དེ་རིང་ནི2025ལོའི་ཟླ04པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

​ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་འཚོགས་ཤིང་། ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་།

2025-04-25 13:37:02   |   310

རྩོམ་སྒྲིག ཁོན་ཐར་ཚེ་རིང་། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ4པའི་ཚེས24ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་ནས་ཁུལ་ཨུའི་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས91པ་འཚོགས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་གྱིས་མཚོ་བྱང་དུ་བརྟག་ཞིབ་བཞུགས་མོལ་སྐབས་གནང་བའི་གསུང་བཤད་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ལ། འབྲེལ་ཡོད་བྱ་བ་བཀོད་སྒྲིག་བྱས།

01.jpg

ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་སའི་འོས་འགན་སྡོང་འཛུགས་བྱེད་སྒོར་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཚད་མཐོའི་ཆབ་སྲིད་ཀྱི་རང་རྟོགས་ཐོག་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་སྐོར་ཞིབ་བཅོས་སྒྲིག་སོགས་ཀྱི་འགན་འཁྲི་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་དངོས་ཡོད་ཀྱི་བྱ་སྤྱོད་ལ་བརྟེན་ནས“སྲུང་སྐྱོང་གཉིས”ལག་ལེན་དུ་བསྟར་དགོས། “བྱང་གསུམ”བཟོ་སྐྲུན་དང“རྒྱལ་ཁབ་སྤྱི་གླིང་གཉིས”འཛུགས་སྐྲུན་དམ་འཛིན་བྱས་ཏེ། རྒྱུན་མཐུད་སྒོས་ཉམས་ཞན་རྩྭ་ས་ཉམས་གསོ་དང་ཆུ་ཁུངས་ནགས་གསོ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས་པ་དང་། སྐྱེ་ཁམས་སྲུང་སྐྱོབ་ཀྱི་དམར་ཐིག་མཐའ་གཅིག་ཏུ་སྲུང་འཛིན་བྱས་ཏེ།  སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་སྒོས་ཇེ་ལེགས་སུ་གཏོང་དགོས། རྒྱལ་ཁོངས་ལྗང་སྒྱུར་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་འཆར་འགོད་ཟུང་འབྲེལ་དམ་ཟབ་བྱས་ཏེ་མཁར་གྲོང་དང་གྲོང་གསེབ། བགྲོད་ལམ། ཆུ་རྒྱུད་སོགས་གཙོ་གནད་ས་ཁོངས་ཀྱི་ལྗང་སྒྱུར་ལ་ཤུགས་བསྣན་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་དང་རོང་འབྲོག་ཁུལ་གྱི་སྤྱི་ཡོངས་ཀྱི་ཁོར་ཡུག་གི་སྤུས་ཚད་སྣང་བརྙན་རྒྱུན་མཐུད་སྒོས་ཆེ་རུ་གཏོང་དགོས། སྐྱེ་ཁམས་དོ་དམ་སྲུང་སྐྱོབ་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ལྟ་སྐུལ་ཞིབ་བཤེར་དང་དཔྱད་ཞིབ་ལ་ཤུགས་བསྣན་ནས་ནགས་ཚལ་དང་རྩྭ་སར་གནོད་པ་ཡོད་པའི་སྐྱེ་དངོས་གཅིག་གྱུར་གྱིས་འགོག་བཅོས་བྱེད་པ་དང་། ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་འགོག་ཟོན་དང་འགན་འཁྲི་ཁ་གསལ་བཟོས་ཏེ་མཐུན་སྦྱོར་ནུས་ཆེའི་དོ་དམ་སྲུང་སྐྱོབ་ཀྱི་རྣམ་པ་འཛུགས་དགོས་ཟེར།

02.jpg

ཚོགས་འདུའི་ཐོག་བསྟན་དོན། ཧྲུའུ་ཅི་ཝུའུ་ཞའོ་ཅུན་གྱིས་མཚོ་བྱང་དུ་བརྟག་ཞིབ་བཞུགས་མོལ་སྐབས་བཏོན་པའི“ཡིད་ལ་བརྟན་པོར་བཅངས་པ”གཅིག་དང “འགག་རྩའི་དུས་རིམ”གསུམ། “ཚད་གཞི་དེ་བས་མཐོ་བའི་རྒྱུན་འཁྱོངས”ལྔ་བཅས་ཀྱིས་མཚོ་བྱང་འཕེལ་རྒྱས་ཀྱི་དུས་རིམ་རང་བཞིན་གྱི་ཁྱད་ཆོས་ལ་དབྱེ་ཞིབ་གཏིང་ཟབ་གནང་བ་དང་། ཞིང་ཆེན་ཡོངས་ཀྱི་ཁྱོན་ཡོངས་ཀྱི་མཐོ་ཚད་ཐོག་ནས་མཚོ་བྱང་གི་མ་འོངས་པའི་འཕེལ་རྒྱས་ཀྱི་གཙོ་གནད་དང་འགག་རྩ་གསལ་སྟོན་བྱས་ཡོད། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ཧྲུའུ་ཅི་ཝུའུ་ཞའོ་ཅུན་གྱི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་ལག་བསྟར་དོན་འཁྱོལ་བྱས་ཏེ་མཚོ་བྱང་འཕེལ་རྒྱས་ཀྱི་དོན་དངོས་དང་གཞི་ཚུགས་ནས་བརྟག་དཔྱད་དང་ཞིབ་འཇུག་ཏན་ཏིག་སྤེལ་དགོས་ཤིང་། རྒྱང་ལྟའི་རང་བཞིན་གྱི་བསམ་གཞིག་དང་མ་ལག་རང་བཞིན་གྱི་འཆར་འགོད་ལ་སྔར་ལས་ཤུགས་བསྣན་ཏེ་དོན་ཐོག་ཏུ་འཁྱོལ་ཐུབ་པའི་བསམ་ཕྱོགས་དང་བྱེད་ཐབས་ཆགས་སུ་འཇུག་དགོས། ཞིང་ཕྱུགས་ལས་ཀྱི་གཙོ་ཁྲིད་ཐོན་ལས་ཆེན་པོ་ལྔ་འཕེལ་རྒྱས་གཏོང་རྒྱུར་དམིགས་ནས་ཁུལ་རིམ་པའི་ཚན་རྩལ་དཔེ་སྟོན་གླིང་དང་རྫོང་བཞིའི་ཞིང་ཕྱུགས་ཐོན་ལས་གླིང་འཛུགས་སྐྲུན་དང་བེད་སྤྱོད་ཡག་པོ་བྱེད་དགོས་ཤིང་། “བྱང་རྒྱུད”སོན་ལས་ཀྱི་རིགས་གསོ་སྐྱོང་སྟོབས་ཆེར་བཏང་སྟེ་མཚོ་བྱང་ཞིང་ཆེན་ཡོངས་ཀྱི་ས་བོན་མཁོ་སྤྲོད་རྟེན་གཞི་གལ་ཆེན་ཞིག་ཏུ་བསྐྲུན་དགོས། མཚོ་སྔོན་པོ་དང་མདོ་ལ་རི་བོའི་བྱ་གཟིགས་དུས་ཚིགས་དང་དེ་བཞིན་མེ་ལྷ་གངས་དཀར། རྟ་ཕྱུག་ལབ་ཙེ་སོགས་ལྗོངས་ཁུལ་དང་ལྗོངས་གནས་དྲིལ་སྒྲོག་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། “ཞིང་ལས་དང་ལུས་རྩལ། རིག་གནས། ཡུལ་སྐོར། ཚོང་གཉེར”སོགས་ལས་རིགས་མང་པོའི་མཉམ་འདྲེས་ལ་ཞབས་འདེགས་ཞུ་བའི་འཛད་སྤྱོད་ཀྱི་རྣམ་པ་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས་ཤིང་། མཐའ་འཁོར་གྲོང་ཁྱེར་དང་རྫོང་གི་ལྗོངས་ཁུལ་དང་མཉམ་འགུལ་འཕེལ་རྒྱས་གཏོང་རྒྱུར་ཤུགས་བསྣན་ཏེ་རྒྱུན་མཐུད་སྒོས་སྣེ་ལེན་ནུས་པ་དང་ཞབས་ཞུའི་སྤུས་ཚད་ཆེ་རུ་བཏང་སྟེ་འགྲུལ་ཁོངས་ཁྲོམ་ར་རྒྱ་སྐྱེད་ཤུགས་ཆེན་གཏོང་དགོས། ཚད་གཞི་མཐོ་བ་དང་བླང་བྱ་ནན་མོ་བཏོན་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་བ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཏེ་སྤྱོད་ཚུལ་བཟང་པོའི་ཐོག་ནས་སེམས་ནུས་གཅིག་སྒྲིལ་དང་ལས་སྒྲུབ་ལས་གཏོད་བྱེད་དགོས།  དུས་རབས་གསར་བའི“ཧྥེང་ཆའོ་ཉམས་མྱོང”་རྒྱུན་འཁྱོངས་དང་འཕེལ་རྒྱས་བཏང་སྟེ། སྤྱི་ཚོགས་ཀྱི་འགལ་བ་དང་རྩོད་གཞི་སྣ་མང་སྔོན་འགོག་སྙོམ་སྒྲིག་ཐག་གཅོད་བྱེད་པའི་ཕྱོགས་བསྡུས་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། གཞི་རིམ་བཅོས་སྐྱོང་བྱ་བ་ཁྲིམས་སྐྱོང་ཅན་དུ་སྐུལ་འདེད་གཏོང་དགོས་ཟེར།

03.jpg

ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་སྐོར་གཟིགས་བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་དང་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་སྐོར་གཟིགས་སྐོར་ཞིབ་བྱ་བའི་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་སྐོར་གཟིགས་ལྡོག་འདྲེན་གནད་དོན་བཅོས་སྒྲིག་ནན་ཏན་བྱས་ཏེ། ཁུལ་དང་རྫོང་གི་སྐོར་ཞིབ་བྱ་བའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་གྲོང་གསེབ་གཞི་གཅིག་ཏུ་འབྲེལ་བའི་སྐོར་ཞིབ་དང་གཙོ་གནད་སྡེ་བའི་རིམ་སྤར་སྐོར་ཞིབ་ཐད་བེད་སྤྱོད་བྱས་ཏེ“གནད་དོན་འདོན་པའི་རྣམ་པའི”ཆེད་དམིགས་སྐོར་ཞིབ་སོགས་ཀྱི་བྱེད་ཐབས་བརྒྱུད་ནས། སྤུས་ཚད་མཐོ་བའི་སྒོ་ནས་སྐོར་ཞིབ་བྱ་བ་གཞི་རིམ་དུ་ཁྱབ་གདལ་གཏོང་བར་སྐུལ་འདེད་གཏོང་དགོས་ཟེར།

ཚོགས་འདུའི་ཐོག ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་ཐོག་གཏན་འཁེལ་བྱས་པའི་དོན་ཚན་སྒྲུབ་གཉེར་སོགས་འབྲེལ་ཡོད་བྱ་བའི་གནས་ཚུལ་གྱི་སྙན་ཞུར་ཉན་པ་དང་འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས།


མཉམ་སྤྱོད།