དེ་རིང་ནི2025ལོའི་ཟླ04པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

​ཝུའུ་ཞའོ་ཅུན་གྱིས་མིན་ཧོ་རྫོང་དུ་ལྟ་སྐུལ་མཛུབ་ཁྲིད་དང་རྟོག་ཞིབ་བྱས།

2025-04-25 14:57:35   |   339

རྩོམ་སྒྲིག ཁོན་ཐར་ཚེ་རིང་། ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


01.jpg

ཟླ4པའི་ཚེས24ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་མིན་ཧོ་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་དུ་སོང་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོར་ལྟ་སྐུལ་མཛུབ་ཁྲིད་བྱས་ལ། གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་དང་གཞུང་ལམ་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་བྱས། ཝུའུ་ཞའོ་ཅུན་གྱིས་སློབ་སྦྱོང་སློབ་གསོ་མུ་མཐུད་གཏིང་ཟབ་ཏུ་སྤེལ་ནས། བྱེད་སྟངས་གསར་པ་དང་ཚད་གཞི་གསར་པ། གྲུབ་འབྲས་གསར་པ། ནུས་ཤུགས་གསར་པ་བཅས་སྤྱད་དེ། མང་ཚོགས་སྔར་ལས་མང་པོར་བདེ་སྐྱིད་བསྐྲུན་དགོས་པ་དང་། སྔར་ལས་མང་པོའི་མཛེས་སྡུག་གི་གྲོང་གསེབ་བསྐྲུན་ནས། རིགས་སོ་སོའི་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་། བདེ་སྣང་བཅས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གཏོང་དགོས་པ་ནན་གྱིས་བསྟན།

ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་ནི་ད་ལོའི་ཏང་འཛུགས་བྱ་བའི་གཙོ་གནད་འགན་འཁྲི་ཡིན། ཝུའུ་ཞའོ་ཅུན་མིན་ཧོ་རྫོང་ཀོན་ཐིན་གྲོང་རྡལ་ལཱ་ཅ་སྡེ་བར་སོང་ནས། ལས་བྱེད་པ་དང་མང་ཚོགས་ལ་གྲོས་སྡུར་དང་བརྗེ་རེས་བྱས་ཏེ། སློབ་གསོ་སློབ་སྦྱོང་དང་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བའི་བྱ་བའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་བྱས་ནས་བསམ་འཆར་དང་གྲོས་གཞིར་ནན་ཏན་གྱིས་ཉན། ཁོས་ནན་གྱིས་བསྟན་དོན། སློབ་སྦྱོང་གི་ཁྲོད་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་བཀའ་དྲིན་བསམ་པ་དང་། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་སྒྲུབ་སྟེ། སེམས་གཏིང་ནས་སྤྱི་ཁྱབ་ཧྲུའུ་ཅི་ལ་གུས་བཀུར་བྱེད་པ་དང་ཏང་ཀྲུང་དབྱང་ལ་བརྩི་བཀུར་བྱེད་དགོས། སློབ་སྦྱོང་གི་ཁྲོད་དུ་མང་ཚོགས་དང་འབྲེལ་འདྲིས་དམ་ཟབ་བྱེད་པའི་སྤྱོད་ཚུལ་གསར་པ་སྦྱངས་ཏེ།    གཞི་རིམ་དུ་བསྐྱོད་ནས་མང་ཚོགས་དང་ཉེ་བར་བཅར་བ་དང་།   མང་ཚོགས་ཀྱི་བསམ་འཆར་ལ་ཉན་ནས་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཐག་གཅོད་བྱས་ཏེ།    སྤྱོད་ཚུལ་འཛུགས་སྐྲུན་གྱི་ཕན་འབྲས་གསར་པར་བརྟེན་ནས་རྒྱུན་ཆད་མེད་པར་མི་དམངས་མང་ཚོགས་ཀྱི་ཡིད་ཆེས་དང་བརྩི་བཀུར་ཐོབ་པར་བྱེད་དགོས།  སློབ་སྦྱོང་གི་ཁྲོད་དུ་སྒྲིག་ཁྲིམས་བརྩི་སྲུང་ནན་མོ་བྱེད་པའི་ཚད་གཞི་གསར་པ་སྦྱངས་ཏེ། ལྡོག་ཕྱོགས་ཀྱི་དཔེ་མཚོན་གྱོད་དཔེའི་བསླབ་བྱ་གཏིང་ཟབ་བསྡུ་ལེན་བྱེད་པ་དང་། གྱོད་དོན་ལ་བརྟེན་ནས་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་དང་གྱོད་དོན་ལ་བརྟེན་ནས་སློབ་སྦྱོང་ལ་སྐུལ་འདེད་གཏོང་དགོས། བསམ་བཞིན་དུ་སྒྲིག་ཁྲིམས་དང་འགལ་བའི་བྱ་སྤྱོད་ལ་ཞིབ་བཤེར་ཐག་གཅོད་ནན་མོ་བྱེད་པ་ལས་ཀུ་ཡངས་གཏན་ནས་མི་གཏོང་བ་དང་།   གཟབ་ནན་གྱི་དགོངས་གཞི་དང་གཟབ་ནན་གྱི་བྱེད་ཐབས། གཟབ་ནན་གྱི་རྣམ་པ་བཅས་ཡུན་རིང་རྒྱུན་འཁྱོངས་བྱེད་དགོས།     སློབ་སྦྱོང་གི་ཁྲོད་དུ་དངོས་སྒྲུབ་སྔོན་བརྩོན་གྱི་ཕན་འབྲས་གསར་པ་སྦྱངས་ཏེ་ཤར་ནུབ་རྒྱུད་མཉམ་ལས་དང་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་གྱི་ལེགས་ཆ་འདོན་སྤེལ་བྱེད་པ་དང་།    ཚོང་འགུག་དངུལ་འདྲེན་བྱེད་ཤུགས་ཆེ་རུ་གཏོང་བ།   རིག་གནས་ཡུལ་སྐོར་གྱི་འཛད་སྤྱོད་སྦས་ཤུགས་སྔོག་འདོན་བྱེད་པ། ཆེད་ལས་འཇོན་མི་སྔར་ལས་མང་པོ་གསོ་སྐྱོང་བྱས་ཏེ། ཐོན་ལས་གསུམ་པའི་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་།    དཔལ་འབྱོར་འཕེལ་རྒྱས་མངོན་འགྱུར་ཐད་སྔར་ལས་ལྷག་པའི་འཕར་སྣོན་འབྱུང་བར་སྐུལ་འདེད་གཏོང་དགོས།  སློབ་སྦྱོང་གི་ཁྲོད་དུ་གཞི་རིམ་ཏང་འཛུགས་སྐྲུན་གྱི་འགུལ་ནུས་གསར་པ་སྦྱངས་ཏེ་རྒྱུན་ཆད་མེད་པར་བྱ་བའི་འཇོན་ཐང་གི་ཆུ་ཚད་མཐོར་འདེགས་གཏོང་བ་དང་།    ཚན་ཁག་གི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་པ། ལས་སྒྲུབ་ཀྱི་སྒུལ་ཤུགས་དང་གསོན་ཤུགས་བསྐྱེད་དེ། འབད་བརྩོན་ཆེན་པོས་ཚད་ཤིང་འཛུགས་པ་དང་དཔེ་སྟོན་བྱེད་པ།    མདུན་དུ་བསྐྱོད་པ་བཅས་བྱས་ནས་ཏང་འཛུགས་སྐྲུན་གྱི་སྣེ་ཁྲིད་ལ་བརྟེན་ནས་བྱ་བ་སྣ་ཚོགས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།

ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་གྱི་གཞུང་ལམ306གི་ཀོན་ཐིན་ནས་ཧ་ཁྲིན་བར་གྱི་གཞུང་ལམ་གྱི་ཀོན་ཐིན་ལམ་དུམ་བཟོ་སྐྲུན་འཛུགས་སྐྲུན་གྱི་གནས་ཚུལ་ལ་ཡུལ་དངོས་སུ་རྟོག་ཞིབ་བྱས་པ་མ་ཟད། ལམ་རྒྱུད་ཀྱི་དཔའ་ལུང་ཧོས་རིགས་རང་སྐྱོང་རྫོང་ཐ་རྒྱ་ཡུལ་ཚོ་ཡར་ནང་སྡེ་བ་དང་ཆུ་དམར་ཡུལ་ཚོ་མགོན་པོ་བུ་རྒྱུད་སྡེ་བར་རྟོག་ཞིབ་བྱས། ཁོས་བསྟན་དོན། བཟོ་སྐྲུན་གྱི་སྤུས་ཚད་ལ་ཁག་ཐེག་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག  ལས་གཞི་འཛུགས་སྐྲུན་གྱི་མྱུར་ཚད་ཇེ་མགྱོགས་སུ་གཏོང་བ་དང་། རྗེས་མཐུད་ཐོན་ལས་འཕེལ་རྒྱས་ལ་འཆར་འགོད་ཡག་པོ་བྱས་ནས། མང་ཚོགས་ཀྱི་སྒོ་ཁའི་ཕྱུག་འགྱུར་ལམ་དང་བདེ་སྐྱིད་ལམ། སེམས་མཐུན་ལམ། དར་སྤེལ་ལམ་བཅས་འཛུགས་སྐྲུན་ཡག་པོ་བྱེད་དགོས། མིན་ཧོ་རྫོང་ཙོང་པའོ་ཡུལ་ཚོ་ཀྲུང་ཡོན་སྡེ་བའི་སྔོ་ཚོད་རྟེན་གཞི་དང་ཀོན་ཐིན་གྲོང་རྡལ་ལཱ་ཅ་སྡེ་བའི་ཡུན་ལུང་གཙགས་དྲུབ་འཁོར་ཁང་། མདོག་ལྔའི་ལཱ་ཅ་བཅས་སུ་བསྐྱོད་དེ། ཝུའུ་ཞའོ་ཅུན་གྱིས་སྔོ་ཚོད་འདེབས་འཛུགས་ཁེ་ལས་ཀྱི་འགན་ཁུར་མི་སྣ་དང་། གཟུགས་འདས་ཤུལ་བཞག་གི་འཐུས་ཚབ་རང་བཞིན་གྱི་རྒྱུད་འཛིན་པ། ཞིང་པའི་སྤྲོ་ཁྱིམ་ཁང་གི་ཚོང་གཉེར་བྱེད་མཁན་སོགས་ལ་བསམ་ཚུལ་བརྗེ་རེས་བྱས། རང་ས་གནས་ཀྱི་ཁྱད་ལྡན་ཁྱད་སྟོབས་འདོན་སྤེལ་བྱས་ཏེ། ཡུལ་བབ་དང་བསྟུན་ནས་གྲོང་གསེབ་ཀྱི་དམངས་ཕྱུག་ཐོན་ལས་འཕེལ་རྒྱས་སུ་གཏོང་བ་དང་། མཐོ་སྒང་གི་འཁྱག་གསོས་སྔོ་ཚོད་ཐོན་རྫས་ལེགས་སྐྲུན་བྱེད་པ། རྨ་ཙོང་གཙགས་དྲུབ་ཀྱི་ལག་རྩལ་རྒྱུན་འཛིན་དར་སྤེལ་བྱེད་པ་དང་། གྲོང་གསེབ་ཡུལ་སྐོར་ཇུས་འགོད་ལ་ཤུགས་སྣོན་པ། ཐོན་ལས་དར་སྤེལ་ལ་བརྟེན་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་དགོས་པ་ནན་གྱིས་བསྟན།

ཀྲའོ་ཡུའེ་ཞ་དང་ཝུའུ་ལཱ་ཙི་པེ་ཁི་རེ་སུའུ་ལིས་ཧན་བྱ་འགུལ་ལ་ཞུགས།


མཉམ་སྤྱོད།