དེ་རིང་ནི2025ལོའི་ཟླ06པའི་ཚེས27ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཁུལ་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་དང་། རྒྱུན་ལས་གྲོས་ཚོགས་འཚོགས།

2025-04-16 11:18:06   |   612

སྒྲིག་སྒྱུར། ཁོན་ཐར་ཚེ་རིང་། ཡོང་ཁུངས། མཚོ་བྱང་མདོ་ལ་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ4པའི་ཚེས14ཉིན། ཁུལ་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅིའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱི་མངགས་བཅོལ་ལྟར། ཁུལ་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་གཞོན་པ་སངས་འབུམ་གྱིས་ཁུལ་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་ཐེངས66པ་དང་། ཁུལ་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་ཐེངས60པ་སྒྲིག་འཛུགས་བྱས་ནས་འཚོགས། ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིད་གཙོ་བོའི་མཛུབ་སྟོན་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཤིང་། ཁུལ་ཨུའི་བྱ་བའི་བླང་བྱ་དོན་འཁྱོལ་བྱས་ཏེ། མིག་སྔར་གྱི་ཁུལ་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་ཐད་འཕྲད་པའི་གནད་དོན་དང་དེར་འཚམ་པའི་བྱེད་ཐབས་ལ་དབྱེ་ཞིབ་གཏིང་ཟབ་བྱས་པ་མ་ཟད། འབྲེལ་ཡོད་བྱ་བར་ཞིབ་འཇུག་བྱས།

ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། ས་གནས་ཁག་དང་སྡེ་ཁག་སོ་སོས་མིག་སྔའི་དཔལ་འབྱོར་འཁོར་སྐྱོད་ཀྱི་དུས་བབ་ལ་དབྱེ་ཞིབ་དང་དཔྱད་བསྡུར་གཏིང་ཟབ་བྱས་ཏེ། “ཕྱེད་བརྒལ་གཉིས”ཀྱི་འགག་སྒྲོལ་ལ་རྒྱལ་ཁ་ལེན་དགོས་པ་དང་། རོང་འབྲོག་པས་ནོར་ལུག་ཕྱིར་འཚོང་ལ་ཁ་གསབ་སྤྲོད་རྒྱུར་སྐུལ་འདེད་གཏོང་བ་དང་། ལོ་ཏོག་གི་དཔྱིད་འདེབས་ལ་ཤུགས་སྣོན་དང་ཐབས་ལམ་སྣ་ཚོགས་སྤྱད་ནས་ཡོང་འབབ་འཕར་བར་སྐུལ་འདེད་བྱེད་དགོས། ཨར་ལས་ལས་རིགས་ཀྱི་ཁེ་ལས་ཁྱོན་ཡོངས་ནས་ལས་མགོ་རྩོམ་པར་སྐུལ་འདེད་གཏོང་བ་དང་། མ་དངུལ་བསྡུ་སྒྲིལ་ཞབས་ཞུ་མཁོ་འདོན་བྱས་ནས་ཁེ་ལས་ཆུང་འབྲིང་ལ་རོགས་རམ་བྱེད་དགོས། མུ་མཐུད་འཛུགས་སྐྲུན་བྱེད་པའི་རྣམ་གྲངས་ལས་མགོ་རྩོམ་པའི་གོམ་སྟབས་མགྱོགས་སུ་བཏང་ནས། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཀྱི་བྱེད་ཐབས་དོན་འཁྱོལ་བྱ་དགོས། “ཚོང་འགུག་བྱ་སྤྱོད་ཆེན་པོ་བཅུ”གཏིང་ཟབ་སྤེལ་ནས་ཚོང་འགུག་རྣམ་གྲངས་སྦྲེལ་མཐུད་དང་དོན་འཁྱོལ་ཡག་པོ་བྱེད་དགོས། དཔལ་འབྱོར་བཀོད་གཏོང་གི་འགན་འཁྲི་འཁུར་ནས་གནད་ཁེལ་ཐབས་ཇུས་འདོན་དགོས། དེ་དང་ཆབས་ཅིག་བདེ་འཇགས་ཐོན་སྐྱེད་ལ་སླར་ཡང་བཀོད་གཏོང་དང་། མངོན་མེད་རྐྱེན་ངན་ལ་སླར་ཡང་ཞིབ་བཤེར་བྱས་ནས། ལས་རིགས་དང་ས་ཁོངས་བར་གྱི་འགན་འཁྲི་ལ་ཤུགས་སྣོན་དགོས། ལས་འགན་གསལ་ཐོར་བལྟས་ནས་ལས་བགོས་མངའ་ཁོངས་ཀྱི་བདེ་འཇགས་དུས་བབ་ལ་ཞིབ་འཇུག་དང་དཔྱད་བསྡུར་བྱེད་དགོས་པ་དང་། རྫོང་སོ་སོ་དང་སྡེ་ཁག་སོ་སོས་ཀྲུང་དབྱང་བདེ་འཇགས་ཐོན་སྐྱེད་དཔྱད་ཞིབ་སྐོར་ཞིབ་ཚན་སྐོར་གྱིས་ཞིབ་བཤེར་བྱས་པའི་གནད་དོན་ལ་དམིགས་ནས། བཅོས་སྒྲིག་ལེགས་པོ་བྱས་ཏེ་བདེ་འཇགས་ཀྱི་འགན་འཁྲི་དམ་འཛིན་བྱེད་དགོས། མགོ་ཁྲིད་ཀྱིས་སྣེ་ཁྲིད་ནས་ལས་རེས་འཁོར་བ་དང་ཆུ་ཚོད24རིང་གི་ལས་རེས་ལམ་ལུགས་དོན་འཁྱོལ་ནན་མོ་བྱས་ཏེ། འཕྲལ་བསྟུན་རོགས་སྐྱོབ་དཔུང་ཁག་རིམ་པ་ཁག་གིས་ལས་རེས་གྲ་སྒྲིག་བྱེད་པར་ཤུགས་སྣོན་པ་དང་དངོས་འཐབ་ནང་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། སྡེ་ཁག་དང་ལས་ཁུངས་ཁག་གིས་ཁོར་ཡུག་སྲུང་སྐྱོང་གི་ལྟ་ཞིབ་གནད་དོན་ལེགས་བཅོས་བྱེད་པ་ཇེ་མགྱོགས་སུ་བཏང་ནས་གནད་དོན་ཚང་མ་བཅོས་སྒྲིག་ཚར་བར་ཁག་ཐེག་བྱེད་དགོས་ཞེས་བསྟན།

ཚོགས་འདུའི་ཐོག《མཚོ་བྱང་ཁུལ་གྱི2025ལོའི་རྒྱལ་ཁབ་ས་ཁོངས་ལྗང་སྒྱུར་བྱ་བའི་ལག་བསྟར་ཇུས་གཞི》དང《2025ལོའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་དམངས་ཀྱི་ཆེས་དམའ་བའི་འཚོ་བའི་འགན་སྲུང་ཚད་གཞི་དང་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་འགན་སྲུང་ཚད་གཞི། དྭ་ཕྲུག་གི་གཞི་རྩའི་འཚོ་བའི་གསོ་སྐྱོང་ཚད་གཞིའི》ཐད་ཀྱི་སྙན་ཞུར་གྲོས་ཞིབ་བྱས་པ་མ་ཟད་གཞི་རྩའི་ཐོག་ནས་ཆོག་མཆན་ཐོབ་པ་རེད།


མཉམ་སྤྱོད།