དེ་རིང་ནི2025ལོའི་ཟླ04པའི་ཚེས29ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྒྱ་གར་གྱི་གནས་མཇལ་བ་ཀྲུང་གོའི་བོད་ལྗོངས་ཀྱི་གནས་རི་དང་བླ་མཚོར་གནས་མཇལ་དུ་ཡོང་བ་ད་ལོའི་དབྱར་ཁ་ནས་བཟུང་སླར་གསོ་བྱ་རྒྱུ་རེད།

2025-04-29 09:51:17   |   218

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། བཤེར་འབེབས། རིན་ཆེན་ཚེ་རིང་།


ཤིན་ཧྭ་གསར་འགྱུར་ཁང་གི་ཟླ4པའི་ཚེས28ཉིན་གྱི་གློག་འཕྲིན། ཚེས28ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀུའོ་ཅ་ཁུན་གྱིས་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་དྲི་བར་ལན་འདེབས་སྐབས། ཀྲུང་གོ་དང་རྒྱ་གར་ཕྱོགས་གཉིས་པོའི་ཐུན་མོང་གི་ངོས་འཛིན་གཞིར་བཟུང་། རྒྱ་གར་གྱི་གནས་མཇལ་བ་ཀྲུང་གོའི་བོད་ལྗོངས་ཀྱི་གནས་རི་དང་བླ་མཚོར་གནས་མཇལ་དུ་ཡོང་བ་ད་ལོའི་དབྱར་ཁ་ནས་བཟུང་སླར་གསོ་བྱ་རྒྱུ་ཡིན། མིག་སྔར་ཕྱོགས་གཉིས་པོས་འབྲེལ་ཡོད་གྲ་སྒྲིག་ལས་དོན་ལ་སྐུལ་འདེད་གཏོང་བཞིན་ཡོད་ཅེས་བཤད།

གསར་འགོད་པས་དྲི་བ་དྲིས་དོན། ཉེ་ཆར་རྒྱ་གར་གྱི་ཕྱི་འབྲེལ་པུས་སྤྱི་བསྒྲགས་སྤེལ་ཏེ། རྒྱ་གར་ཕྱོགས་ཀྱིས་ད་ལོའི་ཟླ་དྲུག་པ་ནས་བརྒྱད་པའི་བར་རྒྱ་གར་གྱི་གནས་མཇལ་བ་ཀྲུང་གོའི་བོད་ལྗོངས་ཀྱི་གནས་རི་དང་བླ་མཚོར་གནས་མཇལ་དུ་འགྲོ་རྒྱུ་སྒྲིག་འཛུགས་བྱ་རྒྱུ་ཡིན་ཞེས་འཁོད་ཡོད། དེའི་ཐད་མགྲིན་ཚབ་པར་བསམ་ཚུལ་ག་འདྲ་ཡོད་ཅེས་དྲིས།

“རྒྱ་གར་གྱི་གནས་མཇལ་བ་ཀྲུང་གོའི་བོད་ལྗོངས་ཀྱི་གནས་རི་དང་བླ་མཚོར་གནས་མཇལ་དུ་ཡོང་བ་ནི་ཀྲུང་གོ་དང་རྒྱ་གར་དབར་གྱི་མི་ཆོས་རིག་གནས་འབྲེལ་འདྲིས་ཀྱི་ནང་དོན་གལ་ཆེན་ཞིག་ཡིན། ”ཀུའོ་ཅ་ཁུན་གྱིས་དེ་ལྟར་བཤད། ཀྲུང་གོའི་བོད་རང་སྐྱོང་ལྗོངས་སུ་གནས་པའི་གངས་རིན་པོ་ཆེ་དང་མ་ཕམ་གཡུ་མཚོ་ནི་བོད་བརྒྱུད་ནང་བསྟན་དང་རྒྱ་གར་ཆོས་ལུགས་ཚུད་པའི་ཆོས་ལུགས་མང་པོ་ཞིག་གི་དད་ལྡན་མང་ཚོགས་རྣམས་ཀྱི་སེམས་ནང་གི“གནས་རི་དང་བླ་མཚོ”ཞིག་རེད། ཀྲུང་གོ་དང་རྒྱ་གར་ཕྱོགས་གཉིས་པོའི་ཐུན་མོང་གི་ངོས་འཛིན་གཞིར་བཟུང་། རྒྱ་གར་གྱི་གནས་མཇལ་བ་ཀྲུང་གོའི་བོད་ལྗོངས་ཀྱི་གནས་རི་དང་བླ་མཚོར་གནས་མཇལ་དུ་ཡོང་བ་ད་ལོའི་དབྱར་ཁ་ནས་བཟུང་སླར་གསོ་བྱ་རྒྱུ་ཡིན་པ་དང་མིག་སྔར་ཕྱོགས་གཉིས་པོས་འབྲེལ་ཡོད་གྲ་སྒྲིག་ལས་དོན་ལ་སྐུལ་འདེད་གཏོང་བཞིན་ཡོད་ཅེས་བཤད།

“ད་ལོ་ནི་ཀྲུང་གོ་དང་རྒྱ་གར་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་བཙུགས་ནས་ལོ75འཁོར་བའི་ལོ་ཡིན་པས་ཀྲུང་གོ་ཕྱོགས་ཀྱིས་རྒྱ་གར་ཕྱོགས་དང་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་པོའི་མགོ་ཁྲིད་དབར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ནན་ཏན་བྱས་ནས་ཀྲུང་གོ་དང་རྒྱ་གར་གྱི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ལམ་བུའི་ཐོག་བསྐྱོད་དེ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད”ཅེས་ཀུའོ་ཅ་ཁུན་གྱིས་བཤད།


མཉམ་སྤྱོད།