དེ་རིང་ནི2024ལོའི་ཟླ09པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་གྱི་ཞིང་ཆེན་དམངས་ཆེན་འཐུས་མིར་བཅར་གླེང་བྱས་པ།

2023-01-13 11:05:09   |   173

རྩོམ་སྒྲིག  སངས་དོན།      ཡོང་ཁུངས།  གངས་ལྗོངས་འཕྲིན་གསར། 


3.png

ཐབས་འདོན་ཇུས་འབུལ་ཧུར་ཐག་བྱས་ནས་དམངས་འཚོའི་བརྩེ་སེམས་མངོན་པར་བྱེད།

——ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་སྟག་ལྷར་བཅར་འདྲི་བྱས་པ།

ཐེངས་འདིའི་མི་དམངས་འཐུས་མི་ཚོགས་ཆེན་ཐོག་ངས་ཚོགས་ཆེན་ལ་གྲོས་མགོ་བཞི་འདོན་རྒྱུ་ཡིན་ཏེ། གྲོས་མགོ་བཞི་བོ་འདི་ནི་ངས་ཚོགས་ཆེན་མ་འཚོག་གོང་དུ་ཕྱོགས་མང་བོའི་ཐད་ནས་བསམ་འཆར་བསྡུ་ལེན་བྱས་པ་ཞིག་ཡིན་ཞིང་། རྐང་ཚ་རྫོང་གི་རྒྱ་ཆེའི་མི་དམངས་མང་ཚོགས་དང་ལས་བྱེད་ལས་བཟོ་བ་ཡོངས་ཀྱི་བསམ་འདུན་མཚོན་ཡོད། གྲོས་མགོ་དང་པོ་ནི་རྐང་ཚ་རྫོང་གི་ས་ཁུལ་དང་རོང་འབྲོག་ཁུལ་མང་བོར་ད་དུང་གློག་འཕྲིན་གྱི་བརྡ་རྟགས་ལེགས་པོ་མེད་པས། ཐེངས་འདིར་ཞིང་ཆེན་གྱི་འབྲེལ་ཡོད་སྡེ་ཁག་གིས་ལོ་གཉིས་གསུམ་ནང་ཚུན་དུ་ང་ཚོའི་རོང་འབྲོག་ཁུལ་དུ་དྲ་རྒྱའི་འཕྲིན་གཏོང་སྦྲེལ་ཚིགས་བསྐྲུན་རྒྱུའི་ཐད་རྒྱབ་སྐྱོར་ཤུགས་ཆེན་བྱས་ཏེ་རྐང་ཚ་རྫོང་གི་འཕྲིན་གཏོང་དྲ་རྒྱའི་སྟོང་ཆ་སྐོང་རྒྱུའི་རེ་ཞུ་ཕུལ་རྒྱུ། གྲོས་མགོ་གཉིས་པ་ནི་གཙོ་བོ་སློབ་གསོའི་ཐད་ལ་དོ་ཁུར་བྱས་ནས་ཞིང་ཆེན་འབྲེལ་ཡོད་སྡེ་ཁག་གིས་རྐང་ཚ་རྫོང་མི་རིགས་སློབ་འབྲིང་བསྐྱར་སྐྲུན་རྒྱས་སྐྲུན་བྱེད་པའི་བྱ་བར་རྒྱབ་སྐྱོར་ཤུགས་ཆེན་བྱས་ཏེ་རྐང་ཚ་རྫོང་གི་རྒྱ་ཆེའི་སློབ་མས་སློབ་གསོའི་ཁོར་ཡུག་དང་ཆ་རྐྱེན་དེ་ལས་ལེགས་པ་ལོངས་སྤྱོད་ཐུབ་པ་བྱ་རྒྱུའི་རེ་ཞུ་ཕུལ་རྒྱུ། གྲོས་མགོ་གསུམ་པ་ནི་རྐང་ཚ་རྫོང་ལ་བོད་ལུགས་གསོ་རིག་འཕེལ་རྒྱས་ཐད་ཐུན་མོང་མ་ཡིན་པའི་སྔོན་འགྲོའི་ཆ་རྐྱེན་ལྡན་པས་ཞིང་ཆེན་གྱི་འབྲེལ་ཡོད་སྡེ་ཁག་གིས་རྐང་ཚ་རྫོང་དུ་བོད་ལུགས་གསོ་རིག་དང་བོད་སྨན་གྱི་གྲོང་རྡལ་ཆུང་ཆུང་གཏོད་རྒྱུའི་ལས་གཞིར་རྒྱབ་སྐྱོར་ཤུགས་ཆེན་བྱས་ཏེ་མི་དམངས་མང་ཚོགས་ཀྱི་རིམ་པ་མང་བ་དང་སྣ་མང་ཅན་གྱི་བོད་ལུགས་གསོ་རིག་དང་བོད་སྨན་གྱི་བདེ་ཐང་ཞབས་ཞུའི་དགོས་མཁོ་སྐོང་རྒྱུའི་རེ་ཞུ་ཕུལ་རྒྱུ།  གྲོས་མགོ་བཞི་བ་ནི་རྐང་ཚ་རྫོང་དུ་ལོ་མང་རིང་སྐྱེ་ཁམས་ཡུལ་སྐོར་ཐད་གནས་པའི་དཀའ་ངལ་དང་གནད་དོན་ཁ་ཤས་དང་ཟུང་འབྲེལ་བྱས་ཏེ་མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་འཛུགས་པའི་བརྒྱུད་རིམ་ཁྲོད། རྐང་ཚ་རྫོང་ལ་དམིགས་བསལ་གཉེར་སྐྱོང་བྱ་ཡུལ་དྲུག་གནང་ནས། ཁེ་རམས་ཐང་སོགས་ཡུལ་སྐོར་ཕྱོགས་བསྡུས་ཞབས་ཞུའི་ས་ཚིགས་དམིགས་བསལ་གཉེར་སྐྱོང་ཁྱབ་ཁོངས་ནང་བཅུག་སྟེ། རོང་འབྲོག་མང་ཚོགས་རྣམས་ཡུལ་སྐོར་ལས་རིགས་ནང་ཞུགས་རྒྱུར་ཁྲིད་སྟོན་བྱས་ཏེ་རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་བརྟན་པོའི་ངང་འཕར་ནས་མཚོ་སྔོན་པོའི་བྱང་ངོས་ཀྱི་རོང་འབྲོག་མང་ཚོགས་ཚོས་སྐྱེ་ཁམས་ཡུལ་སྐོར་ལ་བརྟེན་ནས་འཚོ་བ་རོལ་བ་དང་ཡོང་སྒོ་འཚོལ་བའི་རེ་ཞུ་ཕུལ་རྒྱུ།

4.jpg

བོད་སྨན་བྱ་གཞག་འཕེལ་རྒྱས་བཏང་ནས་མང་ཚོགས་ཀྱི་བདེ་ཐང་ལ་ཞབས་འདེགས་ཞུ།      

——ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་འཇིགས་མེད་ཚེ་རིང་ལ་བཅར་འདྲི་བྱས་པ།

གཞི་རིམ་གྱི་འཐབ་ས་དང་པོར་གསར་དུ་བདམས་པའི་དམངས་ཆེན་འཐུས་མི་ཞིག་ཡིན་པའི་ཆ་ནས་རང་གི་འགན་འཁྲི་གཟི་བརྗིད་ལྡན་པ་དང་ལས་འགན་ལྕི་མོ་ཡིན་པའི་ཚོར་སྣང་ཟབ་མོ་བྱུང་། ཚོགས་ཆེན་གྱི་རིང་། ངས་རང་འགན་ནན་སྒྲུབ་བྱས་ཏེ་ཕྱོགས་ཡོངས་ནས་སྙན་ཞུའི་ནང་དོན་སོ་སོར་སློབ་སྦྱོང་དང་གྲོས་ཞིབ་བྱེད་པ་དང་། ཐབས་འདོན་ཇུས་འབུལ་ཧུར་ཐག་བྱས་ནས་སྤྱི་ཚོགས་ཀྱི་གནས་ཚུལ་དང་མི་དམངས་ཀྱི་བསམ་འདུན་རེ་ཞུ་བྱས་ཏེ་དམངས་ཆེན་འཐུས་མིའི་ནུས་པ་འདོན་སྤེལ་གང་ལེགས་བྱ་རྒྱུ། ཚོགས་ཆེན་གྲོལ་རྗེས་ངས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་བའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་ནན་ཏན་བྱེད་པ་དང་། ཐེངས་འདིའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་གཞི་རིམ་གྱི་འཐབ་ས་དང་པོར་དོན་འཁྱོལ་བྱས་ཏེ་མི་དམངས་ལ་དོ་ཁུར་དང་གཞི་རིམ་དུ་ཟབ་ཞུགས། ཆེད་དོན་བརྟག་ཞིབ་སོགས་ཀྱི་བྱེད་སྒོ་སྣ་ཚོགས་ནང་ཧུར་ཐག་སྒོས་ཞུགས་ནས་འཐུས་མིའི་ལས་ཁུར་ཡག་པོར་སྒྲུབ་པ་དང་རང་འཁྲིའི་བྱ་བ་ཡག་པོར་སྒྲུབ་པ། བོད་ལུགས་གསོ་རིག་དང་བོད་སྨན་ཐོན་ལས་ལ་སྐུལ་འདེད་གཏོང་བ། བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཁྱད་ལྡན་ལེགས་ཆ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་དང་འདོན་སྤེལ་བྱེད་པ། སྨན་རྒྱུ་འདེབས་འཛུགས་ལས་སྣོན་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ཞབས་ཞུའི་རྣམ་པ་གསར་གཏོད་བྱེད་པ། ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ་སོགས་ཀྱི་ཐད་རྒྱུན་མཐུད་ངང་ཤུགས་བསྣན་ཏེ་ཀྲུང་བོད་ལུགས་གསོ་རིག་དང་བོད་སྨན་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུ་ཡིན་ཞིང་། ངས་ལས་གནས་སྟེང་གཞི་ཚུགས་ཏེ་བདེ་ཐང་མཚོ་སྔོན་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་རྒྱུ་རྒྱུན་འཁྱོངས་བྱས་ནས་མཚོ་བྱང་གི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་ཆེད་བློ་གྲོས་དང་སྟོབས་ཤུགས་དབུལ་རྒྱུ་ཡིན།    


མཉམ་སྤྱོད།