དེ་རིང་ནི2025ལོའི་ཟླ05པའི་ཚེས06ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཤ་བོ་སྐྱབས་ཀྱིས་སེམས་ཉིད་རྒྱལ་ཁབ་ནཊ་ཚལ་སྤྱི་གླིང་དུ་བརྟག་ཞིབ་གནང་།

2025-05-05 20:42:12   |   79

རྩོམ་སྒྲིག མཁའ་འགྲོ་མཚོ།  ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ5པའི་ཚེས་ཉིན3ནས་ཚེས་ཉིན4བར། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་མདོ་ལ་རི་བོ་སེམས་ཉིད་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་གི་ལྟེ་བའི་ཁུལ་དུ་ཕྱིན་ཏེ་ཡུལ་དངོས་ནས་དུས་མགོར་སྒྲུབ་སྐུལ་གནང་བའི་ལས་འགན་དོན་འཁྱོལ་བྱས་ཚུལ་ལ་བལྟས་ཤིང་། སྐྱེ་ཁམས་གནས་སྐོར་དང་གྲོང་གསེབ་དར་སྤེལ། ནགས་རྩྭ་དཔོན་ལམ་ལུགས་དོན་འཁྱོལ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གནང་ནས་ནན་གྱིས་བསྟན་དོན། “རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་དང་གངས་རི་འཁྱགས་ཀླུང་ཡང་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་ལག་བསྟར་གཏིང་ཟབ་བྱས་ཏེ། ལྗང་མདོག་རྒྱ་སྐྱེད་དང་ལྗང་མདོག་དར་རྒྱས། ལྗང་མདོག་སྲུང་སྐྱོབ་བཅས་ཀྱི“ལྗང་མདོག་གསུམ”མཉམ་དུ་སྤེལ་བ་རྒྱུན་འཁྱོངས་བྱས་ནས། ནགས་ཚལ་གྱི་ཆུ་མཛོད་དང་དངུལ་མཛོད། འབྲུ་མཛོད། ཐཱན་མཛོད་བཅས“མཛོད་བཞི”མཉམ་འགུལ་ལ་སྐུལ་འདེད་བཏང་སྟེ། ནགས་ཀློང་གི་ཐོན་ཁུངས་ལེགས་ཆར་གཞི་ཚུགས་ནས་ནུས་ཤུགས་ཡོད་རྒུས་མཐོ་སྒང་ནགས་ཚལ་ཁམས་གསོའི་གནས་སྐོར་ཐོན་ལས་བཏོད་དེ་ཐོན་ཁུངས་ཀྱི་ལེགས་ཆ་དེ་རྒྱུན་ཆད་མེད་པར་འཕེལ་རྒྱས་ཀྱི་ལེགས་ཆར་བསྒྱུར་དགོས་ཟེར། 

图片1.png

ཤ་བོ་སྐྱབས་མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་སྟག་ལུང་འགག་ལྗོངས་ཁུལ་དང་ཀྱུ་ཡངས་འགག་ལྗོངས་ཁུལ། གངས་ལུང་བྲག་ཕུག་ལྗོངས་ཁུལ། དགོན་ལུང་དོ་དམ་སྲུང་སྐྱོབ་ས་ཚིགས། ཆི་ཧན་ཁའེ་རི་སྐྱེས་སྲོག་ཆགས་མྱུར་སྐྱོབ་ས་ཚིགས་སོགས་སུ་ཕྱིན་ཏེ་སྐྱེ་ཁམས་སྲུང་སྐྱོབ་དང་ལྗོངས་ཁུལ་གཉེར་སྐྱོང་། ཞབས་ཞུ་འགན་ལེན་བཅས་ཀྱི་བྱ་བར་རྒྱུས་ལོན་ཞིབ་ཕྲ་གནང་ནས་བསྟན་དོན། འཇུ་ལག་རྫོང་ནི་ཟི་ལིང་དང་ལམ་ཐག་ཆུ་ཚོད་གཅིག་གི་དཔལ་འབྱོར་ཁུལ་དུ་གནས་ཤིང་། ཟི་ལིང་དང་མཚོ་ཤར་སོགས་ས་ཁུལ་གྱི“ལྟག་རྒྱབ་ཀྱི་མེ་ཏོག་ལྡུམ་ར”ཞིག་ཡིན། སེམས་ཉིད་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་ནི་སེམས་ཉིད་དང་འབྲུ་གུ། ཤར་ཐང་བཅས་ཡུལ་ཚོ་དང་གྲོང་རྡལ་བརྒལ་ཞིང་། སྤྱིའི་རྒྱ་ཁྱོན་ལ་མུའུ་ཁྲི395.18ཡོད་ཅིང་། ནགས་རྩྭའི་ཁེབས་ཚད95%ལས་བརྒལ་ལ། དབྱང་རླུང་དང་གྱེས་རྡུལ་གྱི་འདུས་ཚད་མཐོ་བས་མཚོ་སྔོན་གྱི་ནགས་ཁུལ་དང་སྐྱེ་དངོས་ཐོན་ཁུངས་ཀྱི་གཞི་རྒྱུ་མཛོད་ཆེ་ཤོས་དེ་ཡིན་ཟེར་ཞོར་ནན་གྱིས་བསྟན་དོན། ལན་ཞིན་མྱུར་བགྲོད་ལྕགས་ལམ་དང་རྒྱལ་ལམ338། མན་ཏ། རྒྱ་ཏིག་ནས་ནུབ་མཚོའི་བར་གྱི་མྱུར་ལམ་སོགས་འགྲིམ་འགྲུལ་གྱི་ལེགས་ཆ་དང་ཕུན་སུམ་ཚོགས་པའི“ནགས་ཀློང”ཐོན་ཁུངས་ལ་བརྟེན་ནས། ཚན་རིག་དང་མཐུན་པའི་སྒོ་ནས་མཐོ་སྒང་ནགས་ཚལ་ཁམས་གསོའི་གནས་སྐོར་ཐོན་ལས་འཆར་འགོད་བྱེད་དགོས་ཤིང་། “ནགས་ཚལ་ཁམས་གསོ+”རྣམ་པ་རྒྱ་སྐྱེད་བཏང་སྟེ། མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་རང་བྱུང་སློབ་གྲྭ་དང་མཉམ་འདྲེས་གཏིང་ཟབ་བྱས་ནས་ནགས་ཚལ་ཁམས་གསོའི་མིང་བྱང་དང་དཔལ་འབྱོར་གྱི་འཕར་གཞི་གསར་བ་གཏོད་དགོས། ནོར་དཀར་དང་གླ་བའི་ཁྱད་ལྡན་གསོ་སྤེལ། ལུག་གྲོད་ཤ་མོ། བེ་ཤ དམར་ཤ སྟར་བུ་སོགས་འདེམ་སྒྲུག་ལས་སྣོན་གཞི་གཅིག་ཏུ་གྱུར་བའི་སྣ་མང་གི་ནགས་འདབས་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་སྐྱེ་ཁམས་དང་དཔལ་འབྱོར་གྱི་ཕན་འབྲས་གཉིས་མཐོ་རུ་གཏོང་བ་མངོན་འགྱུར་བྱེད་དགོས། བྱ་ཝང་སྔོན་པོ་དང་བྱ་ཝང་དཀར་པོ་སོགས་རྩ་ཆེའི་སྐྱེ་དངོས་རིགས་དོ་དམ་སྲུང་སྐྱོབ་དང་སྐྱོབ་བཅོས་ཀྱི་གྲུབ་འབྲས་ལ་བརྟེན་ནས་རང་བྱུང་ཚན་རིག་ཁྱབ་གདལ་གྱི་སློབ་གསོ་དང་བྱ་གཟིགས་པར་ལེན་བྱ་ཡུལ་བསྐྲུན་དགོས། འགྲིམ་འགྲུལ་དང་འཕྲིན་གཏོང་། མཁོ་བསྟུན། རོགས་སྐྱོབ་ས་ཚིགས་སོགས་ཀྱི་སྒྲིག་བཀོད་རྒྱུན་མཐུད་སྒོས་འཐུས་ཚང་དུ་གཏོང་བ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ནགས་ཚལ་ཁམས་གསོ་མགྲོན་ཁང་དང་སྒར་འདེབས་བྱ་ཡུལ་འཆར་འགོད་དང་འཛུགས་སྐྲུན་བྱས་ཏེ། ཞབས་ཞུའི་འགན་སྲུང་དང་གནས་སྐོར་བདེ་འཇགས་ནུས་པའི་ཆུ་ཚད་མཐོ་རུ་གཏོང་དགོས། “ཀྲུང་གོའི་གནས་སྐོར་ཉིན་མོ”སོགས་དུས་ཚིགས་གལ་ཆེན་ལ་དམ་པོར་དམིགས་ཏེ་ཀྲུང་དབྱང་དང་ཞིང་ཆེན་གྱི་སྨྱན་སྦྱོར་དང་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། ཟི་ལིང་དང་མཚོ་ཤར་གྲོང་ཁྱེར་དུ་དྲིལ་སྒྲོག་དང་ངོ་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་དགོས། མེ་ཏོག་གི་མཛེས་པར་རོལ་བཞིན་རྐང་བགྲོད་བྱེད་པ་དང་ཚ་གཡོལ་རི་འཛེག མེ་ཏོག་ལ་ལྟ་བ་དང་པར་ལེན་སོགས་བརྗོད་དོན་བྱེད་སྒོ་སྤེལ་རྒྱུའི་འཆར་འགོད་བྱེད་དགོས། ཧུའུ་ཀྲུའུ་པེ་ལུང་རི་བོ་སོགས་མཐའ་འཁོར་གྱི་ལྗོངས་ཁུལ་དང་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་སྟེ་ས་ཁོངས་ལས་བརྒལ་བའི་ལམ་ཐིག་དང་སྤ་སེ་མཉམ་འབྲེལ་གཟིགས་སྐྱོང་བཏོན་དེ་ཐོན་ཁུངས་མཉམ་སྤྱོད་དང་འགྲུལ་ཁུངས་ཕན་ཚུན་སྐྱེལ་སྤྲོད་བྱེད་པ་མངོན་འགྱུར་བྱེད་དགོས་ཟེར།

图片2.png

སེམས་ཉིད་ནགས་རའི་སྣེ་ལེན་ཁང་དང་སེམས་ཉིད་ཡུལ་ཚོའི་བདེ་ཐང་རྒན་གསོ་ཁམས་གསོ་ལྟེ་གནས། སེམས་ཉིད་ཡུལ་ཚོའི་བཅའ་སྡོད་སློབ་ཆུང་། འབྲུ་གུ་ཡུལ་ཚོ་སྟེ་གྱོ་སྡེ་བ་བཅས་སུ་ཤ་བོ་སྐྱབས་ཀྱིས་ཡུལ་དངོས་ནས་གྲོང་གསེབ་ཀྱི་གནས་སྐོར་འཕེལ་རྒྱས་ཀྱི་གནས་ཚུལ་ལ་ལྟ་ཞིབ་བྱས་ནས་ནན་གྱིས་བསྟན་དོན། གསར་བརྗེའི་ཉམས་ཞིབ་དང་སྐྱེ་ཁམས་སློབ་གསོ་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་ད་ཡོད་ཀྱི་རྒྱུ་ནོར་ནུས་ལྡན་སྒོས་གསོན་སྒྱུར་བེད་སྤྱོད་བྱེད་དགོས། ཏང་ཡོན་སློབ་གསོ་དང་སྐྱེ་ཁམས་དཔལ་ཡོན་སློབ་གསོ། གྲོང་གསེབ་དར་སྤེལ་གྱི་འཇོན་མི་གསོ་སྦྱོང་སོགས་ལ་དམིགས་ཏེ། ཁུལ་ཨུ་དང་རྫོང་ཨུའི་ཏང་གི་སློབ་གྲྭ་དང་འབྲེལ་གཏུག་དང་སྦྲེལ་མཐུད་ལ་ཤུགས་བསྣན་ཏེ་ཁྱད་ཆོས་མངོན་གསལ་དོད་པའི་སེམས་ཉིད་ཏང་གི་སློབ་གྲྭ་འཕེལ་རྒྱས་དང་མཐོར་འདེགས་བཏང་སྟེ་འབྲུ་གུ་ཡུལ་ཚོའི་སྐྱེ་ཁམས་དཔལ་ཡོན་སློབ་གྲྭ་འཚོལ་ཞིབ་བྱས་ནས་འཛུགས་དགོས། Aརིམ་པའི་ལྗོངས་ཁུལ་གསར་སྐྲུན་བྱེད་པ་འགག་གནད་སྒྲོལ་སར་བྱས་ཏེ་ལྗོངས་ཁུལ་གྱི་སྒྲིག་བཀོད་རིམ་སྤོར་ལ་གཅིག་གྱུར་གྱིས་སྐུལ་འདེད་གཏོང་དགོས་ཤིང་། རོང་འབྲོག་པ་འབྲེལ་ཡོད་ཐོན་ལས་གཉེར་སྐྱོང་ནང་གཏིང་ཟབ་ཞུགས་རྒྱུར་སྐུལ་མ་བཏང་སྟེ། ས་ཁོངས་ཀྱི་རིག་གནས་ཁྱད་ཆོས་ལྡན་པའི་རོང(འབྲོག)ཁྱིམ་སྤྲོ་སྐྱིད་ཁང་གི་ཆས་རྟགས་གསོ་སྐྱོང་བྱས་ནས་མང་ཚོགས་ལ་སྒོ་འགྲམ་དུ་ཡོང་སྒོ་འཚོལ་དུ་འཇུག་དགོས། སྡོང་འཛུགས་ནགས་སྐྲུན་གྱི“དུས་ཚོད་བཟང་བོ”དམ་འཛིན་བྱས་ཏེ་ནགས་ཚལ་གསོ་སྐྱོང་དང་ལྗང་བུ་གསོ་ཚགས་འཛུགས་སྐྲུན་བྱ་བ་དམ་འཛིན་བྱེད་པ་དང་། “ལམ་གཅིག་ལ་ཡུལ་ལྗོངས་གཅིག་དང་སྡེ་བ་གཅིག་ལ་དབྱངས་རྟ་གཅིག”གི་སྐྱེ་ཁམས་ཡུལ་ལྗོངས་གཏོད་དགོས་ལ། “ཆུ་བོ་དྭངས་བ་དང་ལམ་གྲལ་དག ཡུལ་ལྗོངས་མཛེས་པ”བཅས་ཀྱི་སྐྱེ་ཁམས་ཀྱི་གཞི་མདོག་ཇེ་གསལ་དུ་བཏང་ནས་བསྟུད་མར་ལོ་བཞིའི་རིང་ཀྲུང་གོའི་ཆེས་མཛེས་པའི་རྫོང་ཁོངས་ལ་བདམས་པའི་ཆས་རྟགས་རྒྱུན་མཐུད་སྒོས་གཏོད་དགོས་ཟེར།

图片3.png

ཤ་བོ་སྐྱབས་ཀྱིས་མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་དགོན་ལུང་དོ་དམ་སྲུང་སྐྱོབ་ས་ཚིགས་སུ་ལས་རེས་ལས་སྲུང་མི་སྣར་འཚམས་འདྲི་གནང་བ་དང་། ནགས་རྩྭ་དཔོན་གྱི་འགན་འཁྲི་ནན་དུ་བཏང་ནས་དོ་དམ་སྲུང་སྐྱོབ་པའི་ནུས་པ་འདོན་སྤེལ་བྱས་ཏེ་ནགས་ཚལ་གྱི་ཐོན་ཁུངས་དོ་དམ་སྲུང་སྐྱོབ་ལ་ཤུགས་སྣོན་དགོས་པའི་བླང་བྱ་བཏོན། དེའི་རིང་། ཧུའུ་ཀྲུའུ་པེ་ལུང་རི་བོར་བསྐྱོད་དེ་རྟོག་ཞིབ་དང་སློབ་སྦྱོང་བྱས།

图片4.png 

ཁུལ་གྱི་མགོ་ཁྲིད་ཚོ་ཅི་ཆང་བརྟག་ཞིབ་ལ་ཞུགས།


མཉམ་སྤྱོད།