དེ་རིང་ནི2025ལོའི་ཟླ04པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཝུའུ་ཞའོ་ཅུན་གྱིས་ཀྲུང་གོར་བཅའ་སྡོད་བྱས་པའི་འཇར་མན་དང་ཧྥ་རན་སེའི་གཞུང་ཚབ་ཆེ་མོ་དང་ཐུག་འཕྲད་བྱས།

2025-04-23 10:07:10   |   315

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་། 


1.jpg

ཟླ4པའི་ཚེས22ཉིན། ཞིང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་འཐུས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཝུའུ་ཞའོ་ཅུན་གྱིས་ཟི་ལིང་དུ་ཀྲུང་གོར་བཅའ་སྡོད་བྱས་པའི་འཇར་མན་གྱི་གཞུང་ཚབ་ཆེ་མོ་ཕུའུ་རུང་དང་ཧྥ་རན་སེའི་གཞུང་ཚབ་ཆེ་མོ་པའེ་ཡུས་ཐང་འཁོར་དང་བཅས་པར་ཐུག་འཕྲད་གནང་། གསར་འགོད་པ་ཝང་ཞང་ལིན་གྱིས་པར་བླངས།

ཟླ4པའི་ཚེས22ཉིན། ཞིང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་འཐུས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཝུའུ་ཞའོ་ཅུན་གྱིས་ཟི་ལིང་དུ་ཀྲུང་གོར་བཅའ་སྡོད་བྱས་པའི་འཇར་མན་གྱི་གཞུང་ཚབ་ཆེ་མོ་ཕུའུ་རུང་དང་ཧྥ་རན་སེའི་གཞུང་ཚབ་ཆེ་མོ་པའེ་ཡུས་ཐང་འཁོར་དང་བཅས་པར་ཐུག་འཕྲད་གནང་།

ཝུའུ་ཞའོ་ཅུན་གྱིས་མཚོ་སྔོན་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་ཕུའུ་རུང་དང་པའེ་ཡུས་ཐང་དང་བཅས་པར་དགའ་བསུ་ཞུས། ཁོང་གིས་སྨྲས་པ། མཚོ་སྔོན་འདི་ཉིད་འཛམ་གླིང་ཡང་རྩེར་གནས་པ་དང་སྐྱེ་ཁམས་གནས་བབ་གལ་ཆེ་ལ་དམིགས་བསལ་ཡིན་ཞིང་། ཐོན་ཁུངས་དང་ནུས་རྒྱུ་ཧ་ཅང་ཕུན་སུམ་ཚོགས། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་ཀྱིན་ཡོད། མིག་སྔར་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མ་ཀྲུའུ་ཞི་ཞི་ཅིན་ཕིང་གི་མཛུབ་ཁྲིད་ཁ་ཕྱོགས་སུ་བློ་བརྟན་འགྱུར་མེད་ངང་མདུན་སྐྱོད་བྱས་ཏེ། མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་སུ་གཏོང་བ་དང་། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་ཧུར་ཐག་རྩོམ་བཞིན་ཡོད། མཚོ་སྔོན་གྱིས་འཇར་མན་དང་ཧྥ་རན་སེ་རྒྱལ་ཁབ་གཉིས་ཀྱི་ས་ཁུལ་ཁག་གིས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་དང་། ནུས་རྒྱུ་གཙང་མ། དཔལ་འབྱོར་ཚོང་དོན་འགྲོ་འོང་། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་སོགས་ཁྱབ་ཁོངས་ལ་དམིགས་ནས་མཉམ་ལས་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་སྟེ་ཀྲུང་གོ་དང་འཇར་མན་དང་། ཀྲུང་གོ་དང་ཧྥ་རན་སེ། དེ་བཞིན་ཀྲུང་གོ་དང་ཡོ་རོབ་དབར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་ཆེད་མཚོ་སྔོན་གྱི་ལེགས་སྐྱེས་དེ་བས་མང་བ་འབུལ་འདོད་ཡོད་ཅེས་བཤད།

ཕུའུ་རུང་དང་པའེ་ཡུས་ཐང་གིས་མཚོ་སྔོན་གྱིས་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པ་འཚོལ་ཞིབ་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་སོགས་ཁྱབ་ཁོངས་སུ་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་པར་གྲུབ་འབྲས་ཐོབ་པ་ཀུན་གྱིས་མཐོང་གསལ་རེད། འཇར་མན་དང་ཧྥ་རན་སེ་དང་མཚོ་སྔོན་གྱི་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་པས་ཁྱབ་ཁོངས་མང་པོའི་ཐོན་ལས་སྦྲེལ་མཐུད་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་སྤེལ་རེས་མཉམ་ལས་ཟབ་ཏུ་གཏོང་རྒྱུའི་རེ་སྒུག་བྱེད་བཞིན་ཡོད་ཅེས་བཤད།

ལྟ་སྐོར་འཚམས་འདྲི་བྱེད་རིང་། ཕུའུ་རུང་དང་པའེ་ཡུས་ཐང་དང་བཅས་པས་མཚོ་སྔོན་ཞིང་ཆེན་གྱི་ནུས་རྒྱུ་གཙང་མ་དང་ལྗང་མདོག་རྩིས་ཤུགས་བཀོད་གཏོང་ལྟེ་གནས་དང་། མཚོ་སྔོན་ཞིང་ཆེན་རང་བྱུང་ཐོན་ཁུངས་རྟེན་མཛོད་ཁང་སོགས་ལ་ལྟ་སྐོར་བྱས་པ་མ་ཟད། ད་དུང་མཚོ་ལྷོ་ཁུལ་འོད་ཤུགས་ཐོན་ལས་གླིང་དང་མཚོ་སྔོན་པོ་སོགས་སུ་ལྟ་སྐོར་རྟོག་ཞིབ་བྱེད་པར་སོང་ཞིང་། མཚོ་སྔོན་གྱི་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལག་ལེན་དང་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་གསར་གཏོད་ཀྱི་གྲུབ་འབྲས་ལ་ཉམས་ལེན་བྱས།

ཀྲུའུ་ཞང་ཧྥེང་དང་ཝང་ཧའེ་ཧུང་ཐུག་འཕྲད་ཚོགས་འདུར་ཞུགས།


མཉམ་སྤྱོད།