དེ་རིང་ནི2024ལོའི་ཟླ09པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་གི་ཞིང་ཆེན་དམངས་ཆེན་འཐུས་མིར་བཅར་གླེང་བྱས་པ།(གཉིས་པ)

2023-01-14 18:11:42   |   136

རྩོམ་སྒྲིག སངས་དོན། ཡོང་ཁུངས། གངས་ལྗོངས་འཕྲིན་གསར།


ལྷག་བསམ་རྣམ་དག་གིས་འཐུས་མིའི་འགན་འཁྲི་བསྒྲུབས་ནས། འཇུ་ལག་གི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།

—ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་མ་ཞོ་ཧྥེང་ལ་བཅར་འདྲི་བྱས་པ།

401852ED-AEC1-4DC7-93E2-A9FA6451AADC.png

ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་དང་པོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་བ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་བའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་རྩོམ་པའི་འགག་རྩའི་དུས་སྐབས་སུ་འཚོགས་པའི་ཚོགས་ཆེན་གཟབ་རྒྱས་ཤིག་རེད།   

ཐེངས་འདིའི་གྲོས་ཚོགས་ཐོག འདས་ཟིན་པའི་ལོ་ལྔའི་རིང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་བྱས་རྗེས་ལ་ཕྱིར་དྲན་དང་ཕྱོགས་བསྡོམས་བྱ་རྒྱུ་དང་། མ་འོངས་པའི་ལོ་ལྔའི་རིང་གི་དེང་རབས་ཅན་གྱི་མཚོ་སྔོན་འཛུགས་སྐྲུན་བྱ་རྒྱུའི་རླབས་ཆེའི་འཆར་འགོད་ཚན་རིག་དང་མཐུན་པར་ཇུས་འགོད་བྱ་རྒྱུ་དེ་རེད།      
 གཞི་རིམ་གྱི་འཐུས་མི་ཞིག་ཡིན་པའི་ཆ་ནས། ལྷག་བསམ་རྣམ་དག་གིས་འཐུས་མིའི་འགན་འཁྲི་ཡག་པོ་སྒྲུབ་ནས། བྱ་བའི་སྙན་ཞུ་སོ་སོར་གྲོས་བསྡུར་དང་གྲོས་ཞིབ་ནན་ཏན་བྱེད་པ། མཚོ་སྔོན་གྱི་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་ཤུགས་ཇེ་མགྱོགས་སུ་གཏོང་ཆེད་ཐབས་འདོན་ཇུས་འབུལ་ཧུར་ཐག་བྱེད་པ་དང་ལྷག་པར་དུ་འཇུ་ལག་གི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་གཏོད་པ། གྲོང་གསེབ་དར་སྤེལ་གཏོང་རྒྱུར་སྐུལ་འདེད་གཏོང་བ། སྤུས་ཚད་མཐོ་བའི་འཚོ་བ་གཏོད་པའི་རེ་སྒུག་གསར་བ་དང་བསམ་ཚུལ་ཇི་མ་ཇི་བཞིན་མཚོན་པར་བྱས་ཏེ་ཐུན་མོང་ཐོག་དེང་རབས་ཅན་གྱི་མཚོ་སྔོན་སྐྲུན་པར་མཛེས་སྡུག་ལྡན་པའི་འཆར་བཀོད་ཡག་པོ་བྱེད་རྒྱུ་ཡིན་ཞེས་བཤད། 

སྨན་བཅོས་ཞབས་ཞུའི་ནུས་པ་ཆེ་རུ་བཏང་ནས། བདེ་ཐང་མཚོ་བྱང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ།    

—ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་རིན་དབྱིན་ལ་བཅར་འདྲི་བྱས་པ།

A9B2DD57-A452-44BF-A752-D92685928460.png

དམངས་ཆེན་འཐུས་མི་ཞིག་ཡིན་པའི་ཆ་ནས།     ངས་སློབ་སྦྱོང་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས།     ཆབ་སྲིད་ཀྱི་བྱང་ཚད་དང་བཅའ་ཁྲིམས་ཀྱི་བྱང་ཚད། འགན་འཁྲི་སྒྲུབ་ནུས་བཅས་ཆེ་རུ་གཏོང་བ་དང་། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་ཟིལ་ཤུགས་རང་རྟོགས་ཀྱིས་སྲུང་སྐྱོང་བྱེད་པ། མི་དམངས་ཀྱིས་ང་འཐུས་མིར་བདམས་པ་དང་།    ང་མི་དམངས་ཀྱི་ཆེད་དུ་ཡིན་པའི་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏོང་བ།   དམངས་ཆེན་འཐུས་མིའི་འགན་འཁྲི་སྒྲུབ་པ།    སྙན་ཞུ་སོ་སོར་གྲོས་ཞིབ་ནན་ཏན་བྱེད་པ།    ཐབས་འདོན་ཇུས་འབུལ་ཧུར་ཐག་བྱེད་པ། གཞི་རིམ་གྱི་བསམ་ཚུལ་མཚོན་པ།    མི་དམངས་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་བྱེད་པ་བཅས་འཐུས་མིའི་ཟམ་པ་དང་འབྲེལ་ཐག་ལྟ་བུའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་རྒྱུ་ཡིན།  

འདས་མ་ཐག་པའི་ལོ་གཅིག་ནི། ཧ་ཅང་རྒྱུན་ལྡན་མིན་པ་དང་ཧ་ཅང་དཀའ་ཁག་ཆེ་བའི་ལོ་ཞིག་ཡིན། རིམས་ནད་ཀྱི་གནོད་སྐྱོན་འོག ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་མཐུན་སྒྲིལ་འབད་འཐབ་དང་འགག་སྒྲོལ་དཀའ་སེལ། མི་རིགས་སོ་སོའི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་འགན་ལེན་ནུས་ལྡན་བྱས་པ་དང་། རྒྱ་ཆེའི་སྨན་དོན་མི་སྣས་ལེགས་སྐྱེས་ཆེན་པོ་ཕུལ་ལ། སྲིད་གཞུང་གིས་ཆེད་དོན་མ་དངུལ་མང་དུ་བཏང་ནས་སྨན་བཅོས་སྒྲིག་གཞིའི་མ་འཇོག་བྱེད་ཤུགས་ཆེ་རུ་བཏང་བ་དང་སྨན་བཅོས་སྒྲིག་གཞིའི་སྒྲིག་ཆས་ཀྱི་ཞན་ཆ་ནུས་ལྡན་ངང་ཁ་གསབ་བྱས་པ། སྨན་བཅོས་སྒྲིག་ཆས་ཀྱི་ཆ་རྐྱེན་ལེགས་སུ་ཤུགས་ཆེན་གཏང་བ་བཅས་བྱས་ཏེ་སྨན་བཅོས་སྐྱོབ་རོགས་བྱ་བ་སྤེལ་རྒྱུར་སྨན་བཅོས་ཀྱི་ཁོར་ཡུག་ཅུང་ཡག་པོ་སྐྲུན་ཡོད།  
མ་འོངས་པའི་བྱ་བའི་ཁྲོད་ང་ཚོས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཡང་དག་པའི་མགོ་ཁྲིད་འོག་གཞུང་བཙུགས་སྨན་ཁང་གི་ཕྱོགས་བསྡུས་བཅོས་སྒྱུར་ལ་སྐུལ་འདེད་མགྱོགས་མྱུར་གཏོང་བ་དང་། སྨན་ཁང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྨན་བཅོས་འགན་ལེན་མ་ལག་འཐུས་ཚང་དུ་གཏོང་བ། སྨན་བཅོས་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ། སྨན་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཞན་ཆ་དང་མི་འདང་ས་ཁ་གསབ་བཅས་བྱས་ཏེ། བདེ་ཐང་མཚོ་བྱང་འཛུགས་སྐྲུན་ལ་རྒྱུན་མཐུད་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད།    


མཉམ་སྤྱོད།