དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྒྱལ་ཡོངས་སྤྱིའི་བཟོ་ཚོགས་བཙུགས་ནས་ལོ100འཁོར་བའི་ཚོགས་ཆེན་བསྡུས།

2025-04-29 11:56:30   |   49

རྩོམ་སྒྲིག ཁོན་ཐར་ཚེ་རིང་། ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


01.jpg

ཟླ4པའི་ཚེས28ཉིན། ཀྲུང་ཧྭ་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་བཙུགས་ནས་ལོ100འཁོར་བ་དང་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་ལེགས་ཅན་དང་སྔོན་ཐོན་བྱ་བ་སྒྲུབ་མཁན་གྱི་གཟེངས་བསྟོད་ཚོགས་ཆེན་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་གཟབ་རྒྱས་ངང་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གྲོས་ཚོགས་སུ་ཞུགས་པ་མ་ཟད་གསུང་བཤད་གལ་ཆེན་གནང་།

ཟླ4པའི་ཚེས28ཉིན་གྱི་སྔ་དྲོར། ཀྲུང་ཧྭ་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་བཙུགས་ནས་ལོ100འཁོར་བ་དང་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་ལེགས་ཅན་དང་སྔོན་ཐོན་བྱ་བ་སྒྲུབ་མཁན་གྱི་གཟེངས་བསྟོད་ཚོགས་ཆེན་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་གཟབ་རྒྱས་ངང་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གྲོས་ཚོགས་སུ་ཞུགས་པ་མ་ཟད་གསུང་བཤད་གལ་ཆེན་གནང་སྐབས་ནན་གྱིས་བསྟན་དོན། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་། ངེས་པར་དུ་ཏང་གི་གཙོ་གནད་འགན་འཁྲི་ལ་དམ་པོར་དམིགས་ཏེ། བཟོ་པའི་གྲལ་རིམ་དང་རྒྱ་ཆེའི་ངལ་རྩོལ་མང་ཚོགས་ཀྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྡུས་ནས། གཟབ་ནན་དང་འབད་འབུངས་ཡར་བརྩོན། ཧུར་ཐག་གིས་བྱས་རྗེས་འཇོག་པ་བཅས་བྱས་ཏེ། དངོས་སྒྲུབ་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་རླབས་ཆེན་དམིགས་འབེན་མངོན་འགྱུར་བྱེད་དགོས།

ལྔ་གཅིག་རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་སླེབས་ལ་ཉེ་བའི་སྐབས་འདིར། ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་མཛད་དེ། རྒྱལ་ཡོངས་རིགས་སོ་སོའི་བཟོ་པ་དང་ཞིང་པ། ཤེས་ཡོན་ཅན། ངལ་རྩོལ་མང་ཚོགས་དང་། རིམ་པ་སོ་སོའི་བཟོ་ཚོགས་རྩ་འཛུགས་དང་བཟོ་ཚོགས་ཀྱི་བྱ་བ་སྒྲུབ་མཁན་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་ཞིང་། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དང་ཨའོ་མིན་དམིགས་བསལ་སྲིད་འཛིན་ཁུལ། ཐའེ་ཝན་ས་ཁུལ་གྱི་བཟོ་ཚོགས་དང་ངལ་རྩོལ་ལས་རིགས་ཀྱི་གྲོགས་པོ་རྣམས་ལ་དུས་ཆེན་གྱི་རྟེན་འབྲེལ་ཞུས་པ་དང་། གཟེངས་བསྟོད་ཐོབ་པའི་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་ལེགས་ཅན་དང་སྔོན་ཐོན་བྱ་བ་སྒྲུབ་མཁན་ལ་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས།

02.jpg

ཟླ4པའི་ཚེས28ཉིན། ཀྲུང་ཧྭ་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་བཙུགས་ནས་ལོ100འཁོར་བ་དང་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་ལེགས་ཅན་དང་སྔོན་ཐོན་བྱ་བ་སྒྲུབ་མཁན་གྱི་གཟེངས་བསྟོད་ཚོགས་ཆེན་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་གཟབ་རྒྱས་ངང་བསྡུས། ཞི་ཅིན་ཕིང་། ལིས་ཆང་། ཀྲའོ་ལི་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏེན་ཞུའེ་ཞང་། ལིས་ཞི་བཅས་གྲོས་ཚོགས་སུ་ཞུགས།

ལིས་ཆང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད་པ་དང་། ཀྲའོ་ལི་ཅི་དང་ཝང་ཧུའུ་ཉིང་། ཏེན་ཞུའེ་ཞང་། ལིས་ཞི་བཅས་གྲོས་ཚོགས་སུ་ཞུགས། ཚའེ་ཆི་ཡིས་གཟེངས་བསྟོད་ཀྱི་ཆོད་དོན་སྒྲོག་འདོན་གནང་།

མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཁང་དུ་དགའ་སྤྲོའི་དཔལ་གྱིས་ཁེངས་ཡོད། ཀྲུའུ་ཞི་སྟེགས་བུའི་ཡང་སྟེང་དུ“ཀྲུང་ཧྭ་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་བཙུགས་ནས་ལོ100འཁོར་བ་དང་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་ལེགས་ཅན་དང་སྔོན་ཐོན་བྱ་བ་སྒྲུབ་མཁན་གྱི་གཟེངས་བསྟོད་ཚོགས་ཆེན”ཞེས་པའི་སྦྱར་བྱང་བཀལ་ཡོད་པ་དང་། ལྟག་རྒྱབ་ཀྱི་དཀྱིལ་དབུས་སུ་ཀྲུང་གོ་བཟོ་ཚོགས་ཀྱི་ཚོགས་རྟགས་བཀལ་ཡོད་ལ། ཚོགས་རྟགས་ཀྱི་འོག་ཏུ“1925-2025”ལོའི་ཨང་ཀི་བྲིས་ཡོད་པ་དང་། དར་དམར་བཅུ་གཡས་གཡོན་དུ་བཞག་ཡོད། ཉིས་ཐོག་གི་གཟིགས་སྟེགས་སུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་། མི་རིགས་བསྐྱར་དར་གྱི་རླབས་ཆེན་ལས་དོན་ཁྲོད་བཟོ་པ་གྲལ་རིམ་གྱི་གཙོ་ཤུགས་དམག་གི་ནུས་པ་དང་བཟོ་ཚོགས་ཀྱི་སྦྲེལ་ཐག་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་ཞེས་པ་བཀལ་ཡོད།

སྔ་དྲོའི་ཆུ་ཚོད10སྟེང་། ཚོགས་ཆེན་དངོས་སུ་མགོ་བརྩམས། ཚང་མ་ཡར་ལངས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས།

ཚའེ་ཆི་ཡིས《ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་ལེགས་ཅན་དང་སྔོན་ཐོན་བྱ་བ་སྒྲུབ་མཁན་ལ་གཟེངས་བསྟོད་བྱེད་པའི་ཆོད་དོན》སྒྲོག་འདོན་གནང་། མི1670ལ་རྒྱལ་ཡོངས་ངལ་རྩོལ་དཔེ་ལེགས་ཀྱི་མཚན་སྙན་ཐོབ་པ་དང་། མི756ལ་རྒྱལ་ཡོངས་ཀྱི་སྔོན་ཐོན་བྱ་བ་སྒྲུབ་མཁན་གྱི་གཟེངས་རྟགས་ཐོབ།

03.jpg

ཟླ4པའི་ཚེས28ཉིན། ཀྲུང་ཧྭ་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་བཙུགས་ནས་ལོ100འཁོར་བ་དང་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་ལེགས་ཅན་དང་སྔོན་ཐོན་བྱ་བ་སྒྲུབ་མཁན་གྱི་གཟེངས་བསྟོད་ཚོགས་ཆེན་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་གཟབ་རྒྱས་ངང་བསྡུས། འདི་ནི་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པས་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་ལེགས་ཅན་དང་སྔོན་ཐོན་བྱ་བ་སྒྲུབ་མཁན་གྱི་འཐུས་མིར་གཟི་བརྗིད་དཔང་ཡིག་གནང་བཞིན་པའི་པར་རེད།

04.jpg

ཟླ4པའི་ཚེས28ཉིན། ཀྲུང་ཧྭ་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་བཙུགས་ནས་ལོ100འཁོར་བ་དང་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་ལེགས་ཅན་དང་སྔོན་ཐོན་བྱ་བ་སྒྲུབ་མཁན་གྱི་གཟེངས་བསྟོད་ཚོགས་ཆེན་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་གཟབ་རྒྱས་ངང་བསྡུས། འདི་ནི་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པས་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་ལེགས་ཅན་དང་སྔོན་ཐོན་བྱ་བ་སྒྲུབ་མཁན་གྱི་འཐུས་མིར་གཟི་བརྗིད་དཔང་ཡིག་གནང་བཞིན་པའི་པར་རེད།

05.jpg

ཟླ4པའི་ཚེས28ཉིན། ཀྲུང་ཧྭ་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་བཙུགས་ནས་ལོ100འཁོར་བ་དང་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་ལེགས་ཅན་དང་སྔོན་ཐོན་བྱ་བ་སྒྲུབ་མཁན་གྱི་གཟེངས་བསྟོད་ཚོགས་ཆེན་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་གཟབ་རྒྱས་ངང་བསྡུས། འདི་ནི་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པས་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་ལེགས་ཅན་དང་སྔོན་ཐོན་བྱ་བ་སྒྲུབ་མཁན་གྱི་འཐུས་མིར་གཟི་བརྗིད་དཔང་ཡིག་གནང་བཞིན་པའི་པར་རེད།

06.jpg

ཟླ4པའི་ཚེས28ཉིན། ཀྲུང་ཧྭ་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་བཙུགས་ནས་ལོ100འཁོར་བ་དང་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་ལེགས་ཅན་དང་སྔོན་ཐོན་བྱ་བ་སྒྲུབ་མཁན་གྱི་གཟེངས་བསྟོད་ཚོགས་ཆེན་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་གཟབ་རྒྱས་ངང་བསྡུས། འདི་ནི་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པས་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་ལེགས་ཅན་དང་སྔོན་ཐོན་བྱ་བ་སྒྲུབ་མཁན་གྱི་འཐུས་མིར་གཟི་བརྗིད་དཔང་ཡིག་གནང་བཞིན་པའི་པར་རེད།

07.jpg

ཟླ4པའི་ཚེས28ཉིན། ཀྲུང་ཧྭ་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་བཙུགས་ནས་ལོ100འཁོར་བ་དང་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་ལེགས་ཅན་དང་སྔོན་ཐོན་བྱ་བ་སྒྲུབ་མཁན་གྱི་གཟེངས་བསྟོད་ཚོགས་ཆེན་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་གཟབ་རྒྱས་ངང་བསྡུས། འདི་ནི་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པས་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་ལེགས་ཅན་དང་སྔོན་ཐོན་བྱ་བ་སྒྲུབ་མཁན་གྱི་འཐུས་མིར་གཟི་བརྗིད་དཔང་ཡིག་གནང་བཞིན་པའི་པར་རེད།

དགའ་སྤྲོའི་རོལ་དབྱངས་ཁྲོད། རྒྱལ་ཡོངས་ངལ་རྩོལ་དཔེ་ལེགས་ཅན་དང་སྔོན་ཐོན་བྱ་བ་སྒྲུབ་མཁན་གྱི་འཐུས་ཚབ་པ་རིམ་པ་བཞིན་ཀྲུའུ་ཞིའི་སྟེགས་བུའི་མདུན་དུ་བསྐྱོད་པ་དང་། ཞི་ཅིན་ཕིང་སོགས་ཀྱིས་ཁོ་ཚོར་གཟི་བརྗིད་དཔང་ཡིག་གནང་།

ཀྲུང་གོ་འཕྲུལ་ཆས་ལྗིད་རིགས་སྡེ་ཚོགས་ཀུང་ཟིའི་ཏི་དབྱང་ཝན་ཧཱང་དཔེ་དབྱིབས་རྡུང་ཆས་བཟོ་སྐྲུན་ཀུང་ཟིའི་ཐོན་སྐྱེད་འཁོར་ཁང་གི་མགོ་གཙོ་ཡེ་ལིན་ཝེ་ཡིས་རྒྱལ་ཡོངས་ངལ་རྩོལ་དཔེ་ལེགས་ཅན་དང་སྔོན་ཐོན་བྱ་བ་སྒྲུབ་མཁན་གྱི་ཚབ་བྱས་ནས་གྲོས་གཞི་འདོན་ཡིག་སྒྲོག་འདོན་བྱས།

08.jpg

ཟླ4པའི་ཚེས28ཉིན། ཀྲུང་ཧྭ་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་བཙུགས་ནས་ལོ100འཁོར་བ་དང་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་ལེགས་ཅན་དང་སྔོན་ཐོན་བྱ་བ་སྒྲུབ་མཁན་གྱི་གཟེངས་བསྟོད་ཚོགས་ཆེན་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་གཟབ་རྒྱས་ངང་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གྲོས་ཚོགས་སུ་ཞུགས་པ་མ་ཟད་གསུང་བཤད་གལ་ཆེན་གནང་།

ཚོགས་ར་ཧྲིལ་པོའི་ཐལ་མོ་རྡེབ་སྒྲའི་ཁྲོད། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་། ཁོང་གིས་བསྟན་དོན། ཀྲུང་ཧྭ་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་བཙུགས་ནས་ལོ་བརྒྱའི་རིང་དུ། ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་འོག རིམ་པ་སོ་སོའི་བཟོ་ཚོགས་ཀྱིས་ཏང་གི་ལོ་རྒྱུས་ཀྱི་དུས་སྐབས་སོ་སོའི་དཀྱིལ་སྙིང་ལས་འགན་ལ་དམ་དུ་དམིགས་ནས། རང་རྒྱལ་གྱི་བཟོ་པ་གྲལ་རིམ་ལ་མཐུན་སྒྲིལ་སྐུལ་སློང་བྱས་ཏེ་ཏང་གི་རྗེས་སུ་དམ་པོར་འབྲངས་པ་དང་དུས་རབས་ཀྱི་མདུན་གྲལ་དུ་བསྐྱོད་པ་དང་། གསར་བརྗེ་དང་འཛུགས་སྐྲུན། བཅོས་སྒྱུར་བཅས་ཀྱི་རླབས་ཆེན་ལས་དོན་ཁྲོད་ཉམས་པ་མེད་པའི་མཛད་རྗེས་བཞག་པ་དང་། རང་རྒྱལ་གྱི་བཟོ་པའི་ལས་འགུལ་གྱི་བརྗིད་ཉམས་ཆེ་ཞིང་ཡིད་དུ་འོང་བའི་མཛད་རྗེས་བསྐྲུན།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། ཏང་ཀྲུང་དབྱང་གིས་བཟོ་པ་གྲལ་རིམ་དང་བཟོ་ཚོགས་བྱ་བའི་ཐད་ནས་རྒྱས་བཤད་རབ་དང་རིམ་པ་བཏོན་པ་དང་། བྱ་བ་གལ་ཆེན་རབ་དང་རིམ་པ་བཀོད་སྒྲིག་ལག་བསྟར་བྱས་ལ། ཁ་ཕྱོགས་རང་བཞིན་དང་རྩ་བའི་རང་བཞིན། འཐབ་ཇུས་རང་བཞིན་གྱི་གནད་དོན་རབ་དང་རིམ་པར་ལན་བཏབ་པ་དང་། ཏང་གི་བཟོ་པའི་ལས་འགུལ་གྱི་གཞུང་ལུགས་སྔར་ལས་ཕན་ཚོགས་དང་འཕེལ་རྒྱས་སུ་བཏང་ལ། ཏང་གི་བཟོ་པའི་ལས་འགུལ་གྱི་ལས་དོན་ཐད་དུ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལེན་པ་དང་ཕྱོགས་ཡོངས་ནས་ཡར་ཐོན་ཡོང་བར་སྐུལ་འདེད་བཏང་། རིམ་པ་སོ་སོའི་བཟོ་ཚོགས་ཀྱིས་རྒྱ་ཆེའི་ལས་བཟོ་པ་དང་མང་ཚོགས་ལ་མཐུན་སྒྲིལ་བྱས་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་ལག་ལེན་ཁྲོད་འཇོན་ནུས་མངོན་པར་སྐུལ་སློང་བཏང་བ་དང་། དུས་ལྟར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཐད་བྱས་རྗེས་གལ་ཆེན་བཞག

ཞི་ཅིན་ཕིང་གིས་བསྟན་དོན། ལོ་བརྒྱའི་རིང་གི་ལག་ལེན་ལས་རང་རྒྱལ་གྱི་བཟོ་པ་གྲལ་རིམ་ནི་ཀྲུང་གོ་གུང་ཁྲན་ཏང་གི་ཆེས་འགྱུར་བ་མེད་པ་དང་ཆེས་བློ་གཏད་ཆོག་པའི་གྲལ་རིམ་གྱི་རྨང་གཞི་ཡིན་པ་དང་། ང་ཚོའི་སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་ཀྱི་མགོ་ཁྲིད་ཀྱི་གྲལ་རིམ་ཡིན་པ། སྔོན་ཐོན་གྱི་ཐོན་སྐྱེད་ནུས་ཤུགས་དང་ཐོན་སྐྱེད་འབྲེལ་བའི་མཚོན་བྱེད་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་བྱེད་པ་དང་འཕེལ་རྒྱས་སུ་གཏོང་བའི་གཅོ་ཤུགས་དམག་དཔུང་བཅས་ཡིན་པར་ངོ་གནོང་མི་དགོས་ལ། རང་རྒྱལ་གྱི་བཟོ་ཚོགས་ནི་ཏང་གིས་ལས་བཟོ་པ་དང་མང་ཚོགས་ལ་འབྲེལ་འདྲིས་བྱེད་པའི་ལྕགས་ཟམ་དང་འབྲེལ་ཐག་ལྟ་བུ་ཡིན་ལ། སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་ཀྱི་སྲིད་དབང་གི་སྤྱི་ཚོགས་རྒྱབ་རྟེན་གཙོ་བོ་དང་། ལས་བཟོ་པའི་ཁེ་ཕན་གྱི་འཐུས་ཚབ་པ་དང་སྲུང་སྐྱོབ་པ་ཡིན་པར་ངོ་གནོང་མི་དགོས་ཤིང་། དུས་རབས་ཀྱི་ཆ་རྐྱེན་དང་སྤྱི་ཚོགས་མི་ཚོགས་ལ་འཕེལ་རྒྱས་དང་འགྱུར་ལྡོག་ཅི་འདྲ་བྱུང་ཡང་། རང་རྒྱལ་གྱི་བཟོ་པ་གྲལ་རིམ་གྱི་གོ་གནས་དང་ནུས་པར་གཡོ་འགུལ་གཏོང་མི་རུང་བ་དང་། བློ་གཅིག་སེམས་གཅིག་གིས་བཟོ་པ་གྲལ་རིམ་ལ་བརྟེན་པའི་རྩ་བའི་བྱེད་ཕྱོགས་ལ་གཡོ་འགུལ་གཏོང་མི་རུང་བ། རང་རྒྱལ་བཟོ་ཚོགས་ཀྱི་ངོ་བོ་དང་འགན་ནུས་ལ་གཡོ་འགུལ་གཏོང་མི་རུང་བ་བཅས་ར་སྤྲོད་གསལ་བོ་བྱས་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ལོ་བརྒྱའི་རིང་ལ་ཏང་གི་བཟོ་པའི་ལས་འགུལ་གྱི་བྱ་གཞག་གི་གཞུང་ལུགས་གསར་གཏོད་དང་ལག་ལེན་འཕེལ་རྒྱས་ཀྱི་ཆེས་གལ་ཆེ་བའི་གྲུབ་འབྲས་ནི། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཟོ་ཚོགས་ཀྱི་འཕེལ་རྒྱས་བགྲོད་ལམ་གྲུབ་པ་དེ་ཡིན། བགྲོད་ལམ་དེས། ཏང་གིས་བཟོ་པའི་ལས་འགུལ་གྱི་བྱ་གཞག་དང་བཟོ་ཚོགས་བྱ་བའི་ཐད་ལ་ཕྱོགས་ཡོངས་ནས་མགོ་ཁྲིད་པ་རྒྱུན་འཁྱོངས་བྱས་པ་དང་། བློ་སེམས་རྩེ་གཅིག་གིས་བཟོ་པའི་གྲལ་རིམ་ལ་བརྟེན་པའི་རྩ་བའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ལ། ཏང་གི་དཀྱིལ་སྙིང་ལས་འགན་བརྩི་སྲུང་དང་ལེན་བྱེད་རྒྱུ་དང་དེར་ཞབས་འདེགས་ཞུ་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། བཟོ་ཚོགས་རྩ་འཛུགས་ཀྱི་ཆབ་སྲིད་རང་བཞིན་དང་སྔོན་ཐོན་རང་བཞིན། མང་ཚོགས་རང་བཞིན་བཅས་རྒྱུན་འཁྱོངས་བྱས་ཤིང་། ལས་བཟོ་པ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་སྲོག་རྩ་རྒྱུན་འཁྱོངས་བྱས་པ་དང་། ཁྲིམས་སྲོལ་དང་སྒྲིག་ལམ་ལྟར་བྱ་བ་སྤེལ་རྒྱུ་རྒྱུན་འཁྱོངས་བྱས། དེ་ནི་ཏང་གིས་བཟོ་པའི་ལས་འགུལ་གྱི་བྱ་གཞག་དང་བཟོ་ཚོགས་བྱ་བར་མགོ་ཁྲིད་བྱས་པའི་ཉམས་མྱོང་རྩ་ཆེན་སྤྱི་སྡོམ་ཟབ་མོ་བྱས་པ་ཞིག་ཡིན་པས། ངེས་པར་དུ་དུས་ཡུན་རིང་བོར་རྒྱུན་འཁྱོངས་བྱེད་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། ཏང་གི་དཀྱིལ་སྙིང་ལས་འགན་ནི་རང་རྒྱལ་གྱི་བཟོ་པའི་ལས་འགུལ་གྱི་དུས་རབས་ཀྱི་བརྗོད་སྙིང་ཡིན། དུས་རབས་གསར་པའི་སྐྱོད་ལམ་གསར་པ། ངེས་པར་དུ་རང་རྒྱལ་གྱི་བཟོ་པའི་གྲལ་རིམ་དང་རྒྱ་ཆེའི་ངལ་རྩོལ་མང་ཚོགས་ལ་སྔར་ལས་སྐུལ་སློང་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་ལས་དོན་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་གཙིགས་སུ་བཟུང་ནས། རྒྱ་ཆེའི་ལས་བཟོ་པ་དང་ངལ་རྩོལ་མང་ཚོགས་ཀྱིས་བྱས་རྗེས་འཇོག་པ་དང་གསར་གཏོད་གསར་སྐྲུན་བྱེད་པར་སྐུལ་སློང་བྱེད་དགོས། རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་བཅོས་སྒྱུར་དང་མཐུན་པར་བྱས་ཏེ། ངལ་རྩོལ་པའི་བྱང་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་གཏོང་དགོས། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་ལག་བསྟར་ཟབ་མོ་བྱེད་པ་དང་། ངལ་རྩོལ་དཔེ་ལེགས་ཅན་གྱི་སྙིང་སྟོབས་དང་ངལ་རྩོལ་སྙིང་སྟོབས། བཟོ་སྐྲུན་པའི་སྙིང་སྟོབས་དར་སྤེལ་གཏོང་དགོས། མཉམ་དུ་ཕྱུག་པོར་བསྒྱུར་བར་སྐུལ་འདེད་གཏོང་བ་དང་། རྒྱ་ཆེའི་ལས་བཟོ་པ་དང་ངལ་རྩོལ་མང་ཚོགས་ཀྱི་བདེ་སྐྱིད་ཀྱི་ཚད་བརྟན་བརླིང་ངང་ཇེ་མཐོར་གཏོང་དགོས།

ཞི་ཅིན་ཕིང་གིས་ངལ་རྩོལ་དཔེ་ལེགས་ཅན་དང་སྔོན་ཐོན་བྱ་བ་སྒྲུབ་མཁན་ནི་མི་དམངས་ཀྱི་མིག་དཔེ་དང་། རྒྱལ་ཁབ་ཀྱི་རྐང་འཛིན་ཡིན། སྤྱི་ཚོགས་ཡོངས་ཀྱིས་ཁོ་ཚོའི་མཛད་རྗེས་ལ་སློབ་སྦྱོང་དང་། ཁོ་ཚོའི་སྙིང་སྟོབས་དར་སྤེལ་གཏོང་དགོས། ངལ་རྩོལ་དཔེ་ལེགས་ཅན་དང་སྔོན་ཐོན་བྱ་བ་སྒྲུབ་མཁན་གྱིས་མཚན་སྙན་གཅེས་སུ་འཛིན་པ་དང་། རང་གི་ཁྱད་ཆོས་སྲུང་འཛིན་བྱས་ཏེ། མུ་མཐུད་དུ་འབད་བརྩོན་བྱེད་དགོས་པ་དང་། ཡང་བསྐྱར་བྱས་རྗེས་འཇོག་དགོས་ཞེས་ནན་གྱིས་གསུངས།

ཞི་ཅིན་ཕིང་གིས་བསྟན་དོན། ལོ་རྒྱུས་ཀྱི་མགོ་རྩོམ་ས་གསར་པའི་སྟེང་། རིམ་པ་སོ་སོའི་བཟོ་ཚོགས་ཀྱིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ཕྱོགས་ཡོངས་ནས་དངོས་འབེབས་བྱས་ཏེ། བཟོ་ཚོགས་བྱ་བ་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་རྒྱུན་འཁྱོངས་བྱས་ཏེ། རྒྱ་ཆེའི་ལས་བཟོ་པ་དང་ངལ་རྩོལ་མང་ཚོགས་ཏང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོ་ཡོང་བར་བྱེད་དགོས། ལས་བཟོ་པ་དཀྱིལ་སྙིང་དུ་འཛིན་པའི་བྱ་བའི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ལྷག་བསམ་རྣམ་དག་གིས་ལས་བཟོ་པ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་། ལས་བཟོ་པ་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། བཟོ་ཚོགས་བཅོས་སྒྱུར་དང་འཛུགས་སྐྲུན་གཏིང་ཟབ་བྱས་ཏེ། སྣེ་ཁྲིད་ནུས་པ་དང་། རྩ་འཛུགས་ནུས་པ། ཞབས་ཞུའི་ནུས་པ་བཅས་རྒྱུན་ཆད་མེད་པར་ཤུགས་དྲག་ཏུ་གཏོང་དགོས།

ཞི་ཅིན་ཕིང་གིས་བཟོ་པའི་ལས་འགུལ་གྱི་བྱ་གཞག་ནི་ཏང་གི་ལས་དོན་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། རིམ་པ་སོ་སོའི་ཏང་ཨུ་ཡིས་བཟོ་ཚོགས་ཀྱི་མགོ་ཁྲིད་ལ་ཤུགས་སྣོན་དང་ལེགས་སྒྱུར་བྱས་ཏེ། བཟོ་ཚོགས་ལས་དོན་ཁྲོད་ཀྱི་གནད་དོན་གལ་ཆེན་ལ་དུས་ལྟར་ཞིབ་འཇུག་དང་ཐག་གཅོད་བྱས་ནས། བཟོ་ཚོགས་ཀྱི་འགན་སྒྲུབ་ཐད་ཆ་རྐྱེན་ལེགས་པོ་ཞིག་བསྐྲུན་དགོས་ཞེས་ནན་གྱིས་གསུངས།

ལིས་ཆང་གིས་ཚོགས་ཆེན་ལ་མགོ་འཛིན་གནང་སྐབས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་སྟེ། ལོ་བརྒྱའི་རིང་ཏང་གིས་མགོ་ཁྲིད་པའི་ཀྲུང་གོའི་བཟོ་པའི་ལས་འགུལ་གྱི་འོད་སྟོང་འཕྲོ་བའི་ལོ་རྒྱུས་བརྒྱུད་རིམ་དང་རླབས་ཆེན་གྱི་གྲུབ་འབྲས་ལ་གདེང་འཇོག་ཚད་མེད་གནང་ཞིང་། ཀྲུང་གོའི་བཟོ་པའི་གྲལ་རིམ་དང་ཀྲུང་གོའི་བཟོ་ཚོགས་ཀྱི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་ཀྱི་གོ་གནས་དང་བྱེད་ནུས་ལ་ཁས་ལེན་གང་ལེགས་མཛད་ཅིང་། བཟོ་པའི་ལས་འགུལ་གྱི་བྱ་གཞག་དང་བཟོ་པའི་ལས་དོན་གྱི་ཉམས་མྱོང་རྩ་ཆེན་སྤྱི་བསྡོམས་ཟབ་མོ་གནང་ཞིང་།  རང་རྒྱལ་གྱི་བཟོ་པའི་གྲལ་རིམ་དང་རྒྱ་ཆེའི་ངལ་རྩོལ་མང་ཚོགས་སྐྱོད་ལམ་གསར་པར་འབད་པས་བསྐྱོད་པ་དང་། དུས་རབས་གསར་པར་བྱས་རྗེས་འཇོག་པའི་ཐད་ཀྱི་རེ་འདུན་དྲག་པོ་དང་། དུས་རབས་གསར་པའི་སྐྱོད་ལམ་གསར་པའི་བཟོ་ཚོགས་ལས་དོན་ཐད་བླང་བྱ་གསལ་བོ་བཏོན་ཡོད། ཁོང་གི་གསུང་བཤད་ལས་ཏང་ཀྲུང་དབྱང་གིས་བཟོ་པའི་གྲལ་རིམ་དང་། རྒྱ་ཆེའི་ངལ་རྩོལ་མང་ཚོགས་ལ་བརྩེ་བའི་ཐུགས་ཁུར་གནང་བཞིན་པ་དང་། བཟོ་པའི་ལས་འགུལ་གྱི་བྱ་གཞག་དང་བཟོ་ཚོགས་ལས་དོན་ལ་གདེང་འཇོག་ཚད་མེད་གནང་བཞིན་པ་ཤེས་ཐུབ་ཅིང་། ཆབ་སྲིད་རང་བཞིན་དང་བསམ་བློའི་རང་བཞིན། མཛུབ་སྟོན་རང་བཞིན་བཅས་དྲག་པོ་ལྡན་པས། ནན་ཏན་གྱིས་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་དགོས་ཤིང་། ལག་བསྟར་དང་དངོས་འབེབས་གཏིང་ཟབ་བྱེད་དགོས། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་པོ་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། མི་རིགས་བསྐྱར་དར་གྱི་རླབས་ཆེན་ལས་དོན་སྒྲུ་པའི་སྐྱོད་ལམ་གསར་པའི་སྟེང་ཡང་བསྐྱར་བྱས་རྗེས་གསར་པ་འཇོག་པ་དང་། ཡང་བསྐྱར་འོད་སྟོང་འབར་བའི་ལོ་རྒྱུས་བསྐྲུན་དགོས།

ཀྲུང་ཧྭ་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་ཝང་ཏུང་མེན་གྱིས་ཚོགས་ཆེན་སྟེང་གཏམ་བཤད།

ཚོགས་ཆེན་རྔམ་བརྗིད་ལྡན་པའི་རྒྱལ་སྤྱིའི་གླུ་སྒྲའི་ཁྲོད་མཇུག་བསྒྲིལ།

ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱི་འབྲེལ་ཡོད་མགོ་ཁྲིད་བློ་མཐུན། རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ཀྱི་མགོ་ཁྲིད་པའི་ལས་འགན་ཁུར་མྱོང་བའི་སྔོན་ཆད་ཀྱི་བློ་མཐུན་རྒན་པ་བཅས་ཚོགས་ཆེན་ལ་ཞུགས།

ཀྲུང་དབྱང་ཏང་སྲིད་དམག་དམངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་པེ་ཅིང་གྲོང་ཁྱེར་གྱི་འགན་ཁུར་བློ་མཐུན། དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་ཁུར་མི་སྣ། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི། ཞིང་ཆེན་རིམ་པའི་སྤྱིའི་བཟོ་ཚོགས་ཀྱི་འཐུས་མི། 2025ལོའི་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་ལེགས་ཅན་དང་སྔོན་ཐོན་བྱ་བ་སྒྲུབ་མཁན། སྐབས་རིམ་བྱུང་གི་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་ལེགས་ཅན་དང་སྔོན་ཐོན་བྱ་བ་སྒྲུབ་མཁན་གྱི་འཐུས་མི་སོགས་མི་སྟོང་གསུམ་ལྷག་ཚོགས་ཆེན་ལ་ཞུགས།


མཉམ་སྤྱོད།