རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།
ཟླ4པའི་ཚེས24ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་ནས་ཁུལ་ཨུའི་ནོར་སྲིད་དཔལ་འབྱོར་ཨུ་ལྷན་གྱི་ཚོགས་འདུ་འཚོགས་ཤིང་། ཞིང་ཆེན་ཏང་ཨུའི་ནོར་སྲིད་དཔལ་འབྱོར་ཨུ་ལྷན་གྱི་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ཁུལ་ཡོངས་ཀྱི་དུས་ཚིགས་དང་པོའི་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་བཀོད་གཏོང་བྱས་ནས་གོམ་སྟབས་རྗེས་མའི་བྱ་བའི་གཙོ་གནད་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས།
ཚོགས་འདུའི་སྟེང་བསྟན་དོན། ད་ལོ་ནས་བཟུང་དཔལ་འབྱོར་ཧྲིལ་པོ་མར་ཆག་པའི་གནོན་ཤུགས་ཆེ་རུ་ཕྱིན་པ་དང་ཉེན་ཁ་དང་འགྲན་སློང་ཛ་དྲག་ཡིན་པའི་ཁོར་ཡུག་ཆེན་པོའི་འོག ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བྱས་ཏེ། དུས་ཚིགས་དང་པོའི་ཁུལ་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་ལ“མགོ་ཡག་པོ”བརྩམས་པ་དང་། བརྟན་བརླིང་ཁྲོད་ཡར་རྒྱས་ཡོང་བ་དང་ཡར་རྒྱས་ཁྲོད་ཇེ་ལེགས་སུ་འགྲོ་བའི་འཁོར་སྐྱོད་རྣམ་པ་མངོན་ཡོད། GDPདུས་མཚུངས་ལས8.3%འཕར་བ་དང་། དཔལ་འབྱོར་དམིགས་ཚད་གཙོ་བོ་དང་རྫོང་བཞིའི་དཔལ་འབྱོར་འཕར་ཚད་ཚང་མ་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད་ལ། ཁུལ་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་མགོ་ཡག་པོ་བརྩམས་ནས་ལོ་ཧྲིལ་པོའི་འཕེལ་རྒྱས་དམིགས་ཚད་དང་ལས་འགན་ལེགས་འགྲུབ་བྱེད་པར་རྨང་གཞི་བརྟན་པོ་བཏིང་ཡོད་ཟེར།
ཚོགས་འདུའི་སྟེང་ནན་གྱིས་བསྟན་དོན། གནས་བབ་ཀྱི་འགྱུར་ལྡོག་གསལ་པོར་ཤེས་པ་དང་ཕྱི་རོལ་ཡུལ་དང་མཐུན་པའི་གྲུབ་འབྲས་ལ་ལྟ་བ། གནད་དོན་གྱི་ཧེ་བག་ཡང་དག་པར་འཚོལ་བ། དཔལ་འབྱོར་འཁོར་སྐྱོད་བཀོད་གཏོང་ལ་ཤུགས་སྣོན་པ། སྟོབས་ཤུགས་གཅིག་བསྡུས་ཀྱིས་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་དང་ཞན་ཆ་གསབ་པ། ནུས་ཤུགས་ཡོད་རྒུས་དཔལ་འབྱོར་དམ་འཛིན་དང་སྟོབས་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། སྤུས་ཚད་མཐོ་བའི་སྒོ་ནས“ཕྱེད་བརྒལ་གཉིས”དང་ལོ་འཁོར་མོའི་དཔལ་འབྱོར་དམིགས་ཚད་ལས་འགན་ལེགས་འགྲུབ་བྱེད་དགོས། མ་འཇོག་དང་འཛད་སྤྱོད་ཀྱི་འགག་རྩ་གཉིས་དམ་འཛིན་བརྟན་པོ་བྱས་ཏེ།“གཙོ་གལ་གཉིས”དང“གསར་སྒྱུར་གཉིས”ལ་དམིགས་ནས་ནུས་ཤུགས་ཡོད་རྒུས་ལས་གཞི་འཛུགས་སྐྲུན་དམ་འཛིན་ཡག་པོ་བྱས་ཏེ། སྔོན་གྱི་འགྲོ་ལུགས་ཇེ་མགྱོགས་སུ་གཏོང་བ་དང་རྒྱུ་རྐྱེན་གཙོ་བོའི་འགན་སྲུང་ལ་ཤུགས་བསྣན་ཏེ་ལས་གཞི་སྔ་མོ་ནས་ཐོན་སྐྱེད་བྱེད་མགོ་བརྩམས་ཏེ་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་བཏང་ནས་དངོས་པོའི་གྲངས་འབོར་དང་མ་འཇོག་གི་སྒུལ་ཤུགས་སྔར་ལས་མང་བར་བྱེད་དགོས། སྐྱེ་ཁམས་གནས་སྐོར་གྱི“གསོན་ཤུགས་གསར་པར”སྒུལ་ཤུགས་བསྩལ་ཏེ“123”Aརིམ་པའི་གནས་སྐོར་ལྗོངས་ཁུལ་གསར་འཛུགས་དང་གསར་བརྗེའི་ཉམས་ཞིབ། གངས་འཁྱགས་དཔལ་འབྱོར། ནགས་ཚལ་ཁམས་གསོ་སོགས་ཀྱི་བྱ་བ་འབུར་ཐོན་གྱིས་དམ་འཛིན་བྱས་ཏེ། མཚོ་སྔོན་པོའི་བྱང་ངོགས་ཀྱི་སྐྱེ་ཁམས་ལྗོངས་ཁུལ6འཛུགས་སྐྲུན་དང་འགྲིམ་འགྲུལ་དང་གནས་སྐོར་མཉམ་འདྲེས་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་སྟེ། བྱ་གཟིགས་དང་ཉ་གཟིགས། རྟ་རྒྱུག རྐང་བགྲོད། མདའ་འཕེན། ལྕགས་རྟ་སོགས་ཀྱི་བྱེད་སྒོ་ཞིབ་ཚགས་ངང་གཉེར་བ་དང་།“མདོ་ལ་རི་འདབས་ཀྱི་ཕྱུགས་ར་བཟང་བོའི”ས་ཁོངས་ཀྱི་སྤྱི་སྤྱོད་ཆས་རྟགས་མུ་མཐུད་གསར་སྤེལ་དང་ཞིང་ལས་དང་ལུས་རྩལ། རིག་གནས། གནས་སྐོར། ཚོང་གཉེར་མཉམ་འདྲེས་གཏིང་ཟབ་བྱེད་པར་སྐུལ་འདེད་བཏང་སྟེ་གནས་སྐོར་འཛད་སྤྱོད་དེ“ལྟ་སྐོར་བྱེད་ས”ནས“གུང་གསེང་འཛད་སྤྱོད”རིམ་སྤོར་ལ་སྐུལ་འདེད་གཏོང་དགོས།“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བྱས་ཏེ221རྟེན་གཞིའི་གནའ་ཤུལ་དང་སྨོན་ལམ་མཐོན་པོ། རྫོང་བཞིའི་གསར་བརྗེའི་ཉམས་ཞིབ་ས་ཚིགས་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་བཏང་སྟེ་ཁུལ་དང་རྫོང་གི་ཏང་གི་སློབ་གྲྭ་དང་སྲིད་ཁྲིམས། འཐབ་ཕྱོགས་གཅིག་གྱུར། མང་ཚོགས་ཚོགས་པ་བཅས་ཀྱི་ལས་བྱེད་པ་གསོ་སྦྱོང་ལྟེ་གནས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ།“འཛིན་གྲྭ་གཅིག་ལ་ཐབས་ཇུས་གཅིག”གཞིར་བཟུང་ནས་སློབ་ཚན་སྤུས་ལེགས་བཟོ་བ་དང་ཉམས་ཞིབ་ལམ་ཐིག་འཛུགས་པ། སློབ་གཉེར་སྤུས་ཚད་མཐོར་འདེགས་བཅས་བྱས་ཏེ་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ལ་གསར་བརྗེའི་ཉམས་ཞིབ་གདན་ཞུའི་ཡི་གེ་བསྐུར་ནས་ཏང་ཡོན་ལས་བྱེད་པ་དེ་བས་མང་བ་མཚོ་བྱང་དུ་ཡོང་ནང་གསར་བརྗེའི་ཉམས་ཞིབ་དང་ལེན་བྱེད་དུ་འཇུག་དགོས། སྡོམ་རྩིས་ལས་སྒོའི་མཛུབ་ཁྲིད་ལ་ཤུགས་སྣོན་པ་དང་གཅིག་གྱུར་བྱེད་དགོས་པའི་བྱ་བའི་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། དོན་དངོས་དང་ཡང་དག་པའི་སྡོམ་རྩིས་གཞི་གྲངས་ལ་བརྟེན་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕན་འབྲས་ཕྱོགས་ཡོངས་ནས་མཚོན་པར་བྱེད་དགོས་ཟེར།
ཚོགས་འདུའི་སྟེང་རྒྱལ་ཁབ་ཀྱི་སྲིད་ཇུས་ལ་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་ཁ་གཏད་རོགས་སྐྱོར་གྱི་སྟོབས་ཤུགས་བེད་སྤྱོད་ཡག་པོ་བྱས་ཏེ་ཕན་ནུས་ལྡན་པའི་བྱེད་ཐབས་དེ་བས་མང་བ་བཏོན་ནས། གནད་འཁེལ་ཚོང་འགུགས་དང་ལས་མི་ཡོངས་ཀྱིས་ཚོང་འགུགས་རྒྱུན་མཐུད་ངང་སྤེལ་ནས་དུས་མགོའི་ཚོང་འགུགས་གྲུབ་འབྲས་ཧུར་ཐག་དང་རང་འགུལ་ངང་སྦྲེལ་མཐུད་ཡག་པོ་བྱས་ཏེ་ལས་གཞི་དེ་བས་མང་བ་དོན་འཁྱོལ་བྱ་རྒྱུར་བརྩོན་ལེན་བྱས་ནས་ཚོང་འགུགས་ལས་གཞིའི་གན་རྒྱ་ལག་བསྟར་བྱེད་ཚད་མཐོ་རུ་གཏོང་གང་ཐུབ་བྱེད་དགོས། རང་འགུལ་ངང་འཆར་འགོད་དང་རང་འགུལ་ངང་མདུན་སྐྱོད། རང་འགུལ་ངང་ཞབས་འདེགས་ཞུ་བའི་འདུ་ཤེས་ཆེ་རུ་གཏོང་དགོས།“གཙོ་འགན་འཁུར་མཁན”གྱིས་དངོས་སུ་རུ་ཁག་གི་སྣེ་ཁྲིད་ནས་ཚོང་འགུགས་བྱས་ཏེ་རླུང་གློག་འོད་ཤུགས་དང་རིག་གནས་གནས་སྐོར། ཞིང་ཕྱུགས་ཐོན་རྫས་ལས་སྣོན། གསར་བརྗེའི་ཉམས་ཞིབ། ནུས་རྒྱུ་ཐོན་ཁུངས་གསར་སྤེལ་སོགས་ཁྱབ་ཁོངས་སུ་གྲབས་གསོག་མ་དངུལ་གཏོང་ཚད་མཐོ་བ་དང་ཐོན་འབབ་ཕན་འབྲས་མཐོ་བ། ཐོན་ལས་ཀྱི་འབྲེལ་བ་མཐོ་བ་བཅས་ཀྱི་སྤུས་ལེགས་ལས་གཞི་ཁག་གཅིག་ནང་འདྲེན་བྱ་རྒྱུར་བརྩོན་ལེན་བྱེད་དགོས། པེ་ཅིང་དུ་བཅའ་སྡོད་བྱས་པའི་མཚོ་བྱང་དོན་གཅོད་ཁྲུའུ་དང་ཧྲན་ཏུང་དུ་བཅའ་སྡོད་བྱས་པའི་འབྲེལ་གཏུག་ཁྲུའུ་ཡི་འབྲེལ་ཐག་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་སྲིད་གཞུང་དང་ཁེ་ལས། གླིང་ཁུལ། ཐོན་ལས་འབྲེལ་ཐག་བཅས་འབྲེལ་མཐུད་གཏིང་ཟབ་བྱས་ཏེ་ཚོང་འགུགས་བྱ་བའི་གནད་འཁེལ་ཚད་ཆེ་རུ་གཏོང་རྒྱུར་ཤུགས་བསྣན་ནས་སྤུས་ལེགས་ལས་གཞི་དེ་བས་མང་བ་མཚོ་བྱང་དུ་གཅིག་སྡུད་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་བཏང་སྟེ་མཛའ་མཐུན་ལྷད་མེད་ཀྱི་སྲིད་ཚོང་འབྲེལ་བ་བཙུགས་ནས་ཁེ་ལས་ཀྱིས་མཚོ་བྱང་དུ་བློ་བདེ་ངང་མ་འཇོག་དང་བློ་བདེ་ངང་གཉེར་སྐྱོང་། བློ་བདེ་ངང་འཕེལ་རྒྱས་བཅས་བྱེད་དུ་འཇུག་དགོས་པའི་བླང་བྱ་བཏོན།
ཚོགས་འདུའི་ཐོག དུས་ཚིགས་དང་པོའི་ཁུལ་ཡོངས་ཀྱི་དཔལ་འབྱོར་གནས་བབ་དང་ཚོང་འགུག་མ་འདྲེན་བྱ་བའི་གནས་ཚུལ་ཁྱབ་བརྡ་བཏང་།
ཁུལ་དུ་བསྡད་ཡོད་པའི་ཁུལ་རིམ་པའི་མགོ་ཁྲིད་ཚོགས་འདུར་ཞུགས་པ་དང་། ཁུལ་ནོར་སྲིད་དཔལ་འབྱོར་ཨུ་ལྷན་གྱི་ཁོངས་མིའི་སྡེ་ཁག་གི་འགན་འཁུར་བློ་མཐུན་གཙོ་བོ་ཚོགས་འདུར་ཞུགས།