དེ་རིང་ནི2025ལོའི་ཟླ04པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཤ་བོ་སྐྱབས་ཀྱིས་སློབ་གསོའི་བྱ་བར་བརྟག་ཞིབ་གནང་སྐབས་ནུས་ཤུགས་དང་བརྩེ་སེམས་ཟབ་མོས་མི་དམངས་ཀྱི་བློ་ཡིད་ཚིམ་པའི་སློབ་གསོ་ལེགས་པར་གཉེར་དགོས་པ་ནན་གྱིས་བསྟན།

2025-04-27 15:20:16   |   557

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ4པའི་ཚེས24ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་མདའ་བཞི་རྫོང་མདོ་ལ་རི་བོ་སློབ་འབྲིང་དང་ཁུལ་མཐོ་རིམ་སློབ་འབྲིང་དང་པོ། ཁུལ་ལས་རིགས་ལག་རྩལ་སློབ་གྲྭ་བཅས་སུ་སོང་སྟེ་ཡུལ་དངོས་ནས་སློབ་གསོའི་བྱ་བར་བརྟག་ཞིབ་གནང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་སློབ་གསོའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ། མི་དམངས་མང་ཚོགས་ཀྱི་བྲེལ་མཁོ་སྨོན་གསུམ་གྱི་དགོས་མཁོར་དམིགས་ནས་སློབ་གསོའི་ཐོན་ཁུངས་བཀོད་སྒྲིག་རྒྱུན་མཐུད་ངང་ལེགས་སྒྱུར་དང་ཕྱོགས་ཡོངས་ནས་སློབ་གཉེར་སྤུས་ཚད་ཀྱི་ཆུ་ཚད་ཇེ་མཐོར་བཏང་སྟེ་ནུས་ཤུགས་དང་བརྩེ་སེམས་ཟབ་མོས་མི་དམངས་ཀྱི་བློ་ཡིད་ཚིམ་པའི་སློབ་གསོ་ལེགས་པར་གཉེར་དགོས་པ་ནན་གྱིས་བསྟན།

མདའ་བཞི་རྫོང་མདོ་ལ་རི་བོ་སློབ་འབྲིང་དང་ཁུལ་མཐོ་རིམ་སློབ་འབྲིང་དང་པོ་རུ་ཤ་བོ་སྐྱབས་འཁོར་དང་བཅས་པ་སློབ་མའི་སློབ་ཁང་དང་ཟ་ཁང་། ལུས་རྩལ་ཁང་སོགས་སུ་སོང་སྟེ་ཡུལ་དངོས་ནས་བྱ་བའི་སྙན་ཞུར་ཉན་པ་དང་། འོས་འགན་སློབ་གསོའི་སྤུས་ཚད་དོ་སྙོམས་དང་བསམ་བློ་ཆབ་སྲིད་སློབ་གསོ། སློབ་གསོ་དང་སློབ་ཁྲིད་ཀྱི་སྤུས་ཚད། སློབ་གྲྭའི་བདེ་འཇགས་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་ནས་བསྟན་དོན། སློབ་གསོ་ནི་དམངས་འཚོའི་བྱ་བ་གལ་ཆེན་ཞིག་ཡིན་པས། ཁྱིམ་ཚང་ཁྲི་སྟོང་མང་པོ་དང་མཚོ་བྱང་གི་མ་འོངས་པ་དང་འབྲེལ་བ་ཡོད། ཉེ་བའི་ལོ་འགའི་རིང་། ཁུལ་ཡོངས་ཀྱི་སློབ་གསོ་དང་སློབ་ཁྲིད་ཀྱི་སྤུས་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད་པ་དང་། མཐོ་འབྲིང་དཀྱུས་མའི་མཐོ་རྒྱུགས་ཁྲོད་དངོས་གཞིའི་རིམ་པ་དང་པོར་སླེབས་ཚད་ལོ་རེ་བཞིན་མཐོ་རུ་ཕྱིན་ལ། འབྲིང་རྒྱུགས་ཀྱི་རྒྱུགས་འབྲས་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས་ནས་ཁུལ་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱིས་སློབ་གསོར་བློ་ཡིད་ཚིམ་ཚད་དང་ཐོབ་སྣང་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད་ཟེར་ཞོར་ནན་གྱིས་བསྟན་དོན། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་བློ་སྦྱོང་བསླབ་སྐྱོང་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་གསོ་སྐྱོང་དང་ལག་བསྟར་ཧུར་ཐག་བྱས་ཏེ། “བསམ་བློ་ཆབ་སྲིད་སློབ་ཁྲིད་ཆེན་མོའི”ལག་ལེན་རྟེན་གཞི་འཛུགས་སྐྲུན་དང་བེད་སྤྱོད་ཡག་པོ་བྱེད་དགོས། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་སོགས་གསར་བརྗེའི་ཐོན་ཁུངས་ཀྱི་ལེགས་ཆ་དང་ཉམས་ཞིབ་ས་ཚིགས་ཀྱི་ཁྱབ་འགྱེད་སྐུལ་ཁྲིད་ནུས་པ་འདོན་སྤེལ་བྱས་ནས་རྒྱ་ཆེའི་སློབ་གྲྭ་ཆུང་འབྲིང་གི་སློབ་མར་ཡང་དག་པའི་མི་ཚེའི་ལྟ་བ་དང་རིན་ཐང་ལྟ་བ་འཛུགས་པར་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས། རྒྱལ་ཡོངས་ཀྱི་སློབ་གསོ་བྱ་བའི་ཚོགས་འདུའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་། ཐབས་བརྒྱ་ཇུས་སྟོང་གིས་སློབ་གསོ་དང་སློབ་ཁྲིད་ཀྱི་སྤུས་ཚད་མཐོ་རུ་གཏོང་དགོས། སློབ་གསོའི་ཐེབས་རྩ་བེད་སྤྱོད་ཡག་པོ་བྱས་ཏེ་དམངས་ཕན་སློབ་གསོའི“བྱེད་ཐབས་བཅུ”དོན་འཁྱོལ་ཡག་པོ་བྱེད་པ་དང་། ཁ་གཏད་རོགས་སྐྲུན་བྱེད་པའི་ཧྲན་ཏུང་ཞིང་ཆེན་དང་མཉམ་ལས་མཉམ་འཛུགས་དང་། མཚོ་སྐྱོར་དགེ་རྒན87གྱི་རོགས་སྐྱོར་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ཧྲན་ཏུང་གི་གྲོང་ཁྱེར་བཞི་དང་ཁྲུང་ཆིང་བཅས་ས་གནས་གཞན་དུ་ཡོད་པའི་མཐོ་འབྲིང་ལྔ་པོའི་འཛིན་གྲྭ་ལེགས་པོར་གཉེར་དགོས། ནུབ་མཚོ་གྲོང་རྡལ་གྱི་མང་ཚོགས་ཀྱིས་བཏོན་པའི་དམའ་རིམ་སློབ་འབྲིང་གི་སློབ་མ་ཞག་སྡོད་སོགས་ཀྱི་གནད་དོན་ལ་དོ་སྣང་དང་ཐག་གཅོད་བྱས་ཏེ། ཁུལ་དང་རྫོང་གི་སྤུས་ལེགས་སློབ་གསོའི་ཐོན་ཁུངས་སྡེབ་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། ཁུལ་རིམ་པའི“དམའ་འབྲིང་དང་མཐོ་འབྲིང་གཞི་གཅིག་ཅན”གྱི་སློབ་སྒྲུབ་ལམ་སྲོལ་འཚོལ་ཞིབ་དང་ཁྱབ་སྤེལ་བཏང་སྟེ་རྒྱུན་མཐུད་སྒོས་སློབ་གཉེར་གྱི་གསོན་ཤུགས་འཕེལ་བར་བྱེད་དགོས། དཔྱིད་དུས་ཀྱི་སྡོང་འཛུགས་གོ་སྐབས་བེད་སྤྱོད་གང་ལེགས་བྱས་ནས་སློབ་ར་ལྗང་མདོག་ཅན་དང་མཛེས་བཟོ། གཙང་བཟོ་བཅས་ཀྱི་བྱ་བ་གཏིང་ཟབ་སྤེལ་ནས་བྱེད་ཐབས་སྣ་མང་སྤྱད་དེ་ལྗང་མདོག་གི་སློབ་གྲྭའི་ཁོར་ཡུག་བསྐྲུན་ནས་དགེ་སློབ་རྣམས་ལ་སློབ་སྦྱོང་གི་ཁོར་ཡུག་བཟང་བོ་ཞིག་འདོན་སྤྲོད་བྱེད་དགོས། སློབ་གྲྭའི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་བཅོས་སྒྲིག་བྱ་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་། འགག་རྩར་དམ་པོར་དམིགས་ནས་སློབ་གྲྭའི་ཟས་རིགས་བདེ་འཇགས་ཀྱི་མ་མཐའི་མཚམས་ཐིག་མཐའ་གཅིག་ཏུ་ནན་སྲུང་བྱས་ཏེ“སློབ་གྲྭའི་ཟ་མའི”ཆེད་དོན་བཅོས་སྒྲིག་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་བ་དང་། སློབ་མའི་ཁེ་ཕན་དང་དགེ་སློབ་ཀྱི་བདེ་འཇགས་ལ་གནོད་པའི་གནད་དོན་ལ“བཟོད་སྒོམ”གཏན་ནས་བྱེད་མི་རུང་ཟེར།

3.jpg

ཁུལ་ལས་རིགས་ལག་རྩལ་སློབ་གྲྭར་ཤ་བོ་སྐྱབས་འཁོར་དང་བཅས་པ་ཁུལ་དགེ་རྒན་གསོ་སྦྱོང་ལྟེ་གནས་དང་སློབ་གྲྭས་སྒྲུབ་པའི་རླངས་འཁོར་ཞིག་གསོ་བཟོ་གྲྭ། ཞིང་ཕྱུགས་ཐོན་རྫས་ལས་སྣོན་བཟོ་གྲྭ་སོགས་སུ་སོང་སྟེ་དགེ་རྒན་གསོ་སྦྱོང་དང་། སློབ་གྲྭ་དང་ཁེ་ལས་མཉམ་ལས་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་ནས་ནན་གྱིས་བསྟན་དོན། རྒྱལ་ཁབ་ཀྱིས་ལས་རིགས་སློབ་གསོ་འཕེལ་རྒྱས་ཤུགས་ཆེན་གཏོང་བའི་གོ་སྐབས་གལ་ཆེན་དམ་འཛིན་དང་གཙོ་གནད་དམ་འཛིན། ཞན་ཆ་གསབ་པ་དང་མི་འདང་ས་སྐོང་བ་བཅས་བྱས་ནས་སློབ་གཉེར་གཞི་ཁྱོན་དང་སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་རྒྱུན་མཐུད་ངང་མཐོ་རུ་བཏང་སྟེ་སློབ་གྲྭའི་བེད་མེད་རྒྱུ་ནོར་བེད་སྤྱོད་གང་ཐུབ་བྱེད་དགོས། “ཐོན་སློབ་མཉམ་འདྲེས”ལ་དམིགས་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་དང་ཚོང་རའི་དགོས་མཁོར་བརྟེན་ནས“མདེལ་གཉིས”དཔེ་དབྱིབས་དང་། ཡིག་བྱང་། ཤིང་བརྐོས། ཐང་ག གཙགས་དྲུབ། རྡོ་བརྐོས་སོགས་རིག་གནས་གསར་རྩོམ་ཐོན་རྫས་རབ་དང་རིམ་པ་གསར་སྤེལ་བྱེད་ཤུགས་ཆེ་རུ་བཏང་སྟེ། མཚོ་བྱང་བཟོ་བའི་རིག་གནས་ཐོན་ལས་ཚད་ཡོད་སྤྱི་གཉེར་ཁང་ཇེ་རྒྱས་ཇེ་ལེགས་སུ་བཏང་ནས་སློབ་མའི་ལས་ཞུགས་བྱེད་ཚད་དང་ལས་རིགས་སློབ་གྲྭའི་ཤུགས་རྐྱེན་ཐེབས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་ཟེར།

དེའི་རིང་། ཤ་བོ་སྐྱབས་འཁོར་དང་བཅས་པས་ཁུལ་ཨུའི་ཏང་གི་སློབ་གྲྭའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་སློབ་གསོ་གསོ་སྦྱོང་བྱ་བར་ཡུལ་དངོས་ནས་བརྟག་ཞིབ་གནང་བ་དང་། ནུབ་མཚོ་གྲོང་རྡལ་གྱི་དཔྱིད་ཀའི་སྡོང་འཛུགས་ལྗང་སྒྱུར་ས་ཚིགས་ལ་གཟིགས་ཞིབ་གནང་།

ཁུལ་གྱི་མགོ་ཁྲིད་སི་ཅི་ཧྲིན་དང་ཚོ་ཅི་ཆང་། ཀརྨ་ཚེ་རིང་། ཧ་ཝུན་ཞུག ཧན་ཧྲི། མདའ་བཞི་རྫོང་སྲིད་གཞུང་། ཁུལ་ཨུའི་ཏང་གི་སློབ་གྲྭ། ཁུལ་སློབ་གསོ་ཅུ། ཁུལ་སྡོད་ཁང་འཛུགས་སྐྲུན་ཅུ་བཅས་ཀྱི་འགན་ཁུར་བློ་མཐུན་གཙོ་བོས་སོ་སོར་ཕེབས་རོགས་བྱས།


མཉམ་སྤྱོད།