང་། ཁེ་ལས་ཕྲན་ཆུང་གསོ་སྐྱོང་གླིང་བཅས་སུ་ཞིབ་དཔྱོད་གནང་སྐབས་བསྟན་དོན། མདོ་ལ་རྫོང་གི་སྐྱེ་ཁམས་ཞིང་ཕྱུགས་ལས་ཀྱི“གཅིག་ཅན་དགུའི”ལེ་ལག་ཚང་བའི་ལས་གྲྭ་མུ་མཐུད་དུ་འཐུས་ཚང་བཏང་ཡོད་པ་དང་། འབུམ་རམས་པ་ཚོགས་པའི་ཚན་ཞིབ་སྟོབས་ཤུགས་ལ་བརྟེན་ནས། མདོ་ལའི་ནོར་གནག་དང་བོད་ལུག་སོན་བཟང་གསོ་སྐྱོང་སོགས་ཐོན་སྐྱེད་ནུས་ཤུགས་གསར་པ་འཕེལ་རྒྱས་གཏོང་བའི་ཐད་གྲུབ་འབྲས་ཆེན་པོ་བླངས་ཡོད། “མདོ་ལའི་བོད་ལུག”དང་། “མདོ་ལའི་ནོར་གནག”རྒྱལ་ཡོངས་ཀྱི་ཐོན་རྫས་གྲགས་ཅན་དང་དམིགས་བསལ། སྤུས་ལེགས། གསར་བ་བཅས་ཀྱི་ཞིང་ལས་ཐོན་རྫས་མིང་ཐོའི་ནང་ཚུད་ཡོད། “ཁུལ་ཁོངས་ཕྱུགས་འཚོ”ཡིས་རོང་འབྲོག་པའི་ཡོང་འབབ་འཕར་སྣོན་ཡོང་བར་སྐུལ་ཁྲིད་ཡག་པོ་བྱས་ཡོད། ཁུལ་ས་མཐོའི་སྐྱེ་ཁམས་ཕྱུགས་ལས་ཚན་རྩལ་དཔེ་སྟོན་གླིང་དང་ཚན་རིག་ཞིབ་འཇུག་ཁང་དང་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས། བོད་ལུག་དང་། ནོར་གནག ཤ་མོ་སེར་པོ། ཤྭ་རྭ།  གླ་རྩི་སོགས་ཁྱད་ལྡན་ཐོན་རྫས་གསར་སྤེལ་ལེགས་པོ་བྱས་ཏེ། “མདོ་ལ་རི་བོའི་འདབས་ཀྱི་ཕྱུགས་ར་བཟང་པོའི”སྤུས་རྟགས་རྒྱ་ཇེ་ཆེ་དང་སྟོབས་ཇེ་ཆེར་བཏང་ནས། ཞིང་འབྲེལ་ཞིང་ཁྲིད་ཀྱི་ཕན་འབྲས་འདོན་སྤེལ་གང་ལེགས་བྱེད་དགོས་ཞེས་བཤད།

མདོ་ལ་རྫོང་གི་དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ལྟེ་གནས་དང་། ཕྱོགས་བསྡུས་རིག་ནུས་བཀོད་གཏོང་ལྟེ་གནས། མི་རིགས་སློབ་འབྲིང་སོགས་སུ་ཞིབ་དཔྱད་གནང་སྐབས་ནན་གྱིས་བསྟན་དོན། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་ཡག་པོ་བྱེད་དགོས་པ་དང་། མང་ཚོགས་ཀྱི་ཉེ་འཁོར་ན་ཡོད་པའི་དྲང་བདེན་མིན་པའི་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་ལ་གཅིག་སྡུད་བཅོས་སྒྲིག་བྱས་ཏེ། “སོ་ལྟ་ཁྲི་སྟོང”གི་ཉམས་མྱོང་སྲ་བརྟན་དང་དར་སྤེལ་བཏང་ནས། མང་ཚོགས་ཀྱི་དཀའ་ཁག་དང་སེམས་ཁུར་བྱེད་པའི་གནད་དོན་དུས་ཐོག་ཏུ་ཐག་གཅོད་བྱེད་དགོས་ཟེར། 

ཁུལ་གྱི་མགོ་ཁྲིད་ཆན་ཀུའོ་ཆིང་དང་། ཀྲུང་ཀྲི་ཅུན། སངས་འབུམ། ཚའོ་ཅི་ཆང་བཅས་དང་། དེ་བཞིན་ཁུལ་ཐད་གཏོགས་ཀྱི་འབྲེལ་ཡོད་སྡེ་ཁག་དང་། མདོ་ལ་རྫོང་གི་ཚན་ཁག་ཆེན་པོ་བཞིའི་འགན་འཁུར་བློ་མཐུན་བྱེད་སྒོར་ཞུགས་ཡོད།


མཉམ་སྤྱོད།