དེ་རིང་ནི2025ལོའི་ཟླ05པའི་ཚེས13ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཝུའུ་ཞའོ་ཅུན་གྱིས་མཚོ་བྱང་ཁུལ་དུ་བརྟག་ཞིབ་དང་བཞུགས་མོལ་གནང་།

2025-04-15 10:11:52   |   594

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་ཏང་དོན། བཤེར་འབེབས། རིན་ཆེན་ཚེ་རིང་།


1..jpg

ཟླ4པའི་ཚེས14ཉིན། ཞིང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དུ་ཕེབས་ཏེ་བརྟག་ཞིབ་བཞུགས་མོལ་གནང་། འདི་ནི་ཝུའུ་ཞའོ་ཅུན་གྱིས་ཀྲུང་གོའི་ཉིང་རྡུལ་མཚོན་ཆ་ཞིབ་བཟོ་རྟེན་གཞིའི་ཡན་ལག་བཟོ་གྲྭ་དང་པོའི་གནས་རྙིང་དུ་ལོ་རྒྱུས་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་བེད་སྤྱོད་བྱས་ཚུལ་ལ་བརྟག་ཞིབ་བྱེད་བཞིན་པའི་སྐབས་རེད། མཚོ་སྔོན་ཉིན་རེའི་ཚགས་པར་མཉམ་འདྲེས་སྨྱན་སྦྱོར་གྱི་གསར་འགོད་པ་ཀྲང་ཏི་ཨུས་པར་བླངས།

ཟླ4པའི་ཚེས14ཉིན། ཞིང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དུ་ཕེབས་ཏེ་བརྟག་ཞིབ་བཞུགས་མོལ་གནང་། ཁོང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་ཐོག་མཐའ་བར་གསུམ་དུ་བློ་ལ་བརྟན་པོར་ངེས་ནས་དུས་རིམ་རང་བཞིན་གྱི་ཁྱད་ཆོས་དང་ལོ་རྒྱུས་རང་བཞིན་གྱི་གོ་སྐབས་དམ་འཛིན་བྱས་ཏེ། བཅོས་བསྒྱུར་ལ་བརྟེན་ནས་གསོན་ཤུགས་ཆེ་རུ་གཏོང་བ་དང་། སྒོ་འབྱེད་ལ་བརྟེན་ནས་བར་སྟོང་རྒྱ་སྐྱེད། གསར་གཏོད་ལ་བརྟེན་ནས་འགུལ་ནུས་སྟོབས་ཆེ་རུ་གཏོང་བ་བཅས་བྱས་ཏེ་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་སྔར་བས་སྲ་བརྟན་དུ་གཏོང་བ་དང་། ལྗང་མདོག་འཕེལ་རྒྱས་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་དགོས་ལ། ཐོན་ལས་ཕྱོགས་སྒྱུར་རིམ་སྤར་ལ་སྐུལ་འདེད་བཏང་སྟེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ལེའུ་ཡི་མཚོ་བྱང་ལག་ལེན་ཧུར་ཐག་གིས་རྩོམ་དགོས་ཞེས་ནན་བཤད་གནང་།

མཚོ་བྱང་ཁུལ་ནི“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་འཁྲུངས་ས་ཡིན་ཏེ། ཝུའུ་ཞའོ་ཅུན་ཀྲུང་གོའི་ཉིང་རྡུལ་མཚོན་ཆ་ཞིབ་བཟོ་རྟེན་གཞིའི་ཡན་ལག་བཟོ་གྲྭ་དང་པོའི་གནས་རྙིང་དང་མཐོན་པོ་སྒང་སྐྱེ་ཁམས་གནས་སྐོར་གསར་སློབ་རྟེན་གཞིར་ཕྱིན་ཏེ་ས་གནས་ས་ཐོག་ཏུ་ལོ་རྒྱུས་རིག་གནས་ཤུལ་བཞག་སྲུང་སྐྱོང་བེད་སྤྱོད་བྱས་ཚུལ་ལ་ལྟ་ཞིབ་བྱས། ཁོང་གིས་བསྟན་དོན། གསར་བརྗེའི་རིག་གནས་དང་སྐྱེ་ཁམས་གནས་སྐོར། གྲོང་གསེབ་དར་སྤེལ། སློབ་གསོ་ཞིབ་འཇུག་སློབ་སྦྱོང་བཅས་ཟུང་འབྲེལ་དམ་ཟབ་བྱ་རྒྱུར་སྐུལ་འདེད་བཏང་ནས་མཚོ་བྱང་གི་གནས་སྐོར་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་མཉམ་འདྲེས་འཕེལ་རྒྱས་ཀྱི་མྱུར་ཚད་མགྱོགས་སུ་གཏོང་དགོས། མཚོ་བྱང་ཁུལ་ས་མཐོའི་དེང་རབས་སྐྱེ་ཁམས་འབྲོག་ལས་ཚན་རྩལ་དཔེ་སྟོན་གླིང་དུ་ཝུའུ་ཞའོ་ཅུན་གྱིས་སྐྱེ་ཁམས་འབྲོག་ལས་ཀྱི་ཚན་རྩལ་གསར་གཏོད་དང་གྲུབ་འབྲས་གཞན་བསྒྱུར། སོན་བཟང་གསོ་སྤེལ་སོགས་ཀྱི་གནས་ཚུལ་ལ་ཞིབ་ཕྲའི་རྒྱུས་ལོན་བྱས་ཏེ། ཚན་རིག་ཞིབ་འཇུག་སྟོབས་ཤུགས་གཅིག་སྡུད་བྱས་ཏེ་ས་མཐོའི་སོན་ལས་འགྲེམ་སྟོན་དང་སྤེལ་རེས་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་རིམ་སྤར་ལ་སྐུལ་འདེད་བཏང་ནས་དམངས་ཕྱུག་ཁྱད་ལྡན་ཐོན་ལས་མུ་མཐུད་དུ་རྒྱ་ཇེ་ཆེ་དང་སྟོབས་ཇེ་ཆེ་རུ་གཏོང་དགོས་ཞེས་བསྟན།

བཞུགས་མོལ་ཚོགས་འདུའི་ཐོག་ཝུའུ་ཞའོ་ཅུན་གྱིས་མཚོ་བྱང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ལས་དོན་སྙན་ཞུར་ཉན་རྗེས། མཚོ་བྱང་གིས་བླངས་པའི་ལས་ཀའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་། ཁོང་གིས་ནན་གྱིས་བསྟན་དོན། “ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་”ཕྱོགས་སུ་ཕྱོགས་པ་དང་དེང་རབས་ཅན་དུ་འབད་བརྩོན་བྱེད་དགོས།    མཚོ་བྱང་གི་འཕེལ་རྒྱས་དེ་འགོ་ཚུགས་ས་གསར་པ་ཞིག་ཏུ་གནས་ཡོད་པ་དང་། ཕྱོགས་སོ་སོའི་ལས་དོན་དེ་འགག་རྩའི་དུས་མཚམས་གསར་པ་ཞིག་ཏུ་གནས་ཡོད། ཆུ་ཚད་མཐོ་བའི་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བ་ནི་ནང་གནས་ཀྱི་བླང་བྱ་ཡིན། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གཏིང་ཟབ་ཏུ་གཏོང་བའི་ཐད་ཚད་གཞི་དེ་བས་མཐོ་བ་མཐའ་འཁྱོངས་བྱས་ཏེ་ཚད་བརྒལ་དེ་བས་ཆེ་བ་མངོན་འགྱུར་བྱེད་དགོས་པ་དང་། རེས་སྐོར་གསུམ་པའི་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱིས་བཏོན་པའི་གནད་དོན་བཅོས་སྒྲིག་དམ་འཛིན་བྱས་ནས་རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་མ་བཅས་གཞི་གཅིག་ཅན་སྲུང་སྐྱོང་དང་མ་ལག་བཅོས་སྐྱོང་ལས་དོན་ཁག་གཅིག་གྱུར་འཆར་འགོད་བྱས་ཏེ་རྒྱལ་ཁབ་གླིང་ཀ་གཙོ་བྱས་པའི་རང་བྱུང་སྲུང་སྐྱོབ་ས་ཆའི་མ་ལག་འཛུགས་སྐྱོང་ཐད་དཔེ་སྟོན་བྱེད་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ཚད་གཞི་སྔར་ལས་མཐོན་པོ་མཐའ་འཁྱོངས་དང་ཕྱོགས་སྒྱུར་ལ་སྔར་ལས་མགྱོགས་མྱུར་གྱིས་སྐུལ་འདེད་གཏོང་བ་དང་། རང་ངོས་ཀྱི་གནས་ཡུལ་གྱི་ལེགས་ཆ་གཞིར་བཟུང་ཞིང་། ཁ་གཏད་རོགས་སྐྱོར་གྱི་ལམ་སྲོལ་བེད་སྤྱོད་ཡག་པོ་བྱས་ཏེ། ཞིང་ཕྱུགས་ལས་ཀྱི“མ་རྩ”བརྟན་པོར་སྲུང་བ་དང་། སྐྱེ་ཁམས་གནས་སྐོར་གྱི་“གསོན་ཤུགས་གསར་པ”འཕེལ་བར་བྱེད་དགོས། གསར་བརྗེའི་གནས་སྐོར་དང་ཉམས་ལེན། ཞིབ་འཇུག་སློབ་སྦྱོང་བཅས་ཀྱི“བར་སྟོང་གསར་པ”རྒྱ་སྐྱེད་བཏང་སྟེ། ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་ཐད་ཚད་གཞི་སྔར་ལས་མཐོ་བ་མཐའ་འཁྱོངས་དང་ཉམས་མྱོང་སྔར་ལས་ལེགས་པ་འཚོལ་ཞིབ་བྱས་ཏེ། ཆུ་ཚད་སྔར་ལས་མཐོ་བའི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གསར་སྐྲུན་བྱེད་པའི་མྱུར་ཚད་མགྱོགས་སུ་གཏོང་བ་དང་། སྤུས་ཚད་སྔར་ལས་མཐོ་བའི་བདེ་འཇགས་མཚོ་བྱང་འཛུགས་སྐྲུན་བྱས་ཏེ། ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་རྟག་བརྟན་བཞད་པར་བྱེད་དགོས། དམངས་འཚོའི་བདེ་རྩ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བའི་ཐད་ཚད་གཞི་སྔར་ལས་ཆེ་བ་མཐའ་འཁྱོངས་བྱས་ཏེ། སྔར་ལས་མང་བའི་དོན་དག་དངོས་ལེགས་པར་བསྒྲུབ་པ་དང་། སྤྱི་ཕན་རང་བཞིན་དང་། རྨང་གཞིའི་རང་བཞིན། མ་སྲུང་རང་བཞིན་བཅས་ཀྱི་དམངས་འཚོའི་འགན་སྲུང་ལ་ཤུགས་སྣོན་རྒྱག་དགོས་པ་དང་། གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་མི་ཡོང་བའི་མ་ཐིག་བརྟན་སྲུང་མཐའ་གཅིག་ཏུ་བྱེད་དགོས། གྲོང་ཚོའི་ཐུན་མོང་དཔལ་འབྱོར་གྱི་“གྲོང་ཚོ་སྟོབས་ཆེར་གཏོང་བའི་ལས་གྲྭ” ལག་བསྟར་བྱས་ཏེ། རྣམ་གསར་གྲོང་ཁྱེར་གྲོང་རྡལ་འཕེལ་རྒྱས་ཀྱི་ཞན་ཆ་མགྱོགས་པོར་ཁ་གསབ་བྱེད་པ་དང་། མང་ཚོགས་ཀྱི་བདེ་སྣང་དང་ཐོབ་སྣང་རྒྱུན་ཆད་མེད་པར་མཐོར་འདེགས་གཏོང་དགོས། ཕྱོགས་ཡོངས་ནས་ཏང་དང་དཔོན་རིགས་དོ་དམ་ནན་པོ་བྱེད་པའི་ཐད་ཚད་གཞི་སྔར་ལས་མཐོན་པོ་མཐའ་འཁྱོངས་དང་བླང་བྱ་སྔར་ལས་ནན་པོ་དོན་འཁྱོལ་བྱས་ཏེ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་གྱི་སློབ་སྦྱོང་སློབ་གསོ་ལག་བསྟར་གཏིང་ཟབ་བྱེད་པར་སྐུལ་འདེད་ཏན་ཏིག་བཏང་སྟེ། མང་ཚོགས་ཉེ་འཁོར་གྱི་དྲང་བདེན་མིན་པའི་སྤྱོད་ཚུལ་དང་རུལ་སུངས་གནད་དོན་བཅོས་སྐྱོང་མཐའ་གཅིག་ཏུ་བྱེད་དགོས་པ་དང་། ལས་བྱེད་པའི་ལྟ་སྐུལ་དོ་དམ་ལ་རྒྱུན་མཐུད་ཤུགས་སྣོན་བརྒྱབ་ནས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་ལས་དོན་ལ་སྐུལ་འདེད་གཏོང་བའི་འགྲིལ་ཤུགས་སྟོབས་ཆེན་ཞིག་ཏུ་བསྒྱུར་དགོས།

ཝང་ཏ་ནན་དང་ཀྲུའུ་ཞང་ཧྥུང་གཉིས་བཞུགས་མོལ་ཚོགས་འདུར་ཞུགས།


མཉམ་སྤྱོད།