དེ་རིང་ནི2025ལོའི་ཟླ05པའི་ཚེས13ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཧྲན་ཏུང་མི་དམངས་མཚོ་བྱང་དུ་ལྟ་སྐོར་ལ་ཕེབས་པའི་མགྲོན་བསུའི་བྱེད་སྒོ་སྤེལ།

2025-04-21 09:55:27   |   303

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཧྲན་ཏུང་དང་མཚོ་བྱང་མཇལ་འཛོམས། མཚོ་སྔོན་དང་ཧྲན་ཏུང་མཉམ་བསྐྱོད་ཅེས་པའི2025ལོའི" ཧྲན་ཏུང་གི་མི་ཁྲི་ཉི་ཤུ་མཚོ་བྱང་དུ་གནས་སྐོར་མགྲོན་འབོད་བྱེད་པ" དང" མཚོ་བྱང་གི་གཟུགས་འདས་ཤུལ་བཞག་རིག་གནས་དང་མཚོ་བྱང་གི་སྤུས་ལེགས་ཐོན་རྫས་ཧྲན་ཏུང་དུ་བསྐྱོད་པའི”བྱེད་སྒོ་ཡན་ཐའེ་གྲོང་ཁྱེར་དུ་འཚོགས་མགོ་བརྩམས། 

1.jpg

ཟླ4པའི་ཚེས19ཉིན། མཚོ་བྱང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་གཙོ་སྒྲུབ་བྱས་པ་དང་། ཧྲན་ཏུང་ཞིང་ཆེན་རིག་གནས་དང་གནས་སྐོར་ཐིན། ཡན་ཐའེ་གྲོང་ཁྱེར་སྲིད་གཞུང་། ཧྲན་ཏུང་ཞིང་ཆེན་ཁ་གཏད་རོགས་སྐྱོར་མཚོ་སྔོན་ལས་བྱེད་པའི་དོ་དམ་ཚན་ཆུང་བཅས་ཀྱིས་མཛུབ་ཁྲིད་བྱས་པ་དང་། མཚོ་བྱང་ཁུལ་ཁོངས་གཏོགས་ཀྱི་རྫོང་བཞིའི་རྫོང་ཨུ་དང་རྫོང་སྲིད་གཞུང་། མཚོ་བྱང་ཁུལ་རིག་གནས་ལུས་རྩལ་གནས་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུ། མཚོ་བྱང་ཁུལ་མཁོ་ཚོང་མཉམ་ལས་ཁང་མཉམ་འབྲེལ་ཁང་། ཡན་ཐའེ་གྲོང་ཁྱེར་རིག་གནས་དང་གནས་སྐོར་ཅུ་བཅས་ཀྱིས་འགན་སྒྲུབ་བྱས་པའི་ཧྲན་ཏུང་དང་མཚོ་བྱང་མཇལ་འཛོམས། མཚོ་སྔོན་དང་ཧྲན་ཏུང་མཉམ་བསྐྱོད་ཅེས་པའི2025ལོའི"ཧྲན་ཏུང་གི་མི་ཁྲི་ཉི་ཤུ་མཚོ་བྱང་དུ་གནས་སྐོར་མགྲོན་འབོད་བྱེད་པ " དང"མཚོ་བྱང་གི་གཟུགས་འདས་ཤུལ་བཞག་རིག་གནས་དང་མཚོ་བྱང་གི་སྤུས་ལེགས་ཐོན་རྫས་ཧྲན་ཏུང་དུ་བསྐྱོད་པའི"བྱེད་སྒོ་ཧྲན་ཏུང་ཞིང་ཆེན་ཡན་ཐའེ་གྲོང་ཁྱེར་དུ་སྤེལ།

2.jpg

མཚོ་བྱང་ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཚོགས་འདུར་ཞུགས་ཤིང་བྱེད་སྒོ་མགོ་བརྩམས་པ་ཁྱབ་བསྒྲགས་གནང་། ཧྲན་ཏུང་ཞིང་ཆེན་རིག་གནས་དང་གནས་སྐོར་ཐིན་གྱི་ཐིན་ཀྲང་གཞོན་པ་ལིའུ་ཧྲའོ་ཧྭ་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་།  མཚོ་བྱང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་གཞོན་པ་རུང་ཧུང་ཀྲི་ཡིས་བྱེད་སྒོ་གཙོ་སྐྱོང་གནང་། མཚོ་བྱང་ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་སངས་འབུམ་དང་། ཡན་ཐའེ་གྲོང་ཁྱེར་གྱི་གྲོང་གཙོ་གཞོན་པ་སུའེ་ཙི་ལིན་གྱིས་སོ་སོར་ཤིས་ཚིག་ཕུལ། ཧྲན་ཏུང་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་གྱི་རིམ་པ་གཉིས་པའི་སྐོར་ཞིབ་པ་ལི་ཏུང་ཧྥང་དང་མཚོ་བྱང་ཁུལ་གྱི་ཁུལ་དཔོན་གཞོན་པ་ལི་ཞན་རུང་བྱེད་སྒོར་ཞུགས།

ལིའུ་ཧྲའོ་ཧྭ་ཡིས་གསུང་བཤད་ཁྲོད་བསྟན་དོན། 2023ལོར་ཧྲན་ཏུང་རིག་གནས་གནས་སྐོར་ཐིན་དང་མཚོ་བྱང་ཁུལ་སྲིད་གཞུང་གིས《རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་བྱ་ཡུལ་འཛུགས་སྐྲུན་མཉམ་ལས་གྲོས་མཐུན》ལ་གན་རྒྱ་བཞག་ནས་ཕྱོགས་ཡོངས་དང་རིམ་པ་མང་པོ། ཁྱབ་ཁོངས་རྒྱ་ཆེ་བ་བཅས་ཀྱི་མཉམ་ལས་ཀྱི་རྣམ་པ་བཙུགས་ཤིང་། དྲིལ་སྒྲོག་དང་འོས་སྦྱོར་ལ་བརྟེན་ནས་ཧྲན་ཏུང་གིས" རྨ་ཆུ་བརྒྱུད་ནས་རྒྱ་མཚོ་དང་འཕྲད་པའི" རིག་གནས་གནས་སྐོར་གྱི་མིང་བྱང་གསར་བ་བཏོད་པ་དང་། མཚོ་བྱང་ཁུལ་གྱིས་མུ་མཐུད་དུ“མི་ཁྲི་ཉི་ཤུ་མཚོ་བྱང་དུ་གནས་སྐོར་བྱེད་པའི”བྱེད་སྒོ་སྤེལ་ཞིང་། ཧྲན་ཏུང་མགྲོན་འབོད་དང་མཚོ་བྱང་དུ་མཉམ་འཛོམས། ཧྲན་ཏུང་དང་མཚོ་བྱང་ཕན་ཚུན་མཐུན་སྦྱོར་བྱས་ཏེ་ཧྲན་ཏུང་དང་མཚོ་སྔོན་གྱི་རིག་གནས་གནས་སྐོར་གྱི་ཆས་རྟགས་ཇེ་རྒྱས་ཇེ་ལེགས་སུ་བཏང་ཡོད། རིག་གནས་མཉམ་འདྲེས་ཀྱི་ངོས་ནས་གསར་བརྗེའི་ཞབས་བྲོའི་ཟློས《དུས་དེར། གསེར་དངུལ་མེ་ཏོག་རྣམ་པར་བཞད》ཅེས་པ་ཟི་ལིང་དུ་ཐོག་མར་འཁྲབ་སྟོན་ལེགས་འགྲུབ་བྱུང་བ་དང་། ཧྲན་ཏུང་གླུ་གར་ཟློས་གར་ཁང་གིས་འཁྲབ་སྟོན་བྱས་པའི《" མདེལ་གཉིས་སྐར་གཅིག" མཉམ་སྒྲོག་ཚན་ཆུང་གི་གླུ་དབྱངས 》ཞེས་པ་ཐོག་མར་མཐོ་སྒང་དུ་དཀྲོལ། གསར་བརྗེའི་གླུ་གཞས་ཞབས་བྲོ《དབྱི་མེང་ཁྲང་ཧྥིན》དང་བྱིས་པའི་ཟློས་གར《སྟག་ཆུང་ཆུང་པིན་པིན་གྱི་ཉེན་ཁའི་ཟིན་ཐོ》སོགས་ཕུལ་བྱུང་ཟློས་གར་མཚོ་བྱང་དུ་འཁྲབ་ལ། མཚོ་བྱང་གིས་གསར་དུ་བཏོད་པའི《རླབས་ཆེའི་ཏང་འཛུགས་སྙིང་སྟོབས་དར་སྤེལ་བཏང་ནས་གསར་བརྗེའི་ཁྲག་རྒྱུན་རྒྱུན་མཐུད་བྱེད་པའི》ཡུལ་སྣང་ཏང་གི་སློབ་ཚན་དང་། གསར་བརྗེའི་གཏམ་བརྗོད་ཟློས་གར《གསེར་དངུལ་ཐང》སོགས་ཧྲན་ཏུང་དུ་ངོ་མཚར་ལྡན་པའི་སྒོ་ནས་འཁྲབ་སྟོན་བྱས། གཞན་ཡང་། ད་དུང"ཆུ་བོ་དྭངས་མོ་ཞིག་ཤར་དུ་བཞུར"ཞེས་པའི་མཚོ་བྱང་ཁུལ་གྱི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་རྒྱུན་འཛིན་མཁན་གྱི་གསོ་སྦྱོང་འཛིན་གྲྭ་དང་། རིག་གནས་གནས་སྐོར་ཁྲིམས་བསྟར་མི་སྣའི་གསོ་སྦྱོང་འཛིན་གྲྭ་སོགས་གཉེར་བ་བརྒྱུད་དེ། མཚོ་བྱང་ཁུལ་ལ་རིག་སྟོབས་ཀྱི་རྒྱབ་སྐྱོར་བྱས་པར་མ་ཟད་མཚོ་བྱང་ཁུལ་གྱི་རིག་གནས་གནས་སྐོར་ཁེ་ལས་ཀྲུང་གོའི་རྒྱལ་སྤྱིའི་རིག་གནས་གནས་སྐོར་དངོས་མང་སྟོན་ཚོགས་ལ་གདན་འདྲེན་ཞུས་པས། ས་གནས་གཉིས་ཀྱི་རིག་གནས་གནས་སྐོར་ཐོན་ལས་བརྗེ་རེས་དང་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་བ་དང་ས་གནས་གཉིས་ཀྱི་རིག་གནས་གནས་སྐོར་སྡེ་ཁག་གི་འབྲེལ་བ་སྔར་བས་དམ་ཟབ་ཏུ་ཕྱིན་ཡོད། ཁོས་བཤད་རྒྱུར། ཧྲན་ཏུང་རིག་གནས་གནས་སྐོར་ཐིན་གྱིས་ཧྲན་ཏུང་དང་མཚོ་སྔོན་གྱི་རིག་གནས་གནས་སྐོར་བརྗེ་རེས་སོ་སོར་མུ་མཐུད་ཤུགས་བསྣན་ནས་མཚོ་བྱང་ལ་དགོས་མཁོ་ཅི་ཞིག་ཡོད་ན་ཧྲན་ཏུང་གིས་དེ་ལྟར་དགོས་མཁོ་སྐོང་བར་གཞི་ཚུགས་ཏེ་མཚོ་བྱང་གི་ལས་གྲོགས་ཚོ་དང་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ་ལག་གདང་སྦྲེལ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བགྲོད་ལམ་གསར་པའི་ཐོག་ཐུན་མོང་སྒོས་ཧྲན་ཏུང་དང་མཚོ་སྔོན་གྱི་རིག་གནས་གནས་སྐོར་མཉམ་ལས་ཀྱི་ལེའུ་གསར་པ་འབྲི་རྒྱུ་ཡིན་ཟེར།

5.jpg

མགོ་རྩོམ་མཛད་སྒོའི་ཐོག སངས་འབུམ་གྱིས"མཚོ་བྱང་ཁུལ་དུ་ཕེབས་ཚེ་དག་སྣང་མཚོ་བྱང་གི་རི་ཆུའི་མཛེས་ལྗོངས་ལ་ལྟ་ཐུབ་པ་དང་། རྣམ་ཤེས་ལ་གཡོ་འགུལ་ཐེབས་པའི་བསམ་པའི་སྙིང་སྟོབས་ཆེན་པོ་ཚོར་ཐུབ། མི་མངོན་པའི་སྟོབས་ཤུགས་ཚད་མེད་ཀྱི་ལས་གཏོད་གོ་སྐབས་མཉམ་སྤྱོད"བཅས་ཕྱོགས་གསུམ་གྱི་ཐད་ནས་སྤྲོ་སེམས་འཁོལ་བའི་ཤིས་ཚིག་ཕུལ། ཁོས་མཚོ་བྱང་ནི་རྒྱལ་ཡོངས་ཀྱི་རྒྱལ་ཁབ་སྤྱི་གླིང་གཉིས་ཀྱི་ཐེག་ཁུལ་གཙོ་བོ་གཅིག་པུ་ཡིན་ལ་རྒྱབ་ཕྱོགས་ན་བརྟན་ཞིང་འགྱིང་བའི་བརྗིད་ཆགས་མདོ་ལ་རིང་མོ་དང་མདུན་ཕྱོགས་ན་ལྟེམ་མེར་འཁྱིལ་བའི་མཚོ་ཆེན་ཁྲི་ཤོར་རྒྱལ་མོ་སྟེ་མཚོ་བྱང་གི་ཆེས་མཛེས་སྡུག་ལྡན་པའི་སྐྱེ་ཁམས་མིང་བྱང་དུ་ཆགས་པ་ངོ་སྤྲོད་བྱས། གསར་བརྗེའི་དམག་འཁྲུག་གི་དུས་སྐབས་སུ། ནུབ་ལམ་དམག་གིས་མདོ་ལ་རུ་ཁྲག་དྲོན་རྡོལ་ནས་དམར་འཛིང་བྱས་ཏེ་དགའ་སྐྱོ་གཉིས་ལྡན་གྱི་དཔའ་བོའི་གཏམ་རྒྱུད་མང་པོ་བཞག་ཡོད། "མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དེའང་གནས་འདིར་གསོ་སྐྱོང་བྱས་པས"མདེལ་གཉིས་ལ་མཛད་རྗེས་ཆེ་བའི"ཚན་རིག་པ23གྱི་སྙིང་སྟོབས་ནམ་ཡང་གནས་འདིར་ཡོད། མཚོ་བྱང་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་དངོས་སུ་གཟིགས་ཞིབ་གནང་བར་ཕེབས་པའི་ས་ཆ་ཞིག་ཡིན་ཞིང་། མིག་སྔར་མཚོ་བྱང་ནི་ལོ་རྒྱུས་ཐོག་འཕེལ་རྒྱས་འགྲོ་བའི་དུས་སྐབས་ཡག་ཤོས་སུ་གནས་ཡོད་པས། ཆེས་ལེགས་པའི་ལྷག་བསམ་དང་གུས་ལུགས། ཞབས་ཞུ། ཁོར་ཡུག་བཅས་ཀྱིས་ཧྲན་ཏུང་གི་རྒྱ་ཆེའི་གནས་སྐོར་བ་དང་ཚོང་པ་རྣམས་ལ་མཚོ་བྱང་དུ་སྔར་ལས་མང་བའི་གོ་སྐབས་ཐོབ་པ་དང་སྔར་ལས་ལེགས་པའི་འཕེལ་རྒྱས་ཡོང་བར་བྱ་རྒྱུ་ཡིན་ཞེས་བཤད།

6.jpg

སུའེ་ཙི་ལིན་གྱིས་ཤིས་ཚིག་ཕུལ་སྐབས་ཐག་རིང་ནས་ཕེབས་པའི་མཚོ་བྱང་གི་མགྲོན་པོ་དང་། ཧྲན་ཏུང་དང་མཚོ་སྔོན་གྱི་རོགས་ལས་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་གྱི་སྤྱི་ཚོགས་ལས་རིགས་སོ་སོར་དགའ་བསུ་དང་ཐུགས་རྗེ་ཆེ་ཞུས་པར་མ་ཟད། ཡན་ཐའེ་ཡི་ས་ཁམས་ཁོར་ཡུག་དང་རིག་གནས་གནས་སྐོར་ཐོན་ཁུངས། ཐོན་ལས་ཀྱི་ལེགས་ཆ་བཅས་ངོ་སྤྲོད་ཞིབ་ཕྲ་གནང་། ཁོས་བཤད་རྒྱུར། མ་འོངས་པར་ཡན་ཐའེ་དང་མཚོ་བྱང་གཉིས་ཀྱིས་གནས་སྐོར་བ་ཕན་ཚུན་སྐྱེལ་རེས་དང་ཐོན་ལས་མཉམ་འགུལ། འཇོན་མི་བརྗེ་རེས་སོགས་ཀྱི་ཐད་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་སྟེ། " ལྷ་ཡུལ་ཡན་ཐའེ" དང" དག་སྣང་མཚོ་བྱང" གཉིས་དབར་གྱི་མཛའ་མཐུན་གྱི་འབྲེལ་བ་གཏིང་ཟབ་ཏུ་གཏོང་བ་དང་། ཡན་ཐའེ་ཡི་དཔྱིད་རླབས་དང་མཚོ་བྱང་གི་དཔྱིད་ཆར་གྱིས་མཉམ་དུ་ཤར་ནུབ་རིག་གནས་གནས་སྐོར་གྱི་མེ་ཏོག་བཞད་པར་རེ་སྒུག་ཆེན་པོ་བྱས་ཡོད་ཅིང་། ཧོང་ཧེ་རྒྱ་མཚོ་དང་པོ་ཧའེ་རྒྱ་མཚོའི་རྦ་རླབས་དང་མཚོ་སྔོན་པོའི་རླབས་རིས་ཀྱིས་དུས་རབས་གསར་པའི་ཧྲན་ཏུང་དང་མཚོ་བྱང་གི་མཉམ་སྒྲོག་རོལ་དབྱངས་དཀྲོལ་རྒྱུའི་རེ་བ་ཡོད་ཟེར།

བྱེད་སྒོའི་ཁྲོད། ཁུལ་ཐད་གཏོགས་དང་། དེ་བཞིན་འཇུ་ལག་དང་མདོ་ལ། རྐང་ཚ།    མདའ་བཞི་བཅས་རྫོང་བཞིའི་སྲིད་གཞུང་དང་། མཚོ་བྱང་རྒྱལ་ཁབ་མ་འཇོག་མཚོ་སྔོན་རྡུལ་ཕྲན་མཁར་རྟེན་གཞིའི་ཉམས་ཞིབ་གསོ་སྦྱོང་ཚད་ཡོད་སྤྱི་གཉེར་ཁང་བཅས་ཀྱི་ཁག་བགོས་འགན་འཁུར་བས་རང་སོ་སོའི་ཁྱད་ལྡན་གནས་སྐོར་ཐོན་ཁུངས་དང་གསར་བརྗེའི་ཉམས་ཞིབ་སློབ་ཚན། ལམ་ཐིག་བཅས་ཕྱོགས་ཡོངས་ནས་ངོ་སྤྲོད་བྱས་ལ།  ས་གནས་གཉིས་ཀྱི་གནས་སྐོར་ལས་རིགས་ཀྱི་སྐུ་མགྲོན་གྱིས་ད་དུང་ཧྲན་ཏུང་དང་མཚོ་སྔོན་གྱི་གནས་སྐོར་ཁྲོམ་ར་ཐུན་མོང་ཐོག་འཛུགས་པར་དམིགས་ནས་གླེང་མོལ་བྱས་ཏེ། ཐུན་མོང་ཐོག" ཧྲན་ཏུང་དུ་མཇལ་འཛོམས་དང་མཚོ་བྱང་དུ་མཉམ་འཛོམས་བྱེད་པའི" མཛེས་སྡུག་ལྡན་པའི་འཆར་འགོད་ལ་གླེང་མོལ་བྱས།

བྱེད་སྒོའི་ཡུལ་དངོས་སུ། ད་དུང་མཚོ་བྱང་གི་ཁྱད་ཆོས་ལྡན་པའི་མི་རིགས་གླུ་གར་འགྲེམས་འཁྲབ་དང་གཟུགས་འདས་རིག་གནས་ཤུལ་བཞག་འགྲེམས་སྟོན། སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་དང་རིག་གནས་གསར་གཏོད་ཐོན་རྫས་སོགས་མཚོ་བྱང་གི་སྤུས་ལེགས་ཐོན་རྫས་འགྲེམས་སྟོན་དང་འགྲེམས་ཚོང་བྱས་ཏེ། ཡན་ཐའེ་ཡི་གྲོང་མི་དང་རྒྱ་ཆེའི་གནས་སྐོར་བར་སྔར་ལས་ལྷག་པའི་སྒོ་ནས་མཚོ་བྱང་གི་དམངས་སྲོལ་གོམས་གཤིས་ཤེས་རྟོགས་ཐུབ་པར་བྱས་ཤིང་། མཚོ་བྱང་གི་སྤུས་ལེགས་ཐོན་རྫས་ཧྲན་ཏུང་དུ་སྐད་གྲགས་ཆོད་ཚད་དང་ཤུགས་རྐྱེན་ཐེབས་ཚད་སྔར་ལས་ཆེ་རུ་ཕྱིན་ལ།  སྐམས་ཤ་དང་མཐོ་སྒང་གི་སྦྲང་རྩི། སི་སྐུད་ཐང་ག སོག་མའི་རི་མོ་སོགས་མཚོ་བྱང་གི་སྤུས་ལེགས་ཁྱད་ལྡན་ཐོན་རྫས200ལྷག་ཙམ་ལ་ས་གནས་དེ་གའི་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་བྱེད་ཀྱིན་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། " མི་ཁྲི་ཉི་ཤུ་མཚོ་བྱང་དུ་གནས་སྐོར་བྱེད་པའི" བྱེད་སྒོ་སྤེལ་བ་ནས་བཟུང་ཧྲན་ཏུང་དང་མཚོ་སྔོན་གཉིས་ཀྱི་རིག་གནས་དང་གནས་སྐོར་བརྗེ་རེས་མཉམ་ལས་བྱེད་པའི་ཆས་རྟགས་གལ་ཆེན་ཞིག་ཏུ་གྱུར་ཡོད། ཧྲན་ཏུང་གི་གནས་སྐོར་བ་སྒྲིག་འཛུགས་བྱས་ནས་མཚོ་བྱང་དུ་ཡོང་ནས་གནས་སྐོར་བྱེད་པ་དེས། མི་དེ་ལས་མང་བས་མཚོ་བྱང་གི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་དང་ཕུན་སུམ་ཚོགས་པའི་རིག་གནས་ལ་མྱོང་རོལ་བྱེད་ཐུབ་པར་མ་ཟད།  མཚོ་བྱང་ཁུལ་གྱི་རིག་གནས་གནས་སྐོར་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད། ད་ལོར་མཚོ་བྱང་ཁུལ་གྱིས་གནས་སྐོར་དྲིལ་སྒྲོག་བྱེད་ཤུགས་སྔར་ལས་རྒྱ་ཆེར་བཏང་ནས་སྔར་ལས་མང་བའི་གཟིགས་སྐྱོང་སྲིད་ཇུས་དང་ཁྱད་ཆོས་ལྡན་པའི་གནས་སྐོར་ལམ་ཐིག་བཏོད་དེ་ཧྲན་ཏུང་གི་གནས་སྐོར་བ་སྔར་ལས་མང་བོ་མཚོ་བྱང་དུ་གནས་སྐོར་ལྟ་སྐོར་དང་ཁམས་གསེང་དུ་ཡོང་རྒྱུའི་ཡིད་དབང་འགུག་རྒྱུ་རེད། ཐེངས་འདིའི་བྱེད་སྒོ་སྤེལ་བ་དེས་ཧྲན་ཏུང་དང་མཚོ་སྔོན་གཉིས་ལ་རིག་གནས་བརྗེ་རེས་དང་གནས་སྐོར་མཉམ་ལས། དཔལ་འབྱོར་ཉོ་ཚོང་འགྲོ་འོང་བཅས་ཀྱི་ལས་སྟེགས་ཤིག་བསྐྲུན་ནས་ས་གནས་གཉིས་ཀྱིས་དེ་ལས་མང་བའི་ཁྱབ་ཁོངས་སུ་མཉམ་ལས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ནས། ཧྲན་ཏུང་དང་མཚོ་སྔོན་གཉིས་ཀྱིས་ལག་གདང་སྦྲེལ་ནས་ཐུན་མོང་ཐོག་འཕེལ་རྒྱས་གཏོང་བའི་ལེའུ་གསར་པ་ཞིག་འབྲི་ཐུབ་རྒྱུ་རེད།

མཚོ་བྱང་ཁུལ་ཨུ་དང་ཁུལ་སྲིད་གཞུང་། ཡན་ཐའེ་གྲོང་ཁྱེར་སྲིད་གཞུང་། དེ་བཞིན་ས་གནས་གཉིས་ཀྱི་རིག་གནས་གནས་སྐོར་སྡེ་ཁག མཁོ་ཚོང་མ་ལག་གི་འབྲེལ་ཡོད་འགན་འཁུར་བ། རིག་གནས་གནས་སྐོར་ཐོན་ལས་མཐུན་ཚོགས་དང་གནས་སྐོར་ལས་དོན་ཁང་། གཙོ་གནད་རིག་གནས་གནས་སྐོར་ཁེ་ལས་འཐུས་མི་བཅས་མི300ལྷག་བྱེད་སྒོར་ཞུགས།


མཉམ་སྤྱོད།