དེ་རིང་ནི2025ལོའི་ཟླ06པའི་ཚེས27ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞི་ཅིན་ཕིང་ཅི་ལུང་ཕོར་འབྱོར་ཞིང་མ་ལེ་ཞི་ཡར་རྒྱལ་དོན་འཚམས་འདྲི་གནང་།

2025-04-16 10:37:41   |   597

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། བཤེར་འབེབས། རིན་ཆེན་ཚེ་རིང་།


ཤིན་ཧྭ་གསར་འགྱུར་ཁང་གི་ཟླ4པའི་ཚེས15ཉིན་གྱི་གློག་འཕྲིན་ལྟར་ན། ས་གནས་དེ་གའི་ཟླ4པའི་ཚེས15ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་འཕུར་གནམ་གྲུར་བསྡད་ནས་ཅི་ལུང་ཕོ་རུ་འབྱོར་ཞིང་། མ་ལེ་ཞི་ཡའི་ཆེས་མཐོའི་གཙོ་བདག་དབྱི་པུའུ་ལ་ཞིན་གྱི་གདན་ཞུས་ལྟར་མ་ལེ་ཞི་ཡ་ལ་རྒྱལ་དོན་འཚམས་འདྲི་གནང་།

ཆེད་འཕུར་གནམ་གྲུ་ཅི་ལུང་ཕོའི་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར་བ་ན། མ་ལེ་ཞི་ཡའི་ཙུང་ལི་ཨན་ཝར་གྱིས་སྤྲོ་སེམས་འཁོལ་བའི་ངང་ཕེབས་བསུ་བྱས།


མཉམ་སྤྱོད།