རྩོམ་སྒྲིག ཁོན་ཐར་ཚེ་རིང་། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།
ཟླ4པའི་ཚེས19ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ལུའོ་ཏུང་ཁྲོན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཁོངས་མི་དང་མཉམ་དུ་སྐལ་བཟང་གི་སྙིང་སྟོབས་སློབ་གསོའི་རྟེན་གཞིར་ཡོང་ནས་ཞིང་ཆེན་སྲིད་གཞུང་གཞུང་ལས་ཁང་གི་བརྗོད་དོན་ཏང་གི་ཉིན་མོའི་བྱེད་སྒོར་ཞུགས་པ་མ་ཟད། ཟི་ལིང་གི་བྱང་རིའི་ལྗང་སྒྱུར་གནས་ཚུལ་ལ་རྒྱུས་ལོན་བྱས། མཚོ་སྔོན་ཉིན་རེའི་ཚགས་པར་མཉམ་འདྲེས་སྨྱན་སྦྱོར་གྱི་གསར་འགོད་པ་ཆི་ཀུའོ་པུའོ་ཡིས་པར་བླངས།
ཟླ4པའི་ཚེས19ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ལུའོ་ཏུང་ཁྲོན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཁོངས་མི་དང་མཉམ་དུ་སྐལ་བཟང་གི་སྙིང་སྟོབས་སློབ་གསོ་རྟེན་གཞིར་ཡོང་བ་དང་། ཞིང་ཆེན་སྲིད་གཞུང་གཞུང་ལས་ཐིང་གི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོར་ཞུགས་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཚོ་སྔོན་ལ་གཟིགས་ཞིབ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱེད་པ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་རྒྱུན་འཁྱོངས་བྱེད་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་ཟབ་མོ་བྱེད་པའི་སློབ་སྦྱོང་སློབ་གསོ་ནན་ཏན་གྱིས་སྤེལ་བ། སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་དངོས་སྒྲུབ་སྔོན་བརྩོན་གྱི་སྒུལ་ཤུགས་སྟོབས་ཆེན་དུ་ངེས་པ་དོན་གྱིས་བསྒྱུར་ཏེ། མཚོ་སྔོན་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མུ་མཐུད་དུ་སྐུལ་འདེད་གཏོང་དགོས།
སྐལ་བཟང་གི་སྙིང་སྟོབས་སློབ་གསོ་རྟེན་གཞི་རུ། ལུའོ་ཏུང་ཁྲོན་འཁོར་དང་བཅས་པས་ཡུལ་དངོས་སུ་སྐལ་བཟང་གི་ལས་དོན་སྒྲུབ་ས་དང་འཚོ་བ་རོལ་མྱོང་བའི་རྗེས་ཤུལ་ལ་ལྟ་སྐོར་བྱས་པ་དང་། བློ་མཐུན་སྐལ་བཟང་གི་སྔོན་ཐོན་མཛད་རྗེས་ལ་མཉན། ལུའོ་ཏུང་ཁྲོན་གྱིས་བཤད་རྒྱུར། བློ་མཐུན་སྐལ་བཟང་གིས་དུས་དང་རྣམ་པ་ཀུན་ཏུ་ཡང་དག་པའི་ཕུགས་འདུན་དེད་སེམས་བརྟན་པ་དང་། དུས་དང་རྣམ་པ་ཀུན་ཏུ་མི་དམངས་མང་ཚོགས་དང་མཉམ་དུ་བསྡད་པ་དང་ཟ་མ་མཉམ་བཟས་བྱས་པ། ལས་ཀ་མཉམ་སྒྲུབ་བྱས་ཏེ། ལྷོ་རི་བྱང་རི་ལྗང་སྒྱུར་ལ་བྱས་རྗེས་འབུར་ཐོན་བཞག་ཡོད། བློ་མཐུན་སྐལ་བཟང་མིག་དཔེར་འཛིན་པ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་ཟབ་མོ་བྱེད་པའི་སློབ་སྦྱོང་སློབ་གསོ་ནན་ཏན་གྱིས་སྤེལ་བ། མུ་མཐུད་དུ་ཏང་གཤིས་གསོ་སྐྱོང་སྦྱོར་བརྡར་བྱེད་པ་དང་བསམ་བློ་གོ་རྟོགས་མཐོར་འདེགས་པ། བསམ་པའི་ཉམས་འགྱུར་གྱི་གཟེངས་བསྟོད་པ། ཏང་གི་མང་ཚོགས་ལྟ་བ་དང་མང་ཚོགས་ལམ་ཐིག་རང་རྟོགས་ཀྱིས་ལག་ལེན་དུ་འདེབས་པ། སྤྱོད་ཚུལ་འཛུགས་སྐྱོང་གི་གྲུབ་འབྲས་གསར་པ་ལ་བརྟེན་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་གྱི་འབད་འཐབ་སྟོབས་ཤུགས་གཅིག་ཏུ་སྡུད་དགོས། སྐལ་བཟང་གི་སྙིང་སྟོབས་རྒྱུན་འཛིན་དར་སྤེལ་གཏོང་བ་དང་། རྒྱ་ཆེ་བའི་ལས་བྱེད་མང་ཚོགས་ལ་སྐུལ་མ་བཏང་སྟེ་མི་རབས་ནས་མི་རབས་སུ་རྒྱུན་བཟུང་ནས་སྒྲུབ་ཅིང་། ཞི་ཅིན་ཕིང་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་དེ་མཐོ་སྒང་ས་གཞི་ཆེན་མོའི་ཐོག་ཏུ་གསོན་ཉམས་ལྡན་པའི་ལག་ལེན་ལ་འདེབས་པར་མུ་མཐུད་དུ་རྒྱུན་བསྐྱངས་ཏེ། རབ་མཛེས་ཀྲུང་གོ་འཛུགས་སྐྲུན་ལ་མཚོ་སྔོན་གྱི་སྟོབས་ཤུགས་སྐྱེས་སུ་དབུལ་དགོས། རི་སྔོ་ཆུ་དྭངས་ནི་གསར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོར་སྐྱེད་པ་དང་། སྐྱེ་ཁམས་སྔོན་འགྲོ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་དུ་བློ་བརྟན་འགྱུར་མེད་ཀྱིས་སྐྱོད་པ། ཞིང་ཆེན་ཡོངས་ཀྱི་རྒྱལ་ཁོངས་ལྗང་སྒྱུར་བཟོ་སྐྲུན་ལ་སྐུལ་འདེད་ཆེན་པོ་གཏོང་བ། “བྱང་གསུམ”འགག་སྒྲོལ་དམག་འཐབ་ལ་མཐའ་གཅིག་ཏུ་རྒྱལ་ཁ་ལེན་པ། མུ་མཐུད་དུ་ནགས་སྐྲུན་རྒྱ་ཁྱོན་ཇེ་ཆེར་གཏོང་བ་དང་ནགས་སྐྲུན་སྤུས་ཀ་ཇེ་མཐོར་འདེགས་པ། སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་ལ་མུ་མཐུད་དུ་སྐུལ་འདེད་བཏང་སྟེ། སྐྱེ་ཁམས་ཁོར་ཡུག་ལེགས་པོ་དེ་དམངས་འཚོ་ཕན་བདེ་རྒྱ་ཆེ་ཤོས་སུ་འགྱུར་དུ་འཇུག་དགོས།
ཞིང་ཆེན་སྲིད་གཞུང་གཞུང་ལས་ཐིང་གི་ལྗང་སྒྱུར་ཁུལ་བདག་སྐྱོང་རྟེན་གཞི་རུ། ལུའོ་ཏུང་ཁྲོན་འཁོར་དང་བཅས་པས་ཞིང་ཆེན་སྲིད་གཞུང་གཞུང་ལས་ཐིང་གི་ཉེ་བའི་ལོ་འགའི་རིང་གི་སྡོང་འཛུགས་ནགས་སྐྲུན་དང་ལྗང་སྒྱུར་ཁུལ་བདག་སྐྱོང་སོགས་ལས་དོན་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས། ལུའོ་ཏུང་ཁྲོན་གྱིས་ནན་གྱིས་བསྟན་དོན། སྡེ་ཁག་སོ་སོས་ལྗང་སྒྱུར་ཁུལ་བདག་སྐྱོང་ལ་སྔར་ལས་ལྷག་པར་ཤུགས་སྣོན་པ་དང་། བདག་སྐྱོང་ལས་དོན་གྱི་སྤུས་ཀ་དང་ཆུ་ཚད་མུ་མཐུད་དུ་མཐོར་འདེགས་པ། ཡུལ་བསྟུན་ཇུས་བསྟར་སྒོས་སྡོང་འཛུགས་ནགས་འཛུགས་ཀྱི་སྒྲིག་གཞི་སྙོམ་སྒྲིག་ལེགས་སྒྱུར་བྱེད་པ། སྐྱེ་ཁམས་མཛེས་ལྗོངས་ཚན་རིག་དང་མཐུན་པར་སྐྲུན་པ། ལྗང་སྒྱུར་གྲུབ་འབྲས་མུ་མཐུད་དུ་སྲ་བརྟན་དུ་བཏང་ནས། ལྷོ་རི་བྱང་རིའི་ལྗང་མདོག་ཁེབས་ཚད་འབད་པ་ཆེན་པོས་མཐོར་འདེགས་དགོས། ལྷོ་རི་བྱང་རིའི་ལྗང་མདོག་གྲུབ་འབྲས་བེད་སྤྱོད་ལེགས་པོ་གཏོང་བ་དང་། རིམ་པ་སོ་སོའི་ཚོགས་སྡེ་རྩ་འཛུགས་དང་ཁེ་ལས་ལས་ཁུངས། རྒྱ་ཆེ་བའི་གྲོང་མི་བཅས་ལྷོ་རི་བྱང་རིར་བསྐྱོད་པ་དང་ལྷོ་རི་བྱང་རི་རྒྱུས་ལོན་བྱེད་པ། ལྷོ་རི་བྱང་རི་སྲུང་སྐྱོང་བྱེད་པར་སྐུལ་མ་དང་སྣེ་ཁྲིད་བྱས་ཏེ། ལྷོ་རི་བྱང་རི་འདི་ཏང་གཤིས་སློབ་གསོ་དང་སྐྱེ་ཁམས་དྲིལ་སྒྲོག་སློབ་གསོ། ཁམས་གསོ་བག་ཕེབས་བཅས་གཞི་གཅིག་ཏུ་གྱུར་པའི་ཕྱོགས་བསྡུས་སྐྱེ་ཁམས་བྱེད་ནུས་ཁུལ་ཞིག་ཏུ་བསྐྲུན་པར་འབད་དགོས།
དེའི་རྗེས་སུ། ལུའོ་ཏུང་ཁྲོན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཁོངས་མི་དང་ལྷན་དུ་འོས་འགན་སྡོང་འཛུགས་བྱེད་སྒོར་ཞུགས།
ལིའུ་ཐའོ་དང་དབྱང་ཀྲི་ཝུན། ཝང་ཧའེ་ཧུང་། ཁྲེན་ཅེ་ཝེ་བཅས་མཉམ་དུ་ཞུགས།