དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་གིས་གུན་ཚབ་ལས་སྤྲོད་ཀྱི་ཀྲུང་དབྱང་ནོར་སྲིད་ཀྱི་རོགས་སྐྱོར་མ་དངུལ་སྒོ་ཁྲི730བརྩོན་བྱས།

2023-01-16 08:49:20   |   122

སྒྲིག་སྒྱུར།  སངས་དོན།


གུན་ཚབ་ལས་སྤྲོད་ནི་སྲིད་གཞུང་གིས་མ་དངུལ་བཏང་ནས་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་དང་། གྱོང་གུན་ཐེབས་མཁན་དེ་བཟོ་སྐྲུན་འཛུགས་སྐྲུན་ལ་ཞུགས་པར་སྐུལ་སློང་བྱས་ཏེ། ངལ་རྩོལ་གྱི་ཐོབ་ཆ་ལེན་པ་ལ་བརྟེན་ནས་ཐད་ཀར་རྒུད་སྐྱོབ་ཀྱི་ཚབ་བྱེད་པའི་རོགས་སྐྱོར་སྲིད་ཇུས་ཤིག་ཡིན། ཉེ་བའི་ལོ་འགའི་རིང་། ཁུལ་ཨུ་སང་ཁུལ་སྲིད་གཞུང་གིས་གུན་ཚབ་ལས་སྤྲོད་ལས་གྲྭར་མཐོང་ཆེན་བྱས་ཏེ། དུས་དང་རྣམ་པ་ཀུན་ཏུ་དབུལ་ཐར་ས་ཁུལ་གྱི་འབུར་དུ་ཐོན་པའི་གནད་དོན་དང་དཀའ་ངལ་གཙིགས་སུ་བཟུང་བ་དང་། མུ་མཐུད་དུ་གུན་ཚབ་ལས་སྤྲོད་ལས་གཞི་ཡིས་ཡོང་སྒོ་དམའ་བའི་མི་འབོར་དེ་རང་ས་རང་ཡུལ་ནས་ལས་ཞུགས་བྱས་ནས་ཡོང་སྒོ་འཕར་སྣོན་བྱེད་པར་སྐུལ་འདེད་དང་། གུན་ཚབ་ལས་སྤྲོད་ཀྱི་སྲིད་ཇུས་ཀྱི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་དང་བྱེད་བཞིན་ཡོད། 

ཉེ་ཆར། མཚོ་བྱང་ཁུལ་འཕེལ་བཅོས་ཨུས་ཧུར་ཐག་གིས་གོང་རིམ་ལ་སྙན་ཞུ་དང་འབྲེལ་མཐུད་བྱས་པ་བརྒྱུད། གུན་ཚབ་ལས་སྤྲོད་ཀྱི་ཀྲུང་དབྱང་ནོར་སྲིད་ཀྱི་མ་དངུལ་སྒོར་ཁྲི730བརྩོན་ལེན་བྱས་ཡོད། མིག་སྔར།  མ་དངུལ་གཏོང་བའི་འཆར་གཞི་བཟོས་ནས་རྫོང་སོ་སོས་དབུལ་ཐར་མང་ཚོགས་དང་དེ་བཞིན་ཡོང་སྒོ་དམའ་བའི་མི་འབོར་རྩ་འཛུགས་ཀྱིས་ལས་གྲྭ་འཛུགས་སྐྲུན་ལ་ཞུགས་པའི་ཐད་དོན་དངོས་ཀྱི་བླང་བྱ་དང་བྱེ་བྲག་གི་ཚད་གཞི་ཁ་གསལ་བཏོན་པ་དང། རོང་འབྲོག་ཁུལ་གྱི་དབུལ་ཐར་མང་ཚོགས་དང་དེ་བཞིན་ཡོང་སྒོ་དམའ་བའི་མི་འབོར་དེ་རང་གི་སྒོ་ཁ་ནས་ལས་གྲྭ་འཛུགས་སྐྲུན་ལ་ཞུགས་པ་དང་ངལ་རྩོལ་གྱི་ཡོང་སྒོ་ལེན་པར་སྐུལ་མ་བཏང་ནས།  གུན་ཚབ་ལས་སྤྲོད་ཀྱིས་ཁྱོན་ཡོངས་ནས་གྲོང་གསེབ་དར་སྤེལ་ལ་རོགས་སྐྱོར་བྱེད་པའི་གལ་ཆེའི་བྱེད་ནུས་ཕན་འབྲས་ལྡན་པའི་སྒོ་ནས་འདོན་སྤེལ་བྱས། 


མཉམ་སྤྱོད།