དེ་རིང་ནི2025ལོའི་ཟླ05པའི་ཚེས07ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་རྣམ་གཉིས་ཀྱིས་རྐང་ཚ་དང་མདའ་བཞི་རུ་བརྟག་ཞིབ་གནང་བ།

2025-05-03 20:16:52   |   183

རྩོམ་སྒྲིག ཀླུ་མོ་མཚོ།  ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།  བཤེར་འབེབས། རིན་ཆེན་ཚེ་རིང་། 


ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་རྣམ་གཉིས་ཀྱིས་རྐང་ཚ་རྫོང་དང་མདའ་བཞི་རྫོང་དུ་བརྟག་ཞིབ་གནང་སྐབས་སྤུས་ཚད་མཐོ་བའི་རྨང་གཞིའི་འགན་སྲུང་དང་བདེ་འཇགས་ཐོན་སྐྱེད་ལ་བརྟེན་ནས་མཚོ་སྔོན་པོ་དཔེ་སྟོན་ཁུལ་གསར་སྐྲུན་བྱ་བ་ཡང་བསྐྱར་སྐས་རིམ་གསར་བ་ཞིག་ཏུ་སླེབས་རྒྱུར་རམ་འདེགས་བྱེད་དགོས་པ་ནན་གྱིས་བསྟན།

ཟླ5པའི་ཚེས1ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་རྣམ་གཉིས་ཀྱིས་ཏང་ཀྲུང་དབྱང་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཉེ་དུས་ཀྱི་བདེ་འཇགས་ཐོན་སྐྱེད་བྱ་བར་དམ་འཛིན་བྱ་རྒྱུའི་སྐོར་གྱི་མཛུབ་སྟོན་བླང་བྱ་དང་། “ལྔ་གཅིག”རྫོགས་ལྡན་གཟའ་འཁོར་གྱི་ལྗོངས་ཁུལ་ལྗོངས་གནས་དང་འགྲིམ་འགྲུལ་བགྲོད་ལམ་གཙོ་བོའི་བདེ་འཇགས་ཐོན་སྐྱེད་བྱ་བར་དམིགས་ནས་མཚོ་སྔོན་པོའི་བྱང་ངོགས་ཀྱི་རྐང་ཚ་རྫོང་དང་མདའ་བཞི་རྫོང་དུ་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་བྱ་ཡུལ་གཏོད་པའི་བྱ་བར་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་སྐབས་སྤུས་ཚད་མཐོ་བའི་རྨང་གཞིའི་འགན་སྲུང་དང་བདེ་འཇགས་ཐོན་སྐྱེད་ལ་བརྟེན་ནས་མཚོ་སྔོན་པོ་དཔེ་སྟོན་ཁུལ་གསར་སྐྲུན་བྱ་བ་ཡང་བསྐྱར་སྐས་རིམ་གསར་བ་ཞིག་ཏུ་སླེབས་རྒྱུར་རམ་འདེགས་བྱེད་དགོས་པ་ནན་གྱིས་བསྟན།

f79b6e5782a98069cae3e1fd0b04147.jpg

45fce6c02f083137ae4b9b9248da0d5.jpg

ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་རྣམ་གཉིས་ཀྱིས་རྐང་ཚ་རྫོང་དུ་བྱ་གླིང་གི་བྱ་གཟིགས་གྲོང་རྡལ་ཆུང་ངུ་འཆར་འགོད་འཛུགས་སྐྲུན་འཕེལ་རིམ་དང་ཁེ་རམ་ཐང་སྐྱེ་ཁམས་ཉམས་ལེན་ཁུལ་གྱི་གཉེར་སྐྱོང་གནས་ཚུལ་ལ་བལྟས་ཤིང་། མདའ་བཞི་རྫོང་དུ་མཚོ་སྔོན་པོ་སྨོན་ལམ་མཐོན་པོ་སྒར་འདེབས་དང་སྒར་ཕྱིའི་རྟེན་གཞི། མཁའ་དམག་ས་གནམ་འཕུར་མདེལ་དམག་སྒར་བཅུ་གཉིས་པའི་གནའ་ཤུལ། བྱེ་མ་ལ་བདུན་སྐྱེ་ཁམས་ཉམས་ལེན་ས་ཚིགས་བཅས་སུ་དུས་མགོར་སྒྲུབ་སྐུལ་གནང་བའི་ལས་འགན་དོན་འཁྱོལ་བྱས་ཚུལ་ལ་བལྟས་ནས། ལྗོངས་གནས་སོ་སོའི་བྱ་བའི་སྙན་ཞུར་ཉན་པ་དང་། ལྗོངས་ཁུལ་སོ་སོའི་འགྲིམ་འགྲུལ་བགྲོད་ལམ་གཙོ་བོའི་གནས་སྐོར་ཞབས་ཞུའི་འགན་སྲུང་དང་བདེ་འཇགས་བྱེད་ཐབས་དོན་འཁྱོལ་སོགས་ཀྱི་བྱ་བར་ལྟ་སྐུལ་མཛུབ་ཁྲིད་གནང་ནས་བསྟན་དོན། མཚོ་སྔོན་པོའི“ཞལ་སྒོ་འབྱེད་པའི་དུས་ཚིགས”ཀྱི་མུ་འབྲེལ་བྱེད་སྒོ་སྤེལ་བ་དེས་མཚོ་བྱང་ཁུལ་གྱི2025ལོའི་མཚོ་སྔོན་པོའི་གནས་སྐོར་གྱི“མེ་མདའ་དང་པོ”བརྒྱབ་པ་དང་། མཚོ་སྔོན་པོའི་བྱང་ངོགས་ལ་ཞིང་ཆེན་ཕྱི་ནང་གི་གནས་སྐོར་བས་དགའ་བསུ་བླ་ལྷག་ཐོབ་ཡོད། ཁུལ་དང་རྫོང“རིམ་པ་གཉིས”ཀྱིས་རྒྱུན་མཐུད་སྒོས་ཟློས་མཐུན་མཉམ་འདར་བྱས་ཏེ“བྱ་གཟིགས་དུས་ཚིགས”དང“ཉ་གཟིགས་དུས་ཚིགས”སོགས་ཆེད་དོན་མུ་འབྲེལ་བྱེད་སྒོར་བརྟེན་ནས། མཚོ་སྔོན་པོའི་དུས་ཚིགས་ཧྲིལ་བོའི་གནས་སྐོར་ལ་སྐུལ་འདེད་གཏོང་བའི་ཐད་ཡང་བསྐྱར་ཐབས་ཇུས་བཟང་བོ་དང་ནུས་ཤུགས་བཏོན་ནས་མཚོ་སྔོན་པོའི་དཔེ་སྟོན་ཁུལ་གསར་སྐྲུན་བྱ་བའི་ནང་སྙིང་རྒྱུན་མཐུད་སྒོས་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས་ཟེར།  

03a533b906751726aef88ad1bee3eef.jpg

ea16c53d811a176b3f0c5c108ddaa34.jpg

ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་རྣམ་གཉིས་ཀྱིས་ནན་གྱིས་བསྟན་དོན། གཅིག་ནས་མཚོ་བྱང་གི་རིག་གནས་གནས་སྐོར་གྱི་ཁྱད་ཆོས་འབུར་དུ་ཐོན་དགོས་ཏེ།  མཚོ་བྱང་གི་ཁྱད་ལྡན་ཐོན་ཁུངས་ལ་བརྟེན་ནས། ཁྱད་ཆོས་ལྡན་པའི་རིག་གནས་གནས་སྐོར་བྱེད་སྒོ་གསར་གཏོད་བྱས་ཏེ་སྤེལ་དགོས། རྐང་ཚ་རྫོང་གིས་ཕན་དབྱང་མཚེའུ་སོགས་ས་ཁུལ་གྱི་སྔོན་ཐོན་ཉམས་མྱོང་སློབ་སྦྱོང་བྱས་ཏེ་བྱ་གླིང་དང་བུ་ཧ་ཆུ་བོའི་ཟམ་ཁ། དུས་བཞིའི་ངང་བའི་མཚེའུ་སོགས་བྱ་གཟིགས་བྱ་ཡུལ་འཛུགས་སྐྲུན་བྱེད་པར་སྐུལ་སྤེལ་བཏང་སྟེ་བྱ་གཟིགས་གྲོང་རྡལ་ཆུང་ངུ་མགྱོགས་མྱུར་སྒོས་བསྐྲུན་དགོས། མདའ་བཞི་རྫོང་གིས་བྱེ་མ་ལ་བདུན་གྱི་བྱེ་འགོག་བྱེ་བཅོས་དང་སྐྱེ་ཁམས་ཉམས་ཞིབ་ལམ་ཐིག་ལུགས་མཐུན་གྱིས་འཆར་འགོད་དང་། ཕུལ་བྱུང་སྐྱེ་ཁམས་འགྲེལ་བཤད་པ་གསོ་སྐྱོང་བྱེད་དགོས་ཤིང་། སྒར་གཞི་བཅུ་གཉིས་པའི་ཉམས་ཞིབ་ལམ་ཐིག་སྒྱུར་བཀོད་བྱ་བར་མགྱོགས་མྱུར་སྒོས་སྐུལ་འདེད་གཏོང་བ། དྲིལ་སྒྲོག་ངོ་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་སློབ་མས་གསར་བརྗེའི་ཉམས་ཞིབ་བྱེད་སྒོ་སྤེལ་བའི་ཡིད་དབང་བཀུག་ནས་གནས་སྐོར་བའི་ཉམས་ཞིབ་ལྟ་སྐོར་གྱི་དགོས་མཁོ་བསྐང་དགོས། ལྗོངས་ཁུལ་སོ་སོར་ལྕགས་རྟ་བོགས་གཏོང་གི་ཞབས་ཞུ་མཁོ་འདོན་བྱས་ནས་གནས་སྐོར་བས་བདེ་ཐང་ངང་ལྕགས་རྟ་སྐོར་བའི་བྱེད་སྒོ་སྤེལ་རྒྱུར་སྐུལ་མ་གཏོང་བ་དང་གནས་སྐོར་ལས་རིགས་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས། གཉིས་ནས་སྒྲིག་བཀོད་འགན་སྲུང་བྱེད་ནུས་ཆེ་རུ་གཏོང་དགོས་ཏེ། དུས་ཚོད་དམ་འཛིན་དང་ལས་རིམ་ལྡོག་སྒྲིག་ལ་བརྟེན་ནས་གནས་སྐོར་རྫོགས་ལྡན་དུས་ཚིགས་ཀྱི་སྔོན་དུ་ལྗོངས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱ་བ་ལེགས་འགྲུབ་བྱེད་དགོས། ཁྱོན་ཡོངས་ནས་སྨོན་ལམ་མཐོན་པོ་སྐྱེ་ཁམས་གནས་སྐོར་དང་གསར་བརྗེའི་ཉམས་ཞིབ་རྟེན་གཞིའི་གནས་སྐོར་ཞབས་ཞུའི་ལྟེ་གནས་འཛུགས་སྐྲུན་གྱི་ལས་གཞིར་སྐུལ་འདེད་གཏོང་བ་དང་། ལྗོངས་ཁུལ་སོ་སོའི་ཡུལ་སྐོར་སྤྱི་པའི་གསང་སྤྱོད་དང་རླངས་འཁོར་འཇོག་ས་སོགས་སྒྲིག་བཀོད་ཆ་ཚང་ལེགས་འགྲུབ་བྱས་ཏེ་ཡུལ་སྐོར་བར་ཞབས་ཞུ་བྱེད་པའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་དགོས། ཞིང་ཆེན་ལམ207དང་། 208དང་། 304བཅས་ཀྱི་བསྐྱར་སྐྲུན་རྒྱ་བསྐྱེད་བཟོ་སྐྲུན་ལག་བསྟར་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། དུས་བཀག་ལྟར་སྨོན་ལམ་མཐོན་པོའི་རི་མགོར་བསྐྱོད་པའི་བགྲོད་ལམ་སྟེང་སྣུམ་སྙིགས་དང་ཨར་འདམ་འདིང་བའི་བྱ་བ་ལེགས་འགྲུབ་བྱེད་དགོས། ཝ་མདོ་ཉག་ཁ་ནས་སྨོན་ལམ་མཐོན་པོའི་རི་རྩེ་བར་གྱི་གཞུང་ལམ་དུས་བཀག་ལྟར་འཛུགས་སྐྲུན་བྱེད་མགོ་བརྩམ་པར་བརྩོན་ལེན་བྱེད་པ་དང་། ཁུལ་ཡོངས་ཀྱི་གནས་སྐོར་གཞུང་ལམ་རྒྱུད་དུ་རླངས་འཁོར་འཇོག་ས་མང་དུ་བཏང་ནས་གནས་སྐོར་བས་ས་ཁོངས་ཧྲིལ་བོའི་ཡུལ་ལྗོངས་ལ་ལྟ་སྐོར་བྱེད་པའི་དགོས་མཁོ་བསྐང་སྟེ། རིག་གནས་དང་གནས་སྐོར་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་དགོས། གསུམ་ནས་བདེ་འཇགས་ཐོན་སྐྱེད་ཀྱི་མ་མཐའི་མཚམས་ཐིག་བརྟན་སྲུང་བྱེད་དགོས་ཏེ། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ལྗོངས་ཁུལ་ལྗོངས་གནས་དང་མི་སྣ་འདུས་སྡོད་ཆེ་བའི་གནས་ཡུལ། ཨར་སྐྲུན་བྱ་ཡུལ། བགྲོད་ལམ་འགྲིམ་འགྲུལ་སོགས་གཙོ་གནད་ལས་རིགས་དང་མངའ་ཁོངས་ལ་དོ་སྣང་ཆེན་པོ་བྱས་ཏེ་ཕྱོགས་ཡོངས་ནས་ཞིབ་བཤེར་བཅོས་སྒྲིག་བྱས་ཏེ་དུས་ཐོག་ཏུ་བདེ་འཇགས་ཀྱི་བྱུར་རྐྱེནསེལ་ནས་རྒྱ་ཆེའི་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་ལེན་བྱེད་དགོས། འགོག་སེལ་ཟུང་འབྲེལ་བྱས་ནས་གནས་སྐོར་བ་བཀུག་ནས་གནས་སྐོར་ཁྲོམ་རའི་སྒྲིག་ལམ་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། མི་སྒེར་གྱིས་བགྲོད་ལམ་གཏོད་པ་དང་རང་དགར་དངུལ་བསྡུ་བའི་བྱ་སྤྱོད་བཀག་སྡོམ་ནན་མོ་བྱེད་པ་དང་གནས་སྐོར་རྙོག་འཛིང་གི་གནད་དོན་མཐའ་གཅིག་ཏུ་སྔོན་འགོག་བྱས་ཏེ་གནས་སྐོར་བར་གནས་སྐོར་གྱི་འཛད་སྤྱོད་ཁོར་ཡུག་བཟང་བོ་མཁོ་འདོན་བྱས་ནས་གནས་སྐོར་བའི་བློ་ཡིད་ཚིམ་ཚད་དང་ཉམས་ལེན་གྱི་ཚོར་བ་མཐོ་རུ་གཏོང་དགོས་ཟེར།

54b59232515acdf131c1a1f6834770c.jpg

25700d71cf0db20cc680561061af211.jpg

ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་རྣམ་གཉིས་ཀྱིས་རྐང་ཚ་རྫོང་མཚོ་འཁྱིལ་ཡུལ་ཚོའི“རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང”ཚེ་བྷོ་ཡི་ཁྱིམ་དུ་ཁོ་ལ་དུས་ཆེན་གྱི་བཀྲ་ཤིས་སྨོན་འདུན་ཞུས་པ་དང་། ཁོས་ངལ་རྩོལ་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་སྡེ་མིའི་སྣེ་ཁྲིད་ནས་ཕན་ནུས་ཆེ་བའི་གསོ་སྤེལ་ལ་བརྟེན་ནས་ཡོང་འབབ་བརྟན་པོའི་ངང་འཕར་སྣོན་ཡོང་བར་སྐུལ་སྤེལ་གཏོང་བ་དང་། སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་རྒྱུར་རོགས་རམ་བྱེད་པ། ངལ་རྩོལ་དཔེ་བཟང་གི་སྙིང་སྟོབས་བརྒྱུད་སྤྲོད་བྱས་ཏེ་མཚོ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཐབས་འདོན་ཇུས་འབུལ་བྱེད་དགོས་པའི་སྐུལ་ལྕག་གནང་། སྟོང་སྐོར་ནས་ནུབ་མཚོ་བར་གྱི་མྱུར་བགྲོད་གཞུང་ལམ་ལས་གཞིའི་ཚད་གཞི3པའི་ཧུང་ཀྲོང་ཟམ་ཆེན་གྱི་ཨར་ལས་བྱ་ཡུལ་དུ་དུས་ཆེན་སྐབས་ལས་གནས་བརྟན་སྲུང་བྱེད་མཁན་གྱི་ལས་མི་ལ་དུས་ཆེན་གྱི་བཀྲ་ཤིས་སྨོན་འདུན་དང་འཚམས་འདྲི་གནང་ནས། ཁོ་ཚོར་བདེ་འཇགས་ཨར་ལས་ལ་ཤུགས་བསྣན་ཏེ་བཟོ་སྐྲུན་ལས་ཆོད་ཆེ་ཞིང་དུས་བཀག་ལྟར་ལེགས་འགྲུབ་ཡོང་བའི་འགན་ལེན་བྱེད་དགོས་པའི་བཀའ་བཀོད་གནང་།

ཁུལ་གྱི་མགོ་ཁྲིད་ཀྲང་ཐའོ་དང་ཧན་ཧྲི་བརྟག་ཞིབ་ལ་ཞུགས།


མཉམ་སྤྱོད།