སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། ཀྲུང་གོ་གསར་འགྱུར་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།
ཀྲུང་དབྱང་བརྙན་འཕྲིན་གསར་འགྱུར་གྱིས་ཚེས22ཉིན་གནས་ཚུལ་སྤེལ་བར་གཞིགས་ན། 2025ལོའི་དུས་ཚིགས་དང་པོར་རྒྱལ་ཡོངས་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཡིག་བསྐུར་ངོ་བཅར་གྱི་ཐེར་འདོན་ཐེངས་ཁྲི83.4བསྡུ་ལེན་བྱས་པའི་ནང་ཐེར་འདོན་ཞུ་གཏུག་རིགས་ཀྱི་ཡིག་བསྐུར་ངོ་བཅར་ཁྲི23.1ཡོད། གནད་དོན་གྱི་ཁུངས་སྣེ་ཁྲི50.2ཐག་གཅོད་བྱས། གྱོད་གཞི་ཁྲི22ཐོ་འགོད་བྱས། ཐོ་འགོད་བྱས་པའི་ནང་ཞིང་ཆེན་དང་པུ་རིམ་པའི་ལས་བྱེད་པ13དང་། ཐིང་དང་ཅུ་རིམ་པའི་ལས་བྱེད་པ1037དང་། རྫོང་དང་ཁྲུའུ་རིམ་པའི་ལས་བྱེད་པ8285དང་། ཞང་དང་ཁོའོ་རིམ་པའི་ལས་བྱེད་པ་ཁྲི2.7བཅས་ཡོད། ལས་ཐོག་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ནམ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ཟུར་པ་ཁྲི1.9ལ་གྱོད་དོན་ཐོ་འགོད་བྱས་པ་དང་། མི་ཁྲི18.5ལ་ཆད་པ་བཅད། དེ་དག་ལས་མི་ཁྲི13.9ལ་ཏང་གི་སྒྲིག་ཁྲིམས་ཀྱི་ཆད་པ་བཅད་པ་དང་མི་ཁྲི6ལ་སྲིད་འཛིན་ཆད་པ་བཅད་ཡོད། ཞིང་ཆེན་དང་པུ་རིམ་པའི་ལས་བྱེད་པ14དང་། ཐིང་དང་ཅུ་རིམ་པའི་ལས་བྱེད་པ910དང་། རྫོང་དང་ཁྲུའུ་རིམ་པའི་ལས་བྱེད་པ7216དང་། ཞང་དང་ཁོའོ་རིམ་པའི་ལས་བྱེད་པ་ཁྲི2.3དང་། ལས་བྱེད་པ་དཀྱུས་མ་ཁྲི2.4དང་། གྲོང་གསེབ་དང་ཁེ་ལས་སོགས་ཀྱི་མི་སྣ་གཞན་དག་ཁྲི13བཅས་ལ་ཆད་པ་བཅད་ཡོད།
2025ལོའི་དུས་ཚིགས་དང་པོར་རྒྱལ་ཡོངས་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས“རྣམ་པ་རིགས་བཞི”སྤྱད་དེ་སྐྱོན་བརྗོད་སློབ་གསོ་དང་ཐག་གཅོད་མི་ཐེངས་ཁྲི37.5བྱས་ཡོད། དེའི་ནང་རྣམ་པ་དང་པོ་སྤྱད་དེ་མི་ཐེངས་ཁྲི18.7ལ་སྐྱོན་བརྗོད་སློབ་གསོ་དང་ཐག་གཅོད་བྱས་པ་དེས་མི་ཐེངས་སྡོམ་འབོར་གྱི49.9%བཟུང་བ་དང་། རྣམ་པ་གཉིས་པ་སྤྱད་དེ་མི་ཐེངས་ཁྲི14.9ཐག་གཅོད་བྱས་པ་དེས39.6%བཟུང་ཡོད། རྣམ་པ་གསུམ་པ་སྤྱད་དེ་མི་ཐེངས་ཁྲི2ཐག་གཅོད་བྱས་པ་དེས5.3%བཟུང་ཡོད། རྣམ་པ་བཞི་པ་སྤྱད་དེ་མི་ཐེངས་ཁྲི1.9ཐག་གཅོད་བྱས་པ་དེས5.2%བཟུང་ཡོད།
ལྐོག་རྔན་ལེན་མཁན་དང་སྤྲོད་མཁན་ལ་མཉམ་དུ་ཞིབ་བཤེར་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ལྐོག་རྔན་སྤྲོད་མཁན་མི7027ལ་གྱོད་དོན་ཐོ་འགོད་བྱས་ཤིང་ཞིབ་དཔྱོད་ལས་ཁུངས་ལ་མི954རྩིས་སྤྲོད་བྱས་ཡོད།